ཟོལ་མེད་ཀྱི་བརྩེ་སེམས་བཅངས་ནས་ལྕགས་ཟམ་ཁར་གཅེས་སེམས་ཕུལ།

རྟ་མགྲིན་རྡོ་རྗེས་བསྒྱུར།        2022-09-19

རང་ཁུལ་གྱི་རྫོང(གྲོང་ཁྱེར)དང་ཁེ་ལས(ཚོང་ཚོགས)ཀྱིས་ལྕགས་ཟམ་ཁའི་ས་འགུལ་གནོད་སྐྱོན་ཐེབས་ཁུལ་ལ་དངུལ་དང་དངོས་ཟོག་ཞལ་འདེབས་ཕུལ།

ཁུལ་རིམ་པའི་ལས་ཁུངས།

སྤྱི་ཟླ9པའི་ཚེས12ཉིན། གསར་འགོད་པས་ཁུལ་ཐད་གཏོགས་ལས་དོན་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར་གཞིགས་ན།སྤྱི་ཟླ9པའི་ཚེས5ཉིན་ལྕགས་ཟམ་རྫོང་དུ་ས་འགུལ་རིམ་པ6.8བྱུང་རྗེས། ཁུལ་ཐད་གཏོགས་ལས་དོན་ཨུ་ལྷན་གྱིས་ཁུལ་རིམ་པའི་ལས་ཁུངས་ཀྱི་རྒྱ་ཆེའི་ཏང་མི་ལས་བྱེད་པར་ཞལ་འདེབས་འབུལ་བའི་གྲོས་འགོ་བཏོན་པ་དང་། ཁུལ་རིམ་པའི་ལས་ཁུངས་ཀྱི་ཏང་མི་ལས་བྱེད་པ་ཧུར་ཐག་ཞུགས་ནས་གནོད་ཐེབས་ཁུལ་གྱི་མི་དམངས་ལ་གཅེས་སེམས་ཕུལ་བ་རེད། ད་སྔའི་བར་ཁུལ་རིམ་པའི་ལས་ཁུངས78དང་ཞིང་ཆེན་ཁུལ་ཁོངས་གཏོགས་ཀྱི་ཁེ་ལས་དང་དོན་ལས་སྡེ་ཚན་གྱི་ཏང་མི་ལས་བྱེད་པ7872ཀྱིས་རང་མོས་ངང་ཞལ་འདེབས་སྒོར་ཁྲི209.903223ཕུལ་བ་རེད།

ཁུལ་ཐད་གཏོགས་ལས་དོན་ཨུ་ལྷན་གྱིས་གྲོས་འགོ་བཏོན་པའི་བྱེད་སྒོ་དེར་ཁུལ་རིམ་པའི་སྡེ་ཚན་དང་ཞིང་ཆེན་ཁུལ་ཁོངས་གཏོགས་ཀྱི་ཁེ་ལས་དང་དོན་ལས་སྡེ་ཚན་གྱི་རྒྱ་ཆེའི་ཏང་མི་དང་དེ་བཞིན་དུ་ལས་བྱེད་པ་དང་ལས་བཟོའི་དང་ལེན་ཧུར་ཐག་བྱས་ནས། ཏང་མི་འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་གནོད་འཚེ་ཐེབས་ཁུལ་གྱི་མི་དམངས་ལ་རང་ཉིད་ཀྱི་ནུས་ཤུགས་ཕྲན་བུ་ཕུལ་ནས་ཁུལ་རིམ་པའི་ལས་ཁུངས་ཀྱི་ཏང་མི་ལས་བྱེད་པ་དང་ལས་བཟོ་ཡིས་གནོད་འཚེ་ཐེབས་ཁུལ་གྱི་མི་དམངས་ལ་སེམས་ཁྲལ་དང་རྒྱབ་སྐྱོར་གནང་བ་གང་ལེགས་མཚོན་པ་རེད། སྤྱི་ཚོགས་ལས་རིགས་ཁག་གི་ཐུགས་ཁུར་དང་རོགས་རམ་འོག་གནོད་འཚེ་དང་འཕྲད་པའི་སྐབས་སུ་དཀར་མཛེས་ཁུལ་གྱི་ལས་བྱེད་པ་དང་མང་ཚོགས་ཀྱིས་ལག་གདང་མཉམ་སྦྲེལ་བྱས་ནས་སྔར་ལས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་བསྐྲུན་ཐུབ་པར་ཡིད་ཆེས་ཀྱིས་ཁེངས་པ་རེད།

