ཁོང་ཚོ་ལ་རྒྱལ་ཡོངས་ཀྱི་གཟེངས་བསྟོད་ཐོབ་འདུག།

བདེ་སྐྱིད་ཀྱིས་བསྒྱུར།        2022-09-28

ཧྲེན་དབྱང་དང་ཧྥུང་ཧྥ་ཀུའེ་ཡིས་རྒྱལ་ཡོངས་ཀྱི་གཟེངས་བསྟོད་ཐོབ་པའི་རང་ཁུལ་གྱི་སྔོན་ཐོན་མི་སྒེར་དང་དཔེ་བཟང་ཐུན་མོང་གི་འཐུས་མིར་མཇལ་འཕྲད་གནང་།

   རྒྱལ་སྟོན་དུས་ཆེན་འཆར་ཉེ་དང་རྒྱལ་ཡོངས་མི་དམངས་ཀྱིས་དགའ་སྤྲོ་ཆེན་པོས་ཏང་གི་ཚོགས་ཆེན་ཉི་ཤུ་པ་འཚོག་པར་བསུ་བ་ཞུ་བའི་སྐབས་སུ། སྤྱི་ཟླ9པའི་ཚེས27ཉིན། ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཧྥུང་ཧྥ་ཀུའེ་ཡིས་དར་མདོར་མཚན་སྙན་ཐོབ་ནས་ཕྱིར་ལོག་པའི“རྒྱལ་ཡོངས་མི་དམངས་ཀྱི་བློ་ལ་བབ་པའི་གཞུང་ཞབས་པ”དང“མི་དམངས་ཀྱི་བློ་ལ་བབ་པའི་གཞུང་ཞབས་པའི་ཐུན་མོང་”ཕུལ་བྱུང་མི་དམངས་ཉེན་རྟོག་པ། སྤྱི་བདེ་ལས་ཁུངས་ཀྱི་དམངས་གཅེས་དཔེ་བཟང་ཐུན་མོང་གི་འཐུས་མི་བཅས་ལ་མཇལ་འཕྲད་གནང་བ་རེད།

ཁོང་ཚོ་ལ་རྒྱལ་ཡོངས་ཀྱི་གཟེངས་བསྟོད་ཐོབ་འདུག།

   མཇལ་འཕྲད་གནང་སྐབས།“རྒྱལ་ཡོངས་མི་དམངས་ཀྱི་བློ་ལ་བབ་པའི་གཞུང་ཞབས་པ”སེར་ཤུལ་རྫོང་དྲན་འཁོར་ཡུལ་ཤོག་གི་ཏང་ཨུའི་ཧྲུའུ་ཅི་འོད་བདེ་དང་། “མི་དམངས་ཀྱི་བློ་ལ་བབ་པའི་གཞུང་ཞབས་པའི་ཐུན་མོང”དཔལ་ཡུལ་རྫོང་འབར་རོང་ཡུལ་ཤོག་གི་ཏང་ཨུའི་ཧྲུའུ་ཅི་ལི་ཆི་ཅུན་གྱི་རྒྱལ་ཡོངས་ཀྱི་གཟེངས་བསྟོད་ཚོགས་ཆེན་གཟབ་རྒྱས་ཀྱི་གནལ་ཚུལ་ལོངས་སྤྱོད་བྱས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཟེངས་བསྟོད་ཐོབ་པའི་འཐུས་མི་ཚོར་བྱམས་བརྩེའི་ངང་མཇལ་འཕྲད་གནང་བའི་སེམས་འགུལ་ཐེབས་པའི་རྣམ་པ་བསྐྱར་དྲན་གསོ་བྱས་པ་རེད། རྒྱལ་ཡོངས་ཀྱི་ཕུལ་བྱུང་མི་དམངས་ཉེན་རྟོག་པ་དར་མདོ་གྲོང་ཁྱེར་རྒྱུ་ལའི་འགྲིམ་འགྲུལ་དོ་དམ་ཉེན་དོན་ས་ཚུགས་ཀྱི་མགོ་འཛིན་པ་པའོ་ཡུང་ཕུང་། རྒྱལ་ཡོངས་སྤྱི་བདེ་ལས་ཁུངས་ཀྱི་དམངས་གཅེས་དཔེ་བཟང་ཐུན་མོང་གི་འཐུས་མི་སྡེ་དགེ་རྫོང་སྤྱི་བདེ་ཅུས་ཆབ་སྲིད་འགན་བཅོལ་རུ་ཆེན་གྱི་རུ་དཔོན་ཆེན་མོ་ཚེ་དབང་དོན་གྲུབ་བཅས་ཀྱིས་མྱོང་ཚོར་ལྷུག་བརྗོད་བྱས་ཏེ་མུ་མཐུད་ནས་ལས་ཀར་འབད་བརྩོན་བྱ་རྒྱུའི་ངེས་བཤད་དང་ཆོད་སེམས་མངོན་མཚོན་བྱས་པ་རེད།

