དཀར་མཛེས་རྫོང་ནས་ལོ་དེབ་འདིའི་འགྲེམ་སྤེལ་མཛད་སྒོ་སྤེལ།

འབོད་པ་ལོ་དེབ་རྩོམ་སྒྲིག་ཚོ་ཆུང་ནས།        2022-09-29

 དཀར་མཛེས་རྫོང་ནས་ལོ་དེབ་འདིའི་འགྲེམ་སྤེལ་མཛད་སྒོ་སྤེལ།

  ཉེ་ཆར། དཀར་མཛེས་རྫོང་རྩོམ་རིག་སྒྱུ་རྩལ་དང་སྤྱི་ཚོགས་ཚན་རིག་མཉམ་འབྲེལ་ལྷན་ཚོགས་ཀྱི་ཁང་རྩེག་གཉིས་པའི་ཚོགས་ཁང་དུ་འབོད་པ་ལོ་དེབ་འདོན་ཐེངས་བདུན་པའི་དེབ་གསར་འགྲེམ་སྤེལ་གྱི་མཛད་སྒོ་སྤེལ་བ་རེད།

དཀར་མཛེས་རྫོང་ནས་ལོ་དེབ་འདིའི་འགྲེམ་སྤེལ་མཛད་སྒོ་སྤེལ།

   མཛད་སྒོའི་ཐོག་དཀར་མཛེས་རྫོང་རྩོམ་རིག་སྒྱུ་རྩལ་དང་སྤྱི་ཚོགས་ཚན་རིག་མཉམ་འབྲེལ་ལྷན་ཚོགས་དང་། རྫོང་གུང་གཞོན་ཚོགས་པ། རྫོང་རིག་སློབ་ཁང་དང་རྫོང་མི་རིགས་སློབ་འབྲིང་། རྫོང་ཏང་གི་སློབ་གྲྭ། དཀར་མཛེས་བོད་ལུགས་གསེར་བྲིས་ཁང་། སློབ་ཆུང་གསུམ་པ། གེ་སར་མཁར་གྲོང་སོགས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་མི་སྣ་རྣམས་ཞུགས་པ་རེད།

དཀར་མཛེས་རྫོང་ནས་ལོ་དེབ་འདིའི་འགྲེམ་སྤེལ་མཛད་སྒོ་སྤེལ།

   མཛད་སྒོའི་ཚོགས་འདུ་རུ་འབོད་པ་ལོ་དེབ་ཀྱི་གཙོ་སྒྲིག་པས་འབོད་པ་ལོ་དེབ་ཀྱི་བརྒྱུད་རིམ་དང་། རྩོམ་སྒྲིག་པར་སྐྲུན་གྱི་དམིགས་ཡུལ་སོགས་ནས་མཚམས་སྦྱོར་བྱས་པ་དང་། སྡེ་ཚན་སོ་སོ་ནས་ཡོང་བའི་ཚོགས་ཞུགས་མི་སྣས་འབོད་པ་ལོ་དེབ་ནི་དཀར་མཛེས་ཀྱི་རྩོམ་རིག་ཞིང་ས་ལྟ་བུ་ཞིག་ཡིན་པས་སླད་མར་ལོ་དེབ་འདི་ལོ་ཕྱེད་དེབ་ཏུ་བསྒྱུར་ཐུབ་ན་ལེགས་པའི་བསམ་ཚུལ་དང་། འབོད་པ་ལོ་དེབ་ཀྱི་དགེ་མཚན་དང་འབྱུང་འགྱུར་གྱི་འཕེལ་རིམ་སྐོར་ནས་སོ་སོའི་བསམ་ཚུལ་ཅི་རིགས་བརྗོད་ཅིང་གཙོ་བོ་འབོད་པ་ལོ་དེབ་ཀྱི་མ་འོངས་པའི་ཁ་ཕྱོགས་དང་། དཀར་ཆག་སྒྲིག་ལུགས། རྩོམ་ཡིག་བསྡུ་སྟངས། རྩོམ་ཡིག་དགོད་ལུགས། རྩོམ་སྒྲིག་བྱེད་ཐབས། རྩོམ་རིགས་དབྱེ་ཐབས་སོགས་ཀྱི་ཐད་ནས་གཏམ་བཤད་དང་བསམ་འཆར་ལྷུག་བརྗོད་བྱས་པ་རེད།

དཀར་མཛེས་རྫོང་ནས་ལོ་དེབ་འདིའི་འགྲེམ་སྤེལ་མཛད་སྒོ་སྤེལ།


  • ལེ་ཚན་སྔོན་མ།:སྨན་པ་དང་སྨན་ཞབས་པ97ལ་བཀའ་དྲིན་སྙིང་ནས་ཞུ།
  • ལེ་ཚན་རྗེས་མ།:རྒྱལ་སྟོན་གུང་གསེང་རིང་གི་འགྲིམ་འགྲུལ་བཙན་སྡོམ་གྱི་བརྡ་ཁྱབ།
  • དོ་སྣང་ཆེ་བའི་རྩོམ།