ཁུལ་ས་གནས་ལོ་རྒྱུས་གཞུང་དོན་ཁང་།

ལྕགས་ཟམ་རྫོང་དུ་ས་འགུལ་བྱུང་རྗེས་ཁུལ་ས་གནས་ལོ་རྒྱུས་གཞུང་དོན་ཁང་གིས་བཀའ་རྒྱ་འཕྲལ་མར་དང་ལེན་ཞུས་ནས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་བཀོད་སྒྲིག་ལྟར་རང་གི་ལས་གནས་ལ་གཞི་ཚུགས་ཏེ་ལྕགས་ཟམ་རྫོང་གི་འགུལ་འགོག་གནོད་སྐྱོབ་ལ་རམ་འདེབས་བརྒྱབ་པ་རེད།

ཁུལ་དང་རྫོང་གི་ས་གནས་ལོ་རྒྱུས་གཞུང་དོན་ཁང་གིས་ལས་བྱེད་པ་ཚོས་རང་ངོས་ཉེན་མེད་ཡོང་བར་འགན་ལེན་བྱེད་པའི་འོག་ནུས་ཤུགས་ཡོད་རྒུས་འགུལ་འགོག་གནོད་སྐྱོབ་ནང་ཞུགས་པ་དང་འབྲེལ། ས་འགུལ་གྱི་འབྲེལ་ཡོད་དཔྱད་གཞིའི་ཡིག་ཚགས་དང་པར་རིས་བསྡུ་རུབ་བྱས་ནས་ཕྱིན་ཆད་འགུལ་འགོག་གནོད་སྐྱོབ་ཀྱི་ལོ་རྒྱུས་རྩོམ་སྒྲིག་ལ་གྲ་སྒྲིག་བྱས་པ་རེད། དེ་དང་ཆབས་ཅིག་ཁུལ་ཐད་གཏོགས་ལས་དོན་ཨུ་ལྷན་གྱི་གྲོས་འགོ་དང་ལེན་ཧུར་ཐག་ཞུས་ནས“ཕྱོགས་གཅིག་ལ་དཀའ་ངལ་ཡོད་ན་ཕྱོགས་བཞི་མཚམས་བརྒྱད་ནས་རོགས་སྐྱོར་བྱེད་པའི”སྙིང་སྟོབས་དར་སྤེལ་བཏང་སྟེ་གཅིག་རྗེས་གཉིས་མཐུད་དུ་ལྕགས་ཟམ་རྫོང་དུ་ས་འགུལ་གྱི་གནོད་འཚེ་ཐེབས་ཁུལ་ལ་ཞལ་འདེབས་སྒོར3100ཕུལ་ནས་བྱ་སྤྱོད་དངོས་ཀྱི་ཐོག་ནས་གནོད་འཚེ་ཐེབས་ཁུལ་གྱི་མང་ཚོགས་དང་དཔུང་པ་མཉམ་གཤིབ་བྱས་ནས་འགུལ་འགོག་གནོད་སྐྱོབ་ལ་རྒྱབ་སྐྱོར་བྱས་པ་རེད།

གཞུང་དོན་ཁང་གིས་ད་དུང་ས་གནས་ཀྱི་ལོ་རྒྱུས་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་ཕྱོགས་ཡོངས་དང་ཐབས་ལམ་མང་པོ་བརྒྱུད་ནས་སྤྱི་ཟླ9པའི་ཚེས6ཉིན།ལྕགས་ཟམ་རྫོང་དུ་བྱུང་བའི་ས་འགུལ་སྐོར་གྱི་སྤྱི་ཚོགས་ཀྱི་ཕྱོགས་སོ་སོའི་ཆ་འཕྲིན་དང་པར་རིས་བསྡུ་རུབ་བྱས་ཡོད་པ་རེད། ད་སྔར་འཕྲིན་སྦྱོར་དང་དེ་བཞིན་དཀར་མཛེས་ཁུལ་གྱི་འགྲིམ་འགྲུལ་ཉེན་རྟོག། དཀར་མཛེས་ཁུལ་གྱི་གཞུང་ལམ་སོགས་སྤྱི་སྟེགས་བརྒྱུད་ནས་ལྕགས་ཟམ་རྫོང་དུ་བྱུང་བའི་ས་འགུལ་གྱི་འབྲེལ་ཡོད་ཡིག་ཚགས་དང་ཆ་འཕྲིན། པར་རིས། བརྙན་ལམ་སོགས་ཀྱི་དཔྱད་གཞིའི་ཡིག་ཚགས80ལྷག་ཙམ་དང་ཡིག་འབྲུ་ཁྲི་ཁ་ཤས། པར་རིས60ལྷག་ཙམ། བརྙན་ལམ་གྱི་དཔྱད་གཞིའི་ཡིག་ཚགས10ལྷག་ཙམ་བསྡུ་ལེན་བྱས་ཡོད་པ་རེད།