ཁོང་ཚོ་ལ་རྒྱལ་ཡོངས་ཀྱི་གཟེངས་བསྟོད་ཐོབ་འདུག།

   ཧྲེན་དབྱང་དང་ཧྥུང་ཧྥ་ཀུའེ་ཡིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་མཛད་ནས་གཟེངས་བསྟོད་ཐོབ་པའི་མི་སྒེར་དང་དཔེ་བཟང་ཐུན་མོང་གི་འཐུས་མིར་རྟེན་འབྲལ་ཞུ་བ་དང་ཁོང་ཚོས་གཟེངས་སུ་ཐོན་པའི་བྱས་རྗེས་བཞག་པར་ཐུགས་རྗེ་ཆེ་ཞུ་བ་རེད།    ཧྲེན་དབྱང་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མིང་ཐོག་ནས་གཞུང་ཞབས་པ་དང་སྤྱི་བདེའི་ཁོངས་གཏོགས་ཀྱི་སྔོན་ཐོན་མི་སྒེར་དང་དཔེ་བཟང་ཐུན་མོང་ལ་གཟེངས་བསྟོན་བྱས་པ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་རྒྱ་ཆེ་བའི་གཞུང་ཞབས་པ་དང་སྤྱི་བདེ་མི་དམངས་ཉེན་རྟོག་པར་བྱམས་བརྩེསི་ཐུགས་ཁུར་དང་དཔུག་སྡེ་འཛུགས་སྐྱོང་ལ་བླ་ལྷག་གིས་མཐོང་ཆེན་གནང་བ་མཚོན་པ་རེད། ཉེ་བའི་ལོ་ཤས་རིང་། ཁུལ་ཡོངས་ཀྱི་འཐབ་ཕྱོགས་སོ་སོའི་ཐོག་གི་རྒྱ་ཆེ་བའི་གཞུང་ཞབས་པ་དང་སྤྱི་བདེ་མི་དམངས་ཉེན་རྟོག་པ་ཚོས་མཐོ་སྒང་ལ་གཞིས་ཚུགས་ཏེ་རང་འགན་གཙང་སྒྲུབ། སྒེར་སེམས་མེད་པར་ཡོད་ཚད་ཕུལ་བ་དང་། ལྷག་པར་དུ་རིམས་ཚུལ་འགོག་ཟོན་དང་འགུལ་འགོག་གནོད་སྐྱོབ། དཔལ་འབྱོར་འཕེལ་རྒྱས། བརྟན་རླིང་སྲུང་སྐྱོང་ལ་སོགས་པའི་གཙོ་གནད་ལས་ཀ་སོ་སོའི་ཁྲོད་དུ་བྱ་སྤྱོད་དངོས་ཀྱི་ཐོག་ནས་མི་དམངས་ལ་ཞབས་འདེགས་ཞུས་ཏེ། ཐོག་མའི་བསམ་འདུམ་དང་འགན་འཁྲི་ལག་ལེན་བསྟར་ནས་ཕུལ་བྱུང་མི་སྣ་དང་སྔོན་ཐོན་དཔེ་མཚོན་མང་པོ་ཐོན་ཡོད་པ་རེད། རྒྱལ་ཡོངས་ཀྱི་གཟེངས་བསྟོད་ཐོབ་པ་ནི་གཟི་བརྗིད་ཧ་ཅང་ཆེ་ལ་ཧ་ཅང་རྩ་ཆེ་བས་ཚང་མས་གཟི་བརྗིད་མཚན་སྙན་ལ་གཅེས་སྤྲས་དང་ཡང་འབད་བསྐྱར་འབད་བྱས་ཏེ་མུ་མཐུད་ནས་མིག་དཔེ་ཡག་པོ་དང་དཔེ་སྟོན་ཡག་པོ་བྱས་ཏེ།རང་འཁྲིའི་ལས་གནས་ཐོག་སླར་ཡང་གྲུབ་འབྲས་བཟང་པོ་གཏོད་པ་དང་། བྱས་རྗེས་གསར་པ་བཞག་ནས་མཐུན་སྒྲིལ་འབྱོར་ཕྱུག་དང་འཆམ་མཐུན་མཛེས་སྡུག་གི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གསར་འཛུགས་སྐྱོང་བྱེད་པར་སྟོབས་ཤུགས་ཀྱི་བྱས་རྗེས་གསར་པ་འཇོག་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།


  • ལེ་ཚན་སྔོན་མ།:ལི་ཐང་རྫོང་གིས་ལོ་ལེགས་བྱུང་བར་རྟེན་འབྲེལ་ཞུས་ནས་དུས་ཆེན་བསུ་བ་བྱས།
  • ལེ་ཚན་རྗེས་མ།:སྨན་པ་དང་སྨན་ཞབས་པ97ལ་བཀའ་དྲིན་སྙིང་ནས་ཞུ།
  • དོ་སྣང་ཆེ་བའི་རྩོམ།