སྨན་པ་དང་སྨན་ཞབས་པ97ལ་བཀའ་དྲིན་སྙིང་ནས་ཞུ།

ཐུབ་ཀྱིས་བསྒྱུར་ཞུས་བྱས།        2022-09-28

 2022ལོའི་སྤྱི་ཟླ5པ་ནས་བཟུང་། ཞིང་ཆེན་ཕྱི་ནང་གི་སྨན་བཅོས་ཆེད་རམས་པ་ཚན་འབོར་རེ་རེ་བཞིན་སྔ་ཕྱིར་དཀར་མཛེས་ཁུལ་དུ་ཡོང་ནས་ཁུལ་ཡོངས་ཀྱི་རྫོང་དང་གྲོང་ཁྱེར18ཀྱི་སྨན་ཁང་དུ་སོང་ནས། རོགས་སྐྱོར་རེས་གསར་པའི་འགོ་བཙུགས་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་འཛུགས་སྐྱོང་དང་སྨན་དོན་དཔུང་སྡེ་གསོ་སྐྱོང་། རིམས་ནད་འགོག་ཟོན། སྨན་བཅོས་ཞབས་ཞུ། དོ་དམ་ཆུ་ཚད་སོགས་ཕྱོགས་སོ་སོ་ནས་ཤུགས་བརྒྱབ་པ་རེད།

སྨན་པ་དང་སྨན་ཞབས་པ97ལ་བཀའ་དྲིན་སྙིང་ནས་ཞུ།
སྡེ་དགེ་རྫོང་གི་རོགས་སྐྱོར་སྨན་པ་རུ་ཁག་ལ་ནད་པས་ཕུལ་བའི་གཟེངས་དར་ཐོབ།


སྨན་པ་དང་སྨན་ཞབས་པ97ལ་བཀའ་དྲིན་སྙིང་ནས་ཞུ།
འབང་ཐང་རྫོང་གི་རོགས་སྐྱོར་སྨན་པ་རུ་ཁག་གིས་རྫོང་ཡོངས་སུ་མགོ་གཤག་བཅོས་ཐོག་མ་བྱེད་བཞིན་པ།

   ཀྲེ་ཅང་ཞིང་ཆེན་དང་སི་ཁྲོན་ཞིང་ཆེན་ཁྲེང་ཏུའུ་གྲོང་ཁྱེར་དང་། ལུའུ་ཀྲོའུ་གྲོང་ཁྱེར། དབྱི་པིང་གྲོང་ཁྱེར་བཅས་ཀྱིས་དཀར་མཛེས་ཁུལ་དང་བློ་སེམས་མཉམ་གཏད་ཀྱིས་ཀྲེ་ཅང་དང་སི་ཁྲོན་ཤར་ནུབ་རྒྱུད་དབུལ་སྐྱོར་མཉམ་ལས་དང་ཞིང་ཆེན་ནང་ཁུལ་ཁ་གཏད་རོགས་སྐྱོར་ལས་དོན་གྱི་འཐབ་ཇུས་ཆེན་པོ་དང་བཀོད་པ་ཆེན་པོ། བྱེད་ཐབས་ཆེན་པོ་བཅས་གཉེར་ཤུགས་ཆེ་རུ་བཏང་བ་རེད།

སྨན་པ་དང་སྨན་ཞབས་པ97ལ་བཀའ་དྲིན་སྙིང་ནས་ཞུ།
དཀར་མཛེས་རྫོང་གི་རོགས་སྐྱོར་སྨན་པ་རུ་ཁག་གིས་གྲོང་སྡེར་མང་ཚོགས་ལ་ནད་ལྟ་བཞིན་པ།


ལྷག་བསམ་རྣམ་དག་གིས་རོགས་སྐྱོར་བྱས་ཏེ་སྨན་བཅོས་ལག་རྩལ་ཁྱབ་ཁོངས་ཀྱི་སྟོང་ཆ་དུ་མ་བསྐངས།


   འདི་ལོའི་སྤྱི་ཟླ6པའི་ཚེས1ཉིན་ལ་ཞིང་ཆེན་ཡོངས་ཀྱི་སློབ་གསོ་དང་སྨན་བཅོས་ཤེས་ལྡན་མི་སྣའི་ཚོགས་པས་རྒྱལ་ཁབ་དང་ཞིང་ཆེན་གྱི་ཡུལ་སྡེ་དར་རྒྱས་གཙོ་གནད་རོགས་སྐྱོར་རྫོང་ལ་རོགས་སྐྱོར་བྱ་རྒྱུའི་ལས་དོན་བཀོད་སྒྲིག་གི་བརྙན་འཕྲིན་ཁ་པར་གྲོས་ཚོགས་འཚོགས་པ་ནས་བཟུང་། ཤར་ནུབ་བརྒལ་བའི་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྨན་ལས་ཀྱི་སྟེགས་བུ་འཛུགས་པ། ཤེས་ལྡན་མི་སྣ་གསོ་སྐྱོང་། ནུས་པ་མཐོར་འདེགས། ཞབས་ཞུ་ཇེ་ལེགས་སོགས་ནང་དོན་གཙོས་བྱས་པའི་སྨན་སྐྱོར་བདེ་སྲུང་གི་བྱ་སྤྱོད་དཀར་མཛེས་ཁུལ་དུ་སྤེལ་ཏེ། མི་རིགས་ཁག་གི་མང་ཚོགས་ཡུལ་སྡེ་དར་རྒྱས་ཀྱི་ལམ་བུར་སྐྱོད་པར་སྨན་བཅོས་ཀྱི་རྟེན་ས་ཡོད་པར་བྱས།

