དཀར་མཛེས་ཉག་ཆུ་རྫོང་ནས་སྐྱེ་དངོས་རིགས་གསར་པ་ཞིག་རྙེད།

    མི་དམངས་དྲ་བ།    2022-10-09

  དཀར་མཛེས་ཉག་ཆུ་རྫོང་ནས་སྐྱེ་དངོས་རིགས་གསར་པ་ཞིག་རྙེད།

    མི་དམངས་དྲ་བའི་འཕྲིན། རྒྱལ་ཁབ་ཚན་རིག་ཁང་ཝུའུ་ཧན་སྐྱེ་དངོས་གླིང་གི་ཧུའུ་ཀོང་ཝན་ཞིབ་འཇུག་ཚོགས་པས་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཉག་ཆུ་རྫོང་ནས་སྐྱེ་དངོས་རིགས་གསར་པ་རྙེད་ཡོད། ཚེས་27ཉིན་གསར་འགོད་པས་ཀྲུང་གོ་ཚན་རིག་ཁང་ཝུའུ་ཧན་སྐྱེ་དངོས་གླིང་ནས་ཤེས་རྟོགས་བྱས་པར་གཞིགས་ན། “ཉག་ཆུའི་སྣ་མ་”ཞེས་མིང་བཏགས་པའི་སྣ་མའི་ཚན་གྱི་སྐྱེ་དངོས་རིགས་གསར་པའི་སྐོར་གྱི་དཔྱད་རྩོམ་ཉེ་དུས་རྒྱལ་སྤྱིའི་རིག་གཞུང་དུས་དེབ་Kew Bulletinཡི་ཐོག་སྤེལ་འདུག 
    ཤེས་རྟོགས་བྱུང་བར་གཞིགས་ན། 2020ལོའི་ཟླ་8པར། ཧུའུ་ཀོང་ཝན་ཞིབ་འཇུག་ཚོགས་པའི་ཚན་ཞིབ་མི་སྣས་ཁྲོན་ནུབ་ཏུ་སྣ་མའི་རྩི་ཤིང་ལ་བརྟག་དཔྱད་བྱེད་རིང་། ཉག་ཆུའི་རྫོང་དུ་མེ་ཏོག་དཀར་པོ་ཞིག་ལ་ཁྲ་ཐིག་གློ་དམར་ཡོད་པའི་སྣ་མའི་རྩི་ཤིང་ཞིག་རྙེད་པ་དང་། དེའི་གཟུགས་ཐུང་ལ་ལོ་མ་ས་ངོས་སུ་སྦྱར་བ། སྐབས་དེར་རྩི་ཤིང་འདི་མེ་ཏོག་གི་དུས་མཇུག་ཏུ་སླེབས་མེད་པ་དང་། དེའི་ཁར་རྒྱུད་སྤེལ་བ་ཅུང་ཉུང་བས། ཚན་རིག་ཞིབ་འཇུག་པས་དེར་གསལ་འབྱེད་བྱེད་ཐུབ་མེད། 
   2021ལོའི་ཟླ་7པར། ཧུའུ་ཀོང་ཝན་ཞིབ་འཇུག་ཚོགས་པའི་ཚན་ཞིབ་མི་སྣ་སླར་ཡང་ས་གནས་དེ་གར་བསྐྱོད་དེ། མེ་ཏོག་བཞད་པའི་སྒང་ཡིན་པའི་པར་བླངས་པ་མ་ཟད། གྲངས་འབོར་ཡང་ཅུང་མང་པོ་ཡོད། གཟུགས་གཞི་རིག་པ་དང་ཆ་རྡུལ་མ་ལག་རིག་པའི་ཞིབ་འཇུག་བྱས་པ་བརྒྱུད། མཐར་ཚན་རིག་ཞིབ་འཇུག་མི་སྣས་དེ་ནི་སྣ་མའི་ཚན་གྱི་སྐྱེ་དངོས་རིགས་གསར་པ་ཞིག་ཡིན་པ་ར་སྤྲོད་བྱས།
   སྐྱེ་དངོས་སྐྱེས་ཡུལ་གྱི་ས་མིང་ལ་གཞིགས་ནས་ཚན་ཞིབ་མི་སྣས་དེ་ལ“ཉག་ཆུའི་སྣ་མ་”ཞེས་མིང་བཏགས་པ་རེད། དེ་ནི་ཧུའུ་ཀོང་ཝན་ཞིབ་འཇུག་ཚོགས་པས་“ཀྲུང་ཧྭའི་བྱུ་རུའི་སྣ་མ་”དང“ཨོ་རོང་གི་ཀ་མེད་སྣ་མ་”འགྲེམས་སྤེལ་བྱས་རྗེས། སི་ཁྲོན་དུ་ཤེས་རྟོགས་བྱུང་བའི་སྣ་མའི་ཚན་གྱི་སྐྱེ་དངོས་རིགས་གསར་པ་གསུམ་པ་དེ་དངོས་སུ་འགྲེམས་སྤེལ་བྱས་པ་ཞིག་རེད།
   སྣ་མའི་ཚན་གྱི་སྐྱེ་དངོས་རིགས་གཅིག་མཁས་ཅན། ཀྲུང་གོ་ཚན་རིག་ཁང་སྐྱེ་དངོས་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་ཅིན་ཞའོ་ཧྭ་ཡིས་ཧུའུ་ཀོང་ཝན་ཞིབ་འཇུག་ཚོགས་པས། ཕྱི་རོལ་དུ་བརྟག་དཔྱད་དང་རྗེས་མཐུད་ཞིབ་འཇུག་བྱས་པ་བརྒྱུད། སི་ཁྲོན་ནས་སྣ་མའི་ཚན་གྱི་སྐྱེ་དངོས་རིགས་གསར་པ་གཅིག་རྗེས་གཉིས་མཐུད་ངང་ཤེས་རྟོགས་ཐུབ་ནས། སི་ཁྲོན་སྣ་མའི་ཚན་གྱི་སྐྱེ་དངོས་ཀྱི་སྣ་མང་རང་བཞིན་དང་དམིགས་བསལ་རང་བཞིན་སྔར་བས་གསལ་སྟོན་བྱས་ཡོད་ཅེས་བཤད་པ་རེད། “ཁོང་ཚོས་ད་ཐེངས་སྤེལ་བའི‘ཉག་ཆུའི་སྣ་མ་’ནི་མཐོང་དཀོན་པའི་སྣ་མའི་ཚན་གྱི་སྐྱེ་དངོས་རིགས་གསར་པ་ཞིག་རེད”བཤད། 

  • ལེ་ཚན་སྔོན་མ།:ཀྲུང་དབྱང་སྒྲིག་བཤེར་ཨུ་ལྷན་སྐབས19པའི་ཚོགས་འདུ་ཐེངས7པའི་སྤྱི་བསྒྲགས།
  • ལེ་ཚན་རྗེས་མ།:བུད་མེད་འདི་ལ2022ལོའི་ནོ་བྷེར་རྩོམ་རིག་བྱ་དགའ་ཐོབ།
  • དོ་སྣང་ཆེ་བའི་རྩོམ།