ཁུང་འབྲུག་རྩ་མེད་གྱུར་བའི་རྒྱུ་མཚན་གསར་པ་ཞིག་རྙེད།

        2022-09-27

 ཀྲུང་གོའི་ཚན་རིག་མཁས་ཅན་གྱིས་ཧྲའན་ཤིས་ཧྲན་དབྱང་གཤོང་ས་ནས་ཐོན་པའི་ཁུང་འབྲུག་སྒོ་ང་དང་སྒོང་ཁོག་གི་མ་དཔེ་1000ལྷག་ཙམ་ལ་ཞིབ་འཇུག་བྱས་པ་ལས་མངོན་པར། ཁུང་འབྲུག་གི་རྒྱུན་ཆད་པའི་རྒྱུ་མཚན་ནི་སའི་གོ་ལར་རྡབ་རྡེག་ཕོག་པ་དང་མེ་རི་འཕྱུར་བའི་སྲོལ་རྒྱུན་གྱི་ཕྱིའི་རྒྱུ་མཚན་ཆེན་པོ་སྨྲ་བ་གཉིས་ཕུད། ད་དུང་རང་ངོས་ཀྱི་རྒྱུ་རྐྱེན་ཡང་ཡོད་པ་སྟེ། ལོ་ངོ་ཁྲི་6800ཡི་སྔོན་ནས་ལོ་ངོ་ཁྲི་6600ཡི་སྔོན་གྱི་ལོ་ངོ་ཁྲི་200ཡི་རིང་། ཁུང་འབྲུག་གི་སྣ་མང་རང་བཞིན་ལ་རྒྱུན་མཐུད་རང་བཞིན་གྱི་ཉམས་རྒུད་སོང་བ་དང་། ནང་རྐྱེན་ཕྱི་རྐྱེནགཉིས་ཐུན་མོང་གི་ནུས་པ་ལས་ཁུང་འབྲུག་རྩ་མེད་དུ་སོང་ཡོད་པ་རེད།

ཡོང་ཁུངས། མི་དམངས་དྲ་བ། 


  • ལེ་ཚན་སྔོན་མ།:མཉམ་འབྲེལ་རྒྱལ་ཚོགས་དང་ཨེ་ཅིབ་ཀྱིས་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་མཚམས་འཇོག་པར་བར་འདུམ་བྱས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།