སྨན་པ་དང་སྨན་ཞབས་པ97ལ་བཀའ་དྲིན་སྙིང་ནས་ཞུ།
དཔལ་ཡུལ་རྫོང་གི་རོགས་སྐྱོར་སྨན་པ་རུ་ཁག་དཔལ་ཡུལ་དུ་སླེབས།

   རྒྱུས་ལོན་བྱུང་བ་ལྟར་ན། རོགས་སྐྱོར་སྨན་པ་དང་སྨན་ཞབས་པ97ནི་ཕྱོགས་བཞི་མཚམས་བརྒྱད་ནས་དཀར་མཛེས་ཁུལ་དུ་འབྱོར་ཞིང་། ཁོང་ཚོ་ནི་སྨན་པ་དང་སྨན་ཞབས་པ་མཁས་པའི་གྲས་སུ་གཏོགས་པ་དང་། ཁོང་ཚོས་མ་དངུལ་དང་ལག་རྩལ། འདུ་ཤེས་གསར་པ་བཅས་ལམ་རྒྱགས་སུ་བྱས་ནས་སི་ཁྲོན་གྱི་ནུབ་རྒྱུད་ས་ཁུལ་དུ་སླེབས།

   སྤྱི་ཟླ9པའི་ཚེས19ཉིན་ལ། ཧོང་ཀྲོའུ་གྲོང་ཁྱེར་ཧྥུ་དབྱང་ཆུས་ཀྱི་སི་ཁྲོན་རོགས་སྐྱོར་སྨན་བཅོས་རུ་ཁག་གི་ཁོག་ནད་ཚན་ཁག་གི་ཀྲུའུ་རེན་གཞོན་པ་སྨན་པ་དཀའ་བཅུ་བ་ཝང་ཡུས་དང་དེའི་ཚོགས་པས་སྡེ་དགེ་རྫོང་མི་དམངས་སྨན་ཁང་དུ་སྙིང་རྩའི་ཕྱོགས་འདུས་ནད་ཚབས་ཆེན་ཕོག་པའི་རྒན་མོ་ཚེ་རིང་ལྷ་མོ་གཤིན་རྗེའི་ཁ་ནས་ཐར་དུ་བཅུག་ཡོད།

སྨན་པ་དང་སྨན་ཞབས་པ97ལ་བཀའ་དྲིན་སྙིང་ནས་ཞུ།
དཀར་མཛེས་རྫོང་གི་རོགས་སྐྱོར་སྨན་པ་རུ་ཁག་གིས་ལག་རྩལ་གསར་པ་ལག་ལེན་བྱེད་བཞིན་པ།


   སྤྱི་ཟླ6པར་འབའ་ཐང་རྫོང་འཁྲུངས་པོ་ཡུལ་ཤོག་གི་གྲོང་མི་ཨ་ཤེས་ཁང་ལས་ཀྱི་ཁྲོད་དུ་མཐོ་ས་ནས་ལྷུང་བས་མགོ་ལ་རྨས་ཚབས་ཆེན་ཕོག་པ་དང་། ཧྲོང་ལུའུ་ཆུས་མི་དམངས་སྨན་ཁང་དང་པོའི་རོགས་སྐྱོར་སྨན་པ་ཚོགས་པ་འབའ་ཐང་མི་དམངས་སྨན་ཁང་དུ་སླེབས་ཡོད་པ་དང་ཏག་ཏག་འཕྲད་དེ། མོའི་མགོ་ལ་གཤག་བཅོས་བྱས་ཏེ་ཁོའི་ཚེ་སྲོག་བསྐྱབས་ཡོད། མོ་རང་ཡང་འབའ་ཐང་རྫོང་ཡོངས་ཀྱི་མགོ་ལ་གཤག་བཅོས་ཐོག་མ་བྱེད་མཁན་གྱི་མི་སྣར་གྱུར་ཡོད།

སྨན་པ་དང་སྨན་ཞབས་པ97ལ་བཀའ་དྲིན་སྙིང་ནས་ཞུ།
དཀར་མཛེས་རྫོང་གི་རོགས་སྐྱོར་སྨན་པ་རུ་ཁག་གིས་ཕྲུ་གུ་དམར་འབྱར་ནད་པ་ཚབས་ཆེན་སྐྱོབ་བཞིན་པ།

