ནུས་རྒྱུ་གསར་པའི་རླངས་འཁོར་ཉོ་ན་སྲིད་ཇུས་ཡག་པོ་འདུག།

        2022-09-29

 ནོར་སྲིད་པུའུ་ཡི་དྲྭ་ཚུགས་ཐོག་སྤྱི་ཟླ9ཚེས26ཉིན་གནས་ཚུལ་སྤེལ་བར་གཞིགས་ན། ནོར་སྲིད་པུའུ་དང་། ཁྲལ་དོན་སྤྱི་ཁྱབ་ཅུས། བཟོ་ལས་དང་ཆ་འཕྲིན་ཅན་པུའུ་བཅས་ཀྱིས་ནུས་རྒྱུ་གསར་པའི་རླངས་འཁོར་གྱི་ཉོ་སྒྲུབ་དཔྱ་ཁྲལ་རྩ་ཆག་གཏོང་བའི་སྲིད་ཇུས་མུ་མཐུད་དེ་ལག་བསྟར་བྱ་རྒྱུའི་སྐོར་གྱི་སྤྱི་བསྒྲགས་སྤེལ་བ་རེད།

     ནུས་རྒྱུ་གསར་པའི་རླངས་འཁོར་ཐོན་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་དང་རླངས་འཁོར་འཛད་སྤྱོད་ལ་སྐུལ་འདེད་གཏོང་ཆེད། ད་ལྟ་ནུས་རྒྱུ་གསར་པའི་རླངས་འཁོར་གྱི་ཉོ་སྒྲུབ་དཔྱ་ཁྲལ་རྩ་ཆག་གཏོང་བའི་སྲིད་ཇུས་ཀྱི་འབྲེལ་ཡོད་དོན་ཚན་ཡོངས་བསྒྲགས་བྱས་པ་གཤམ་གསལ། 

གཅིག། ཉོ་སྒྲུབ་ཀྱི་དུས་ཚོད2023ལོའི་ཟླ་བ་དང་པོའི་ཚེས1ཉིན་ནས2023ལོའི་ཟླ་བ12པའི་ཚེས31ཉིན་བར་གྱི་ནུས་རྒྱུ་གསར་པའི་རླངས་འཁོར་ལ་རླངས་འཁོར་ཉོ་སྒྲུབ་ཀྱི་དཔྱ་ཁྲལ་རྩ་ཆག་གཏང་རྒྱུ། 

གཉིས། རླངས་འཁོར་ཉོ་སྒྲུབ་དཔྱ་ཁྲལ་རྩ་ཆག་གཏོང་བའི་ནུས་རྒྱུ་གསར་པའི་རླངས་འཁོར་བཟོ་ལས་དང་ཆ་འཕྲིན་ཅན་པུའུ་དང་ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱིས《རླངས་འཁོར་ཉོ་སྒྲུབ་དཔྱ་ཁྲལ་རྩ་ཆག་གཏོང་བའི་ནུས་རྒྱུ་གསར་པའི་རླངས་འཁོར་གྱི་འཁོར་རིགས་དཀར་ཆག》(གཤམ་དུ《དཀར་ཆག》ཅེས་བསྡུ་རྒྱུ)ཁྱབ་བསྒྲགས་བྱས་ནས་དོ་དམ་བྱ་དགོས། 《དཀར་ཆག》ཁྱབ་བསྒྲགས་བྱས་ཉིན་ནས་བཟུང་ཉོས་པ་ཡིན་ན།《དཀར་ཆག》ནང་བཀོད་པའི་གློག་སྒུལ་རྐྱང་པའི་རླངས་འཁོར་དང་། གློག་བསྒར་རྣམ་པའི་མཉམ་བསྲེས་སྒུལ་ཤུགས། རླངས་འཁོར་དང་འབར་རྫས་གློག་རྫས་རླངས་འཁོར་བཅས་ནི་དཔྱ་ཁྲལ་རྩ་ཆག་གཏོང་བའི་ཆ་རྐྱེན་དང་མཐུན་པའི་ནུས་རྒྱུ་གསར་པའི་རླངས་འཁོར་ཡིན་པ་རེད། 

