2022ལོའི་ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན་གྱི་མང་ཚོགས་ཀྱིས་ལོ་ལེགས་མཉམ་སྤྲོའི་བྱེད་སྒོ་སྤེལ།

ལྷ་འཛོམས་ཀྱིས་བསྒྱུར།        2022-09-28

ཝང་ཞའོ་ཧུའེ་ཁྲེང་ཏུའུ་ཚོགས་རར་ཕེབས་ནས་ཤིས་ཚིག་ཕུལ། ཧོང་ཆང་དང་ལིའུ་ཧོན་ཞིན་ཁྲེང་ཏུའུ་ཚོགས་འདུའི་བྱེད་སྒོའི་ནང་ཞུགས།

སྤྱི་ཟླ9པའི་ཚེས23ཉིན། 2022ལོའི་ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན་གྱི་མང་ཚོགས་ཀྱིས་ལོ་ལེགས་ལ་རྟེན་འབྲེལ་ཞུ་བའི་བྱེད་སྒོ་དེ་སི་ཁྲོན་ཁྲེང་ཏུའུ་དང་པེ་ཅིང་ཁྲང་ཕིང་ལ་དུས་གཅིག་ཅར་དུ་སྤེལ་བ་རེད། ཁྲེང་ཏུའུ་ཚོགས་རའི་ཐོག་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཞའོ་ཧུའེ་ཕེབས་ནས་ཤིས་ཚིག་ཕུལ་་བ་དང་།ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་དཔོན་ཧོང་ཆང་དང་ཀྲུང་དབྱང་ཞིང་ལས་གཞུང་དོན་ཁང་གི་ཀྲུའུ་རེན་གཞོན་པ། རྒྱལ་ཁབ་གྲོང་སྡེ་དར་རྒྱས་ཅུས་ཀྱི་ཅུས་ཀྲང་ལིའུ་ཧོན་ཞིན་ཚོགས་འདུར་ཞུགས་པ་རེད།