   ཁྲེང་ཏུའུ་ལུང་ཆོན་དབྱི་ཆུས་ཀྱི་མི་དམངས་སྨན་ཁང་དང་པོས་དཀར་མཛེས་རྫོང་ལ་སྔ་ཕྱིར་སྨན་དོན་མི་སྣ་ཚན་པ15ཡི་མི82མངགས་ནས་ས་གནས་དེ་གའི་སྨན་བཅོས་འཕྲོད་བསྟེན་ལས་དོན་རོགས་སྐྱོར་བྱས་ཏེ། རྫོང་ཡོངས་སུ་ཁོག་ཤེལ་མཁྲིས་སྣོད་དང་རྒྱུ་ལྷག་ལེན་པ་སོགས་ཀྱི་གཤག་བཅོས་ཐོག་མ་དུ་མ་བྱས་ཡོད། ཉེ་ཆར། དཀར་མཛེས་རྫོང་མི་དམངས་སྨན་ཁང་གི་གསར་དུ་བཙུགས་པའི་བྱིས་ནད་ཆེད་ཚན་ཁང་དུ་སྤྱི་རྒྱ1.4ལས་མེད་པའི་ཕྲུ་གུ་དམར་འབྱར་ཞིག་བཙས་པ་དང་། སྨན་པ་དཀའ་བཅུ་བ་དབྱི་ཀྲི་ཀང་དང་། སྨན་ཞབས་པ་མཁས་ཅན་ལིའུ་ཅའོ་ཅའོ་གཙོས་པའི་སྨན་བཅོས་ཚོགས་པས་དེ་མ་ཐག་སྨན་བཅོས་འཆར་གཞི་བཟོས་ཏེ། ཉིན26རིང་ལ་དཀའ་བ་ཁྱད་དུ་བསད། ངལ་བ་དང་དུ་བླངས་ནས་ཉིན་མཚན་ལྟོས་མེད་ཀྱིས་ལྟ་སྐྱོང་ཞིབ་ཕྲ་བྱས་པར་བརྟེན། འཆི་བདག་གི་ཁ་ནས་ཕྲུ་གུ་ཐར་ཞིང་ལྗིད་ཚད་སྤྱི་རྒྱ2.2ལ་འཕར་ནས་བདེ་བླག་ངང་སྨན་ཁང་ནས་ཕྱིར་བུད་ཐུབ་ཡོད།

སྨན་པ་དང་སྨན་ཞབས་པ97ལ་བཀའ་དྲིན་སྙིང་ནས་ཞུ།
དཀར་མཛེས་རྫོང་མི་དམངས་སྨན་ཁང་གིས་བྱིས་ནད་ཚན་ཁག་གསར་དུ་བཙུགས་པ།

   ལུང་ཆོན་དབྱི་ཆུས་མི་དམངས་སྨན་ཁང་དང་པོའི་རོགས་སྐྱོར་ཤུགས་ཆེན་འོག། རོགས་སྐྱོར་ཐེབས་པའི་དཀར་མཛེས་རྫོང་མི་དམངས་སྨན་ཁང་གིས་བྱིས་ནད་ཚན་ཁག་གསར་དུ་བཙུགས་ནས་ཕྲུ་གུ་དམར་འབྱར་གྱི་རྒྱུན་ནད་ན་སླ་བའི་ནད་ཆེད་དུ་བཅོས་པ་དང་། རྫོང་ཡོངས་དང་ཐ་ན་དཀར་མཛེས་ཁུལ་བྱང་རྒྱུད་རྫོང8ལ་བྱིས་ནད་ཆེད་ཚན་མེད་པའི་ལོ་རྒྱུས་ཀྱི་མཇུག་བསྒྲིལ་ཡོད། ཉེ་ཆར། ཕྲུ་གུ་དམར་འབྱར་ནད་ཚབས་ཆེ་བ8དང་ལུས་ཀྱི་ལྗིད་ཚད་ཆེས་དམའ་བ1དང་མཚེ་མ1བཅས་ཀྱི་སྲོག་བསྐྱབས་ཡོད།

སྤྱི་ཟླ8པར། ཁྲེང་ཏུའུ་གྲོང་ཁྱེར་མི་དམངས་སྨན་ཁང་གཉིས་པའི་སྨན་པ་ཚོགས་པའི་སྨན་པ་དཀའ་བཅུ་བ་ཧྥུ་ཏའོ་ཧྥང་གིས་དཀར་མཛེས་རྫོང་མི་དམངས་སྨན་ཁང་གི་དབུགས་ལམ་ཚན་ཁག་གི་སྨན་དོན་མི་སྣར་ཁྲིད་སྟོན་བྱས་ཏེ་རྨ་མེད་དབུགས་ལམ་འཕྲུལ་ཆས་ཀྱི་ལག་རྩལ་སྤྱད་དེ་ལོ་ན88ལ་སོན་པའི་རྒན་པོ་ནད་ཚབས་ཆེན་ཞིག་གི་སྲོག་བསྐྱབས་པ་རེད།