ཁུལ་རྡོ་ཐ་ཆེད་ཚོང་ཅུས།

སྤྱི་ཟླ9པའི་ཚེས5ཉིན་གྱི་ཆུ་ཚོད12དང་སྐར་མ52ཐོག་ལྕགས་ཟམ་རྫོང་དུ་ས་འགུལ་རིམ་པ6.8བྱུང་བ་རེད། གློ་བུར་དུ་ཐོན་པའི་གནོད་འཚེའི་མདུན་དུ་ཁུལ་རྡོ་ཐ་ཆེད་ཚོང་ཅུས(སྤྱི་གཉེར་ཁང)ཀྱིས་སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན། ཁུལ་ཨུ་དང་ཁུལ་སྲིད་གཞུང་དང་ཞིང་ཆེན་ཅུས(སྤྱི་གཉེར་ཁང)ཀྱི་ཏང་ཙུའུ་ཡི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས། ཐོན་སྐྱེད་རང་སྐྱོབ་ལ་དམ་འཛིན་བྱེད་པ་དང་ཆབས་ཅིག་ཕྱོགས་མང་ནས་མ་དངུལ་དང་དངོས་ཟོག་གྲབས་གསོག་བྱས་ཏེ་འགུལ་འགོག་གནོད་སྐྱོབ་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་པ་རེད།

མ་སྐུལ་དང་བླངས་ཀྱིས་གོང་རིམ་སྡེ་ཚན་ལ་སྙན་སེང་ཞུས་ནས་ཁུལ་རྡོ་ཐ་ཚོང་གཉེར་ཅུས(སྤྱི་གཉེར་ཁང)ཏང་ཙུའུ་ཡིས་མ་དངུལ་སྒོར་ཁྲི100ཞལ་འདེབས་ཕུལ་ནས་གནོད་འཚེ་ཐེབས་ཁུལ་ལ་རོགས་སྐྱོབ་དང་གནོད་འཚེ་ཐེབས་རྗེས་ཀྱི་ཉམས་གསོ་བསྐྱར་སྐྲུན་ཐད་སྤྱད་དེ་ས་གནས་དེ་གའི་རྒྱུན་ལྡན་གྱི་ཐོན་སྐྱེད་དང་འཚོ་བའི་གོ་རིམ་མགྱོགས་མྱུར་དུ་སླར་གསོ་ཡོང་རྒྱུར་རོགས་རམ་བྱས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་འགན་འཁྲི་འཁུར་བ་མཚོན་པ་རེད།

ཁོངས་གཏོགས་ཡོངས་ཀྱི་ལས་གནས་ཐོག་ཡོད་པའི་ལས་བཟོ200ལྷག་ཙམ་དང་ལས་འཁྱུར་ངལ་གསོ་བྱས་པའི་ལས་བཟོ49ཡིས་འབོད་སྐུལ་དང་ལེན་ཧུར་ཐག་བྱས་ནས་མ་དངུལ་སྒོར་ཁྲི15.15ཞལ་འདེབས་ཕུལ་ནས་འགུལ་འགོག་གནོད་སྐྱོབ་བྱེད་པར་རང་ཉིད་སྟོབས་ཤུགས་ཕུལ་བ་རེད། དེ་དང་ཆབས་ཅིག་དངུལ་ཐོག་ཕབ་ན་སྒོར་སྒོར་ཁྲི4ལྷག་ཙམ་རི་བའི་གཏེར་ཆུ་དང་སྟབས་བདེའི་ཐུག་པ། བག་ལེབ། རང་དྲོས་འབྲས། རང་དྲོས་རྒྱ་ཁོག། འགྱིག་གྲུམ་ལ་སོགས་པའི་མཁོ་གལ་ཆེ་བའི་དངོས་ཟོག་གྲ་སྒྲིག་ཧུར་ཐག་བྱས་ནས་གནོད་འཚེ་ཐེབས་ཁུལ་ཉེ་འགྲམ་གྱི་ཡུལ་ཤོག་དང་གྲོང་རྡལ་གྱི་གནོད་འཚེ་ཐེབས་ཁུལ་གྱི་སིལ་ཚོང་དུད་ཚང་དང་ལས་གྲྭ་དང་པོར་འབད་འཐབ་བྱེད་མཁན་གྱི་སྤྱི་བདེ་མི་སྣ་དང་མེ་ཟོན་མི་སྣར་རོགས་སྐྱོར་བྱས་ཏེ་ལས་རིགས་ཀྱི་འགན་འཁྲི་དང་སྤྱི་ཚོགས་ཀྱི་འགན་འཁྲི་ལེགས་པོ་བསྒྲུབས་པ་རེད།།


  • ལེ་ཚན་སྔོན་མ།:རང་ཁུལ་གྱིས་བྱེད་ཐབས་སྣ་ཚོགས་མཉམ་སྤྱོད་བྱས་ཏེ“མཁོ་སྤྲོད་གསུམ”གྱི་སྡོད་གནས་འཚམ་པའི་ཇུས་འགོད་ལ་སྐུལ་འདེད་བཏང་།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།