མཉམ་འབྲེལ་རྒྱལ་ཚོགས་དང་ཨེ་ཅིབ་ཀྱིས་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་མཚམས་འཇོག་པར་བར་འདུམ་བྱས།

        2022-08-09

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་ཉེ་སྔོན་གྱི་འཁྲུག་རྩོད་ལ་དམིགས་ཏེ། མཉམ་འབྲེལ་རྒྱལ་ཚོགས་དང་ཨེ་ཅིབ་ཀྱིས་ཚེས་ལྔ་ཉིན་འཁྲུག་རྩོད་ཕྱོགས་ཁག་བར་བྲེལ་མྱུར་བར་འདུམ་བྱས་ཏེ། ཅཱ་ཧྲ་ས་ཁུལ་གྱི་ཛ་དྲག་གི་གནས་བབ་མཇུག་སྒྲིལ་དུ་བཅུག 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབུས་ཤར་གནད་དོན་གྱི་ཆེད་མངག་ཕོ་ཉ་ཐའོ་ཨར་ཝུན་ནེ་སི་ཡིས་ཚེས་ལྔ་ཉིན་གསལ་སྒྲོག་སྤེལ་ཏེ། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འཁྲུག་རྩོད་ཕྱོགས་ཁག་བར་འབྲེལ་འདྲིས་བྱེད་བཞིན་ཡོད་པ་དང་། ཧུར་ཐག་སྒོས་འཁྲུག་རྩོད་ཛ་དྲག་ཏུ་འགྱུར་བར་སྔོན་འགོག་བྱས་ཏེ། ཅཱ་ཧྲ་ས་ཁུལ་གྱི་མི་སེར་དཀྱུས་མར་མི་ཕན་པའི་གནོད་འཚེ་རང་བཞིན་གྱི་མཇུག་འབྲས་འབྱུང་བར་སྔོན་འགོག་བྱས། ཁོས་བཤད་རྒྱུར། གནས་ཚུལ་དེ་འདྲ་མི་འབྱུང་བར་བྱེད་པའི་འགན་འཁྲི་འཁྲུག་རྩོད་ཕྱོགས་ཁག་སོ་སོར་རག་ལས་ཡོད་ཟེར། 

གཞན་ཡང་ཨེ་ཅིབ་གསར་འགྱུར་ལས་རིགས་ཀྱིས་ཚེས་ལྔ་ཉིན་བསྒྲགས་པ་ལྟར་ན། ཨེ་ཅིབ་ཀྱི་དཔོན་རིགས་ཤིག་གིས་བསྟན་དོན། ཨེ་ཅིབ་ཀྱིས་ཕཱ་ལེ་སི་ཐན་དང་དབྱི་སི་རལ་བར་འབྲེལ་འདྲིས་ཟབ་མོ་བྱས་ཏེ། ཅཱ་ཧྲ་ས་ཁུལ་གྱི་ཛ་དྲག་གི་གནས་བབ་མཇུག་སྒྲིལ་བར་བརྩོན་བཞིན་ཡོད་ཟེར། 

དབྱི་སི་རལ་གྱི་འཐབ་འཛིང་གནམ་གྲུས་ཚེས་ལྔ་ཉིན་ཅཱ་ཧྲ་ས་ཁུལ་དུ་བར་སྣང་འཇབ་རྒོལ་བྱས་ཏེ། ཅཱ་ཧྲ་ས་ཁུལ་གྱི་དྲག་ཆས་རྩ་འཛུགས་ཕཱ་ལེ་སི་ཐན་དབྱི་སི་ལན་འཐབ་མཆོག་རྩ་འཛུགས་ཅེ་ཧཱ་ཏི་ཡི་དམིགས་འབེན་མང་བོར་ཆམ་ཕབ་བཏང་བ་དང་། ཕཱ་ལེ་སི་ཐན་གྱི་མི་བཅུ་རྐྱེན་ལམ་དུ་ཤོར་བ་དང་མི་བཅུ་ཕྲག་འགར་རྨས་ཕོག་ཡོད། དེར་འཁོན་ལན་སློག་ཆེད་དབྱི་སི་རལ་གྱི་དབུས་ཕྱོགས་དང་ལྷོ་ཕྱོགས་ས་ཁུལ་དུ་ཉིན་དེའི་དགོང་མོར་ཅེ་ཧཱ་ཏི་ཡི་མེ་ཤུགས་འཕུར་མདའི་འཇབ་རྒོལ་ཐེབས་པ་རེད། །


  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་ནས་ཨན་པེ་ཅིན་སན་གྲོངས་པའི་ཐད་མྱ་ངན་ཞུ་འཕྲིན་བཏང་བ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།