སྨན་པ་དང་སྨན་ཞབས་པ97ལ་བཀའ་དྲིན་སྙིང་ནས་ཞུ།
དཀར་མཛེས་རྫོང་གི་རོགས་སྐྱོར་སྨན་པ་རུ་ཁག་གིས་རྨ་མེད་དབུགས་ལམ་འཕྲུལ་ཆས་སྤྱོད་སྟངས་སློབ་བཞིན་པ།


   སྨན་བཅོས་རོགས་སྐྱོར་ཚོགས་པ་ཁག་གིས་རང་ཁུལ་གྱི་རྫོང་དང་གྲོང་ཁྱེར་ཁག་གི་སྨན་ཁང་གི་ཆེད་ལས་ལག་རྩལ་མི་འདང་བ་དང་ཤེས་ལྡན་མི་སྣ་དཀོན་པའི་དངོས་ཡོད་གནས་ཚུལ་ལ་དམིགས་ནས་འཕྲལ་ཕུགས་གཉིས་ཀྱི་རོགས་སྐྱོར་འཆར་གཞི་བཟོས་པ་རེད།

སྨན་པ་དང་སྨན་ཞབས་པ97ལ་བཀའ་དྲིན་སྙིང་ནས་ཞུ།
རྟའུ་རྫོང་གི་རོགས་སྐྱོར་སྨན་པ་རུ་ཁག་གིས་གཟེར་མེད་བུ་བཙའ་བྱེད་བཞིན་པ།


   ཀྲེ་ཅང་ཞིང་ཆེན་ཅིན་ཧྭ་གྲོང་ཁྱེར་མི་དམངས་སྨན་ཁང་དང་། ཁྲེང་ཏུའུ363སྨན་ཁང་། ཕེ་ཏུའུ་ཆུས་མི་དམངས་སྨན་ཁང་གཉིས་པ་བཅས་ཀྱི་ཆེད་རམས་པའི་སྨན་པ་ཚོགས་པའི་རོགས་སྐྱོར་འོག་ཏུ་བུ་བཙའ་གཟེར་མེད་ཀྱི་ལག་རྩལ་ཁྱབ་གདལ་བཏང་ཡོད།

སྨན་པ་དང་སྨན་ཞབས་པ97ལ་བཀའ་དྲིན་སྙིང་ནས་ཞུ།
ལི་ཐང་རྫོང་གི་རོགས་སྐྱོར་སྨན་པ་རུ་ཁག་གིས་པུས་ཚིགས་བརྗེ་བའི་གཤག་བཅོས་བྱེད་བཞིན་པ།

   ཁྲེང་ཏུའུ་གྲོང་ཁྱེར་མི་དམངས་སྨན་ཁང་གསུམ་པའི་རོགས་སྐྱོར་འོག་ཏུ་ལི་ཐང་རྫོང་མི་དམངས་སྨན་ཁང་གིས་བརྟག་བཅོས་ཚན་ཁག་གསར་དུ་བསྣན་ནས། སྤྱི་ཟླ7པར་རུས་ཚན་སྨན་པ་ཚོགས་པའི་ཁྲིད་སྟོན་འོག་པུས་མོ་ནད་པ་ཚབས་ཆེན11ལ་པུས་ཚིགས་བརྗེ་བའི་གཤག་བཅོས་བྱས་ཡོད།

   དཀར་མཛེས་ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཁང་ཡུང་གིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་མཐོང་ཆེན་དང་བཀོད་སྒྲིག་བྱས་ཤིང་། ཁུལ་དང་རྫོང་གི་རྩ་འཛུགས་སྡེ་ཚན་དང་འཕྲོད་བསྟེན་བདེ་ཐང་ཁོངས་གཏོགས་ཀྱིས་སྐུལ་འདེད་དང་དོན་འཁྱོལ་ཤུགས་ཆེན་བྱས་ཏེ། ཁུལ་ཡོངས་ཀྱི་རྫོང་དང་གྲོང་ཁྱེར་ཁག་གི་སྨན་ཁང་གི་ཕྱོགས་འདུས་ནུས་པ་ཆེ་རུ་བཏང་ནས་མི་དམངས་མང་ཚོགས་ལ་སྤུས་ཚད་དེ་བས་མཐོ་བའི་བདེ་ཐང་འགན་སྲུང་བྱས་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

སྨན་པ་དང་སྨན་ཞབས་པ97ལ་བཀའ་དྲིན་སྙིང་ནས་ཞུ།
འབའ་ཐང་རྫོང་གི་རོགས་སྐྱོར་སྨན་པ་རུ་ཁག་གིས་ནད་པར་ལྟ་བཞིན་པ།