ཝང་ཞའོ་ཧུའེ་ཡིས་ཤིས་ཚིག་འབུལ་སྐབས་བྱེད་སྒོའི་ནང་ཞུགས་མཁན་སྐུ་མགྲོན་ཚོར་དགའ་བསུ་ཞུས་པ་དང་། དུས་ཡུན་རིང་པོར་སི་ཁྲོན་འཕེལ་རྒྱས་དང་ལྷག་པར་དུ“ཞིང་གསུམ”ལས་དོན་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱེད་མཁན་གྱི་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་སྡེ་ཚན་ཁག། སྤུན་ཟླའི་ཞིང་ཆེན་ཁག། སྤྱི་ཚོགས་ལས་རིགས་ཁག་བཅས་ལ་ཐུགས་རྗེ་ཆེ་ཞུས་པ་རེད། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན་ལྔ་པར་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་སྤྲིངས་ཏེ་ཏང་ཀྲུང་དབྱང་གི་ཚབ་མཛད་ནས་རྒྱལ་ཡོངས་ཀྱི་རྒྱ་ཆེའི་ཞིང་པ་དང“ཞིང་གསུམ་”ལས་ཀའི་ལས་གྲྭའི་ཐོག་ལས་ཀ་བྱེད་མཁན་གྱི་བློ་མཐུན་ཚོར་དུས་ཆེན་གྱི་རྟེན་འབྲེལ་ཞུ་རྒྱུ་དང་སྙིང་ཐག་པ་ནས་འཚམས་འདྲི་ཞུས་པ་རེད། ཁོང་གིས་ད་ལོ་ནས་བཟུང་ཞིང་ལས་དང་གྲོང་སྡེའི་ལས་དོན་ལ་ཁས་ལེན་གང་ལེགས་གནང་ཞིང་། འབྲུ་རིགས་ཉེན་མེད་ཡོང་བར་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཞིང་ལས་ཀྱི་གཞི་རྩ་མ་བརྟན་པོ་བཟོས་པ། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་གཏོང་བ། གྲོང་སྡེ་དར་རྒྱས་གཏང་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་བ། ཞིང་ལས་དང་གྲོང་སྡེ་དེང་རབས་ཅན་ཇེ་མགྱོགས་སུ་གཏང་རྒྱུའི་ཐད་རེ་བ་གལ་ཆེན་བཅོལ་ཡོད། དེ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས“ཞིང་གསུམ”ལས་དོན་ལ་མཐོང་ཆེན་དང་ཐུགས་ཁུར་ཚད་མཐོན་པོར་གནང་བ་གང་ལེགས་མཚོན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་དུ་གཟིགས་ཞིབ་གནང་བར་ཕེབས་སྐབས་ང་ཚོར་འབྲུ་རིགས་ཐོན་སྐྱེད་དམ་འཛིན་དང་དུས་རབས་གསར་པར་ཆུ་ཚད་དེ་བས་མཐོ་བའི“སི་ཁྲོན་འབྲུ་མཛོད”བསྐྲུན་ནས་སི་ཁྲོན་ཞིང་ལས་འཕེལ་རྒྱས་ལ་དུས་རབས་གསར་པའི་ལས་འགན་ལྕི་པོ་སྤྲོད་དགོས་པའི་མངགས་བཅོལ་གནང་བ་རེད། ང་ཚོས་ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་མཐའ་གཅིག་ཏུ་བྱས་ཏེ། ད་ཐེངས་ཀྱི་ལོ་ལེགས་དུས་ཆེན་གྱི་ཚོགས་ར་གཙོ་བོའི་བྱེད་སྒོ་གཉེར་བའི་གོ་སྐབས་དང་བསྟུན་ནས་གྲོང་སྡེ་དར་རྒྱས་གཏོང་བའི་འཐབ་ཇུས་དོན་འཁྱོལ་གཏིང་ཟབ་བྱེད་པ། ཞིང་ལས་དང་གྲོང་སྡེ་སྔོན་ལ་འཕེལ་རྒྱས་གཏང་རྒྱུ་རྒྱུན་འཁྱོངས་དང་། ཞིང་ལས་དང་གྲོང་སྡེ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་ཤུགས་ཆེན་གཏོང་བ། ཞིང་པ་དང་གྲོང་སྡེ་ཐུན་མོང་ཐོག་ཕྱུག་པོར་ཆགས་པར་སྐུལ་སྤེལ་ཏན་ཏིག་གཏོང་བ། རྒྱལ་ཁབ་ཀྱི་འབྲུ་རིགས་ཉེན་མེད་དང་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་ཞབས་ཞུ་དང་འགན་སྲུང་སྔར་ལས་ལེགས་པར་བྱེད་པ། སི་ཁྲོན་ཞིང་ལས་ཀྱི་ཞིང་ཆེན་ཆེན་པོ་ནས་ཞིང་ལས་ཀྱི་སྟོབས་འབྱོར་ལྡན་པའི་ཞིང་ཆེན་དུ་མཆོང་བརྒལ་བྱེད་པར་སྐུལ་འདེད་མགྱོགས་སུ་གཏོང་བ་བཅས་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་ཆེད་ལེགས་སྐྱེས་གསར་པ་སྔར་ལས་ཆེ་བ་འབུལ་དགོས།

ཞིང་ཆེན་གྱི་མགོ་ཁྲིད་ཧྲེ་ཞའོ་ལིན་དང་ཡུས་ལི་ཅུན། ཁྲེན་ཝུའེ། ཧུའུ་ཡུན་བཅས་དང་ཁྲེང་ཏུའུ་གྲོང་ཁྱེར་གྱི་གྲོང་དཔོན་ཝང་ཧྥུང་ཁྲའོ་བྱེད་སྒོར་ཞུགས་པ་རེད།།



  • ལེ་ཚན་སྔོན་མ།:ཅིན་ལེ་ཡིས་དཀར་མཛེས་ཁུལ་དུ་རྟོག་ཞིབ་གནང་།
  • ལེ་ཚན་རྗེས་མ།:རོང་བྲག་རྫོང་ལ་རྒྱ་ལུགས་སྨན་རྒྱུ་ཐོན་ལེགས་བྱུང་ནས་ཡུལ་མིའི་ཡོང་འབབ་རིམ་བཞིན་འཕར།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10