དགེ་རྒན་ལགས།

ཁ་བ་ན་རོ།        2022-09-11

འཇིག་རྟེན་སྣང་བར་བྱེད་པའི་ཉི་འོད།

སློབ་བུ་དག་གི་བློ་ཁོག་སེལ་བའི་འོད་སྣང་།

སློབ་བུ་དག་གི་མི་ཚེ་ལ་མཚར་སྡུག་

སྐྲུན་མཁན་གྱི་ལམ་སྟོན།

དགེ་རྒན་ལགས།

སློབ་བུ་དང་དཔེ་ཆའི་གསེང་ནས།

ས་སྨྱུག་དང་སྒོ་སམ་བར་ནས།

ཁྱོད་ཀྱི་མི་ཚེ་སློབ་བུའི་སྟེང་ཟད་ཡོད་ལ།

ཁྱོད་ཀྱི་གཏམ་རྒྱུད་སྒོ་སམ་སྟེང་བྲིས་ཡོད།

དགེ་རྒན་ལགས།

ཁྱོད་ནི་ཤེས་རིག་ལ་དགའ་ཞིང་།

ཁྱོད་ནི་སློབ་བུ་ལ་དུངས་པས།

ཁྱོད་ཀྱིས་སློབ་བུ་ཚོའི་དཔེ་ཀློག་གི་དབྱངས་

རྟའི་ཁྲོད་མི་ཚེ་བསྐྱལ་ཅིང་།

ཁྱོད་ཀྱིས་སློབ་བུ་ཚོའི་ཨ་ཀྱོག་པ་ཀྱོག་

གི་ལས་བྱའི་ཁྲོད།

མི་ཚེ་ཡི་གླེགས་བམ་བྲིས་ཡོད།

དགེ་རྒན་ལགས།

ཁྱོད་ཀྱིས་ནམ་རྒྱུན་སློབ་ཁང་གྲུ་བཞིའི་ནང་

སློབ་བུ་དག་སེམས་ཀྱིས་

འཚོས་ནས།

ངག་ལས་ཤེས་རིག་གི་ལེགས་བཤད་ཤར།

སློབ་བུའི་ཕུགས་བསམ་ལ་རེ་

བའི་གཤོག་པ་བཙུགས།

རྨོངས་པའི་སེམས་པར་བྱི་དོར་བྱེད་དུས།

ཁྱོད་ཀྱི་བློ་སྤོབས་ནི་ཅི་འདྲའི་མཐོ་ཞིང་།

ཁྱོད་ཀྱི་བློ་ཁོག་དེ་ཅི་འདྲའི་ཡངས་པ་ལ་ཨང་།

དགེ་རྒན་ལགས།

ཁྱོད་ནི་སློབ་ཁང་གྲུ་བཞིའི་ཁྲིད་སྟེགས་

སྟེང་བསྡད་དེ།

སློབ་བུ་ཚོར་རིག་པའི་སྦྲང་རྩི་བསྩོལ་དུས།

མི་ཚེ་ནི་ཅི་འདྲའི་རིན་ཐང་ཆེ་ལ།

ཅི་འདྲའི་ཕུགས་འདུན་ཟབ་པ་ལ་ཨང་།

དགེ་རྒན་ལགས།

ཁྱོད་ཀྱིས་སློབ་བུ་གང་མང་གི་རྨོངས་

མུན་གྱི་སེམས་པ་ལ།

འོད་སྣང་ལམ་ལམ་གྱི་སྒོ་གླེགས་འབྱེད་ཡོད་ལ།

ཁྱོད་ཀྱིས་སློབ་བུ་གང་མང་གི་ཀྱག་

ཀྱོག་གི་ཕུགས་ལམ་ལ།

དྲང་ཤུར་ཤུར་གྱི་ལམ་བུ་གསར་པ་ཞིག་བསྐྲུན་ཡོད།

དགེ་རྒན་ལགས།

ཁྱོད་ཀྱིས་ཀུ་རེ་རྩེད་མཚར་དང་འབྲེལ་ནས་སློབ་

བུ་ཚོའི་སེམས་པ་

བཀུག་སྟེ།

མཁས་པའི་གཏམ་རྒྱུད་དང་འབྲེལ་ནས་མི་

ཚེ་ཡི་བསླབ་བྱ་གནངས།

ས་སྐྱ་ལེགས་བཤད་དང་འབྲེལ་ནས་འཇིག་རྟེན་

གནས་ལུགས་བརྗོད།

དུས་དེ་རིང་ད་དུང་།

སློབ་བུ་ཚོའི་ཕུགས་བསམ་དང་མི་ཆོས་ཀུན་སྤྱོད་

ཀྱི་སྲུང་འཁོར་དུ་གྱུར་ཡོད།

དགེ་རྒན་ལགས།

བསམས་ཤིང་བསམ་ན།

ཁྱེད་ནི་སེར་ལམ་ལམ་གྱི་ཉི་མ་དེ་ཡིན་ལ།

ཁྱེད་ནི་དཀར་གསལ་གསལ་ཀྱི་ཟླ་བ་དེ་ཡིན།



  • ལེ་ཚན་སྔོན་མ།:ལས་ཀྱི་སྣེ་མོར་སིམས་པའི་རོལ་དབྱངས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།