   འབའ་ཐང་རྫོང་མི་དམངས་སྨན་ཁང་གི་ཕྱི་ནད་ཚན་ཁག་གི་ཀྲུའུ་རེན་ལིའུ་ཏན་ཕིང་གིས་རྫོང་རིམ་པའི་སྨན་ཁང་གིས་རྒྱུན་ནད་དང་ན་སླ་བའི་ནད་བརྟག་བཅོས་ཚད་དང་ལྡན་པ་བྱ་དགོས་ན་སྦྱོང་ཚན་འཛུགས་སྐྱོང་དང་བརྟག་བཅོས་ཞབས་ཞུའི་ནུས་པ་ཆེ་རུ་གཏང་རྒྱུ་ཁ་ཚ་དགོས་གཏུག་རེད། སྨན་བཅོས་ཚོགས་པས་གཤག་བཅོས་དམར་ཁྲིད་དང་སྒོ་བསྟེན་སྐུལ་ཁྲིད། རིག་གཞུང་འཆད་ཁྲིད་སོགས་བརྒྱུད་དེ་ས་གནས་ཀྱི་དངོས་ཡོད་དང་མཐུན་ཞིང་སྤྱོད་གོ་ཆོད་པའི་རོགས་སྐྱོར་ནང་སྲོལ་ཞིག་ཆགས་ཐུབ་ཡོད་ཅེས་བཤད།

སྨན་པ་དང་སྨན་ཞབས་པ97ལ་བཀའ་དྲིན་སྙིང་ནས་ཞུ།
ལི་ཐང་རྫོང་གི་རོགས་སྐྱོར་སྨན་པ་རུ་ཁག་གིས་སྐྱ་འགྲིབ་སླར་གསལ་གཤག་བཅོས་བྱེད་བཞིན་པ།

དོན་གཉེར་ཧུར་སྒྲུབ་བྱས་ཏེ་གཞན་བརྟེན་ལག་སྒུག་དོར་ནས་རང་ངོས་ནུས་པ་ཆེ་རུ་བཏང་།


   སྨན་བཅོས་ལས་དོན་གོང་འཕེལ་འགྲོ་བའི་གནད་འགག་ནི་ཤེས་ལྡན་མི་སྣར་ཐུག་ཡོད། ནད་ཁོ་ན་བཅོས་པ་ཙམ་ལས་ས་གནས་དེ་གའི་སྨན་པའི་དཔུང་སྡེ་བཟང་པོ་ཞིག་གསོ་སྐྱོང་མ་ཐུབ་ན་རོགས་སྐྱོར་གྱི་དོན་སྙིང་དེ་ཙམ་མི་ཆེ་ཞིང་། རོགས་སྐྱོར་སྨན་པ་ཚོས་སྡུག་དཀའ་ལས་ཇི་ཙམ་བརྒྱབ་ཀྱང་ལོ་རེ་གཉིས་ཀྱི་ནང་དུ་སྨན་བཅོས་སྲོག་སྐྱོབ་ཀྱི་གྲངས་ཀ་ལ་ཚད་ཡོད་ཅིང་། གནད་འགག་གང་ལ་ཐུག་ཡོད་རེད་ཟེར་ན་ས་གནས་དེ་གའི་སྨན་པ་དང་སྨན་ཞབས་པའི་སྨན་རྩལ་དང་སྨན་ཞབས་ཆུ་ཚད་མཐོར་འདེགས་གཏོང་ཐུབ་མིན་ལ་ཐུག་ཡོད་པ་རེད།

སྨན་པ་དང་སྨན་ཞབས་པ97ལ་བཀའ་དྲིན་སྙིང་ནས་ཞུ།
ཉག་རོང་རྫོང་གི་རོགས་སྐྱོར་སྨན་པ་རུ་ཁག་གིས་བཟོས་པའི་ཚན་རིག་ཁྱབ་གདལ་བརྙན་ཐུང་།

   དཀར་མཛེས་ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཁང་ཡུང་གིས་རོགས་སྐྱོར་སྨན་པའི་ཚོགས་པར་གོང་གི་གནད་འགག་དེར་ཤེས་རྟོགས་ཟབ་མོ་ཡོད་ཅིང་། ཁོ་ཚོས་ཀྱང་ཁ་གཏད་རོགས་སྐྱོར་ཕྱོགས་ཡོངས་ལ་ཁེབས་པ་དང་ཁྱབ་ཁོངས་རྒྱ་ཆེན་བྱེད་པར་ཁ་རེ་ཁ་ཐུག་གི་རོགས་སྐྱོར་དགོས་ལ། དེ་ལས་གལ་ཆེ་བ་ནི་རང་ངོས་ཀྱི་ནུས་པ་ཆེ་རུ་བཏང་སྟེ་སྨན་རྩལ་ཆེ་ལ་ལས་སྒོ་བཟང་ཞིང་གཏན་སྡོད་ཐུབ་པའི་ས་གནས་དེ་གའི་སྨན་བཅོས་རྐང་འཛིན་ཤེས་ལྡན་མི་སྣའི་དཔུང་སྡེ་ཞིག་གསོ་སྐྱོང་བྱ་དེ་ལས་འགན་ཆེས་གལ་ཆེན་དུ་རྩི་བཞིན་ཡོད་ཅེས་བཤད་པ་རེད།