གསུམ། ཉོས་པའི་དུས་ཚོད་དེ་སྒུལ་སྐྱོད་རླངས་འཁོར་གྱི་ཕྱིར་འཚོང་གཅིག་གྱུར་གྱི་འཛིན་ཡིག་གམ་ཡང་ན་འགག་སྒོའི་སྒོ་ཁྲལ་ཆེད་སྤྱོད་དངུལ་འཇལ་ཡི་གེ་སོགས་འཛིན་ཡིག་གོ་ཆོད་པར་བྲིས་པའི་དུས་ཚོད་ལྟར་གཏན་འཁེལ་བྱ་དགོས། 

བཞི། 2022ལོའི་ཟླ་བ12པའི་ཚེས31ཉིན་གོང《དཀར་ཆག》ནང་བཀོད་པའི་ནུས་རྒྱུ་གསར་པའི་རླངས་འཁོར་སྤྱི་བསྒྲགས་འདིར་གཞིགས་ནས་མུ་མཐུད་དེ་རླངས་འཁོར་ཉོ་སྒྲུབ་དཔྱ་ཁྲལ་རྩ་ཆག་གཏོང་བའི་སྲིད་ཇུས་སྤྱོད་ཆོག། ནུས་ཁུངས་གསར་པའི་རླངས་འཁོར་ལ་རླངས་འཁོར་ཉོ་ཁྲལ་རྩ་ཆག་གཏོང་བའི་དོན་དག་གཞན་དག་ནི《ནོར་སྲིད་པུའུ་དང་། ཁྲལ་དོན་སྤྱི་ཁྱབ་ཅུས། བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ཡི་ནུས་རྒྱུ་གསར་པའི་རླངས་འཁོར་ཉོ་སྒྲུབ་དཔྱ་ཁྲལ་རྩ་ཆག་གཏོང་བའི་སྐོར་གྱི་འབྲེལ་ཡོད་སྲིད་ཇུས་ཀྱི་སྤྱི་བསྒྲགས》(ནོར་སྲིད་པུའུ་དང་། ཁྲལ་དོན་སྤྱི་ཁྱབ་ཅུས། བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ཡི་སྤྱི་བསྒྲགས2020ལོའི་ཡིག་ཨང21པ)དང《རླངས་འཁོར་ཉོ་སྒྲུབ་དཔྱ་ཁྲལ་རྩ་ཆག་དང་ནུས་རྒྱུ་གསར་པའི་རླངས་འཁོར་གྱི་ཐོན་རྫས་ཉོ་སྒྲུབ་ལག་རྩལ་བླང་བྱ་ལེགས་སྒྲིག་བྱ་རྒྱུའི་སྐོར་གྱི་བཟོ་ལས་དང་ཆ་འཕྲིན་ཅན་པུའུ། ནོར་སྲིད་པུའུ། ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱི་སྤྱི་བསྒྲགས》(ནོར་སྲིད་པུའུ་དང་། ཁྲལ་དོན་སྤྱི་ཁྱབ་ཅུས། བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ཡི་སྤྱི་བསྒྲགས2021ལོའི་ཡིག་ཨང13པ)སོགས་ཡིག་ཆའི་འབྲེལ་ཡོད་གཏན་འབེབས་ལག་བསྟར་བྱ་རྒྱུ་རེད།།


ཡོང་ཁུངས། མདུན་ཤོག་གསར་འགྱུར།

ཐུབ་ཀྱིས་བསྒྱུར།

རྩོམ་སྒྲིག་པ། མགར་རྒྱལ་སྲས།



  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་གིས་འཕྲིན་ཡིག་སྤྲིངས་ཏེ་ཀྲུང་གོ་གསར་འགྱུར་ཁང་བཙུགས་ནས་ལོ70འཁོར་བར་རྟེན་འབྲེལ་ཞུས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།