སྨན་པ་དང་སྨན་ཞབས་པ97ལ་བཀའ་དྲིན་སྙིང་ནས་ཞུ།
ཨ་མ་ལགས་འཆད་ཁྲིད་ཁང་ཆུང་ངུའི་ཚན་རིག་ཁྱབ་གདལ་བརྙན་ཐུང་།

   དེར་བརྟེན། རོགས་སྐྱོར་བྱེད་མཁན་སྨན་ཁང་གིས་དཀར་མཛེས་ཁུལ་གྱི་རྫོང་དང་གྲོང་ཁྱེར་ཁག་གི་དགོས་མཁོ་དང་མི་འདང་སར་དམིགས་ནས། མཐུན་རྐྱེན་ལྷག་པར་འཛོམས་ཤིང་ཆེད་ལས་ལེ་ལག་ཆ་འགྲིག་ཡིན་པ་དང་། གྲུབ་ཚུལ་གསབ་རེས་ཐུབ་པའི་རོགས་སྐྱོར་ཚོགས་པ་མངགས་ནས། རོགས་སྐྱོར་བྱ་ཡུལ་སྨན་ཁང་ལ་ཆེད་ལས་ཚན་ཁག་གཙོ་བོ་གཅིག་ནས་གཉིས་བར་འཛུགས་ཤུགས་ཆེ་རུ་གཏོང་བ་དང་། ཤེས་ལྡན་མི་སྣ་གསོ་སྐྱོང་ལ་ཤུགས་རྒྱག་པ། དོ་དམ་ཆུ་ཚད་དང་སྨན་བཅོས་ཞབས་ཞུ་ནུས་པ་མཐོར་འདེགས་པ་དམིགས་ཡུལ་དུ་བྱས་ཤིང་། བརྒྱུད་རོགས་ཁྲིད་གསུམ་གྱི་ནུས་པ་འདོན་སྤེལ་གང་ལེགས་དང་རོགས་སྐྱོར་ཕན་འབྲས་ཆེས་ཆེ་བ་ཐོན་ཐུབ་པ་ཁག་ཐེག་བྱས་པ་རེད།

   ཁྲེང་ཏུའུ་གྲོང་ཁྱེར་སྨན་ཁང་གཉིས་པའི་ཕོ་བ་དང་རྒྱུ་མའི་ཕྱི་ནད་ཚན་ཁག་གི་སྨན་པ་དཀའ་བཅུ་བ་ཧོང་པའོ་ཡིས་ང་ཚོས་དགེ་སློབ་བར་གྱི་འབྲེལ་བ་བཙུགས་ནས་ལག་ལེན་དམར་ཁྲིད་བྱེད་པའི་ཐོག། ཉིན་རེར་གསལ་བཀྲོལ་རེ་དང་། གཟའ་འཁོར་རེ་ལ་དཔྱད་གླེང་རེ། ཟླ་བ་རེ་ལ་བཞུགས་མོལ་རེ། དུས་ཚིགས་རེ་ལ་ཕྱིར་བལྟས་རེ་བཅས་ཀྱི་རོགས་ཁྲིད་ནང་སྲོལ་བཙུགས་ཡོད་ཅེས་བཤད་པ་རེད།

སྨན་པ་དང་སྨན་ཞབས་པ97ལ་བཀའ་དྲིན་སྙིང་ནས་ཞུ།
སྨན་པ་དང་སྨན་ཞབས་པ97ལ་བཀའ་དྲིན་སྙིང་ནས་ཞུ།
གསེར་རྟ་རྫོང་གི་རོགས་སྐྱོར་སྨན་པ་རུ་ཁག་གིས་རིམས་འགོག་ལ་རོགས་དན་བྱེད་བཞིན་པ།


   བྲག་མགོ་རྫོང་མི་དམངས་སྨན་ཁང་གི་ཕྱི་ནད་ཚན་ཁག་གི་ཀྲུའུ་རེན་མཱ་ཕིང་ཀང་ནི་ཧོང་པའོ་ཡི་སློབ་ཕྲུག་ཡིན་ཞིང་། ཁོས་རོགས་སྐྱོར་ལས་དོན་གྱི་གྲུབ་འབྲས་ཆེས་ཆེ་བ་ནི་སྨན་པ་ཆེད་རམས་པ་ཚོས་འཕྲུལ་རྟ་ཞོན་ནས་ང་ཚོ་ཁུར་རོགས་བྱ་རྒྱུ་དེ་མིན་པར་ང་ཚོར་འཕྲུལ་རྟ་ཞོན་སྟངས་ཅི་འདྲ་ཡིན་པ་བསླབ་རྒྱུ་དེ་རེད་ཅེས་མྱོང་ཚོར་ཆེན་པོ་ལྡན་པའི་སྒོ་ནས་དེ་ལྟར་བཤད་པ་རེད།

   ཁྲེང་ཏུའུ་གྲོང་ཁྱེར་མི་དམངས་སྨན་ཁང་གཉིས་པའི་སྨན་པ་ཆེད་རམས་པའི་ལག་ལེན་དམར་ཁྲིད་འོག་དཀར་མཛེས་རྫོང་མི་དམངས་སྨན་ཁང་གི་ནང་ནད་ཚན་ཁག་གི་སྨན་པ་དང་སྨན་ཞབས་པ་ཚོས་རྨ་མེད་དབུགས་ལམ་འཕྲུལ་ཆས་བེད་སྤྱོད་བྱེད་ཆོག་དང་མི་འཕྲོད་ས། དཔྱད་གྲངས་ལེགས་སྒྲིག། རྒྱུན་ལྡན་གནད་དོན། སྨན་ཞབས་བྱེད་ཐབས་སོགས་ཁོང་དུ་ཆུད་པ་བྱས་ཡོད།

   དེ་ནས་འབྲེལ་དྲྭ་དང་ལག་རྩལ་གསར་པ་ཟུང་དུ་སྦྲེལ་བ་ནི་རོགས་སྐྱོར་སྨན་པ་ཚོགས་པས་འཚོལ་ཞིབ་བྱེད་པའི་བྱེད་ཐབས་གསར་པ་ཞིག་རེད། ཉག་རོང་རྫོང་དུ་རོགས་སྐྱོར་བྱེད་མཁན་དབྱི་པིང་གྲོང་ཁྱེར་མི་དམངས་སྣ་ཁང་དང་པོའི་བྱིས་ནད་ཚན་ཁག་གི་སྨན་པ་ཀུའེ་ལི་ཡིས་ཚན་རིག་ཁྱབ་གདལ་གྱི་ལྡེ་མིག་གིས་བོད་རིགས་སྤུན་ཟླའི་བདེ་ཐང་གི་སྒོ་མོ་འབྱེད་པའི་བསམ་ཚུལ་བཏོན་པ་དང་། ད་ལོའི་ཟླ་བ5པར་། རྫོང་འཕྲོད་བསྟེན་བདེ་ཐང་སོགས་སྡེ་ཚན་དུ་མས་མཉམ་འབྲེལ་གཞོགས་འདེགས་བྱས་ཏེ་ཉག་རོང་རྫོང་གཞུང་ཕྱོགས་ཀྱི་གསོ་རིག་ཚན་རིག་ཁྱབ་གདལ་དྲྭ་སྟེགས་ཏེ་ཨ་མ་ལགས་འཆད་ཁྲིད་ཁང་ཆུང་ངུ་བཙུགས་པ་རེད།

སྨན་པ་དང་སྨན་ཞབས་པ97ལ་བཀའ་དྲིན་སྙིང་ནས་ཞུ།
ལྕགས་ཟམ་རྫོང་མི་དམངས་སྨན་ཁང་གི་རོགས་སྐྱོར་སྨན་པས་གནོད་ཐེབས་རྨས་མར་སྨན་བཅོས་བྱེད་བཞིན་པ།

   ཟླ་བ4ལྷག་གི་ནང་དུ་སྨན་པ་ཀུའེ་ལི་གཙོས་པས་གེ་སར་ཐང་ཆེན་གྱི་ཤེལ་ཡོལ་ཆེན་པོར་ཚན་རིག་ཁྱབ་གདལ་གྱི་བརྙན་ཐུང་སྟེ་ཕྲུ་གུར་ཟས་སྦྱིན་སྟངས་དང་ཚན་རིག་དང་མཐུན་པ་མངལ་སྦྲུམ་སྟངས་སོགས་བཏང་བས། ལས་བྱེད་པ་དང་མང་ཚོགས། ལྷག་པར་ཕ་མ་རེད་གྲབས་ཡོད་པ་བཟའ་ཚང་རྣམས་ཀྱི་དགའ་བསུ་ཆེན་པོ་ཐོབ་པ་དང་ཆབས་ཅིག། ས་གནས་དེ་གའི་སྨན་དོན་མི་སྣ་ཚོ་ལ་ཡང་གསོ་སྦྱོང་དང་ཁྲིད་སྟོན་ཁ་རེ་ཁ་ཐུག་ཐེབས་ཡོད་པ་རེད།

   ད་རུང་བཤད་རིན་ཡོད་པ་ཞིག་ནི་རོགས་སྐྱོར་བྱེད་མཁན་སྨན་པ་ཚོས་དཀར་མཛེས་ཁུལ་གྱི་སྨན་ཁང་ཁག་ལ་ཏོག་གསར་གློ་ཚད་འགོག་ཟོན་སྐོར་ལ་ཡང་ཁྲིད་སྟོན་གང་ལེགས་བྱས་ཡོད། ལྷག་པར་དུ་ལྕགས་ཟམ་རྫོང་དུ་ས་འགུལ་བྱུང་རྗེས་རོགས་སྐྱོར་སྨན་པ་ཚོ་དེ་མ་ཐག་འགུལ་འགོག་གནོད་སྐྱོབ་ཀྱི་ལས་ཡུལ་དུ་བསྐྱོད་དེ། མྱུར་སྐྱོབ་ལས་ཀ་གོ་ཆོད་པོ་སྤེལ་ཏེ་ཚེ་སྲོག་མང་པོ་བསྐྱབས་ཡོད།

སྨན་པ་དང་སྨན་ཞབས་པ97ལ་བཀའ་དྲིན་སྙིང་ནས་ཞུ།
སྨན་བཅོས་རུ་ཁག་གིས་ས་འགུལ་ཁྲོད་ཀྱི་རྨས་མ་སྐྱོབ་བཞིན་པ།

   ལྕགས་ཟམ་རྫོང་མི་དམངས་སྨན་ཁང་དུ་རོགས་སྐྱོར་བྱེད་མཁན་སྨན་པ5ཡོད་ཅིང་། སྨན་པའི་མགོ་གཙོ་ཧོང་ཅུན་ཧྭ་ལ་ཁྲི་ཚང་ས་འགུལ་ཆེན་པོར་རྨས་མ་སྐྱོབ་པའི་ཉམས་མྱོང་ཡོད་པས་ཁོའི་སྣེ་ཁྲིད་འོག་ཏུ། དེ་མ་ཐག་སྨན་ཁང་གི་སྨན་པ་དང་སྨན་ཞབས་པ་སྒྲིག་འཛུགས་བྱས་ནས་ལས་དོན་ཆེད་དོན་ཚོ་ཆུང5དང་སྨན་བཅོས་འཚུབ་བསྟུན་རུ་ཁག33དང་། སྐབས་བཅོས་ས་ཚུགས7བཙུགས་པ་རེད།

   རོགས་སྐྱོར་བྱེད་མཁན་སྨན་པ་ཚོས་རྨས་མ་སྐྱོབ་ཐབས་དང་སྐྱོང་ཐབས་ ལག་ལེན་དམར་ཁྲིད་བྱས་ནས་རྨས་མ147བསྐྱབས་པ་སྦྲགས་ས་གནས་དེ་གའི་སྨན་བཅོས་མི་སྣའི་སྨན་བཅོས་ཉམས་མྱོང་ཕུན་སུམ་ཇེ་ཚོགས་དང་སྐྱོབ་བཅོས་ཀྱི་འཇོན་ནུས་ཇེ་ཆེར་གཏོང་རོགས་བྱས་པ་རེད།

   ཕྱིད་ཆད་རོགས་སྐྱོར་སྨན་པ་ཚོགས་པས་རོགས་སྐྱོར་བྱེད་སྟངས་ཇེ་མང་དུ་གཏོང་བ་དང་། མཉམ་ལས་ཁྱབ་ཁོངས་དང་མཉམ་ལས་ལས་སྟེགས་རྒྱ་སྐྱེད་གཏང་རྒྱུ་ཡིན་ལ། དོ་དམ་འདུ་ཤེས་སྔོན་ཐོན་དང་ཚན་རིག་ཞིབ་འཇུག་གི་གྲུབ་འབྲས་གསར་ཤོས། ནད་ཐོག་སྨན་བཅོས་ཀྱི་ཉམས་མྱོང་བཅས་དཔེ་འཁྱུད་མེད་པར་རོགས་སྐྱོར་ལག་ལེན་ཁྲོད་དུ་སྤྱད་དེ། དཀར་མཛེས་ཁུལ་གྱི་འཕྲོད་བསྟེན་བདེ་ཐང་བྱ་གཞག་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་ནང་དོན་གསར་པ་དང་སྒུལ་ཤུགས་གསར་པ་སྦྱིན་རྒྱུ་རེད།།


  • ལེ་ཚན་སྔོན་མ།:ཁོང་ཚོ་ལ་རྒྱལ་ཡོངས་ཀྱི་གཟེངས་བསྟོད་ཐོབ་འདུག།
  • ལེ་ཚན་རྗེས་མ།:དཀར་མཛེས་རྫོང་ནས་ལོ་དེབ་འདིའི་འགྲེམ་སྤེལ་མཛད་སྒོ་སྤེལ།
  • དོ་སྣང་ཆེ་བའི་རྩོམ།