ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་འདུ་ཤེས་བརྟན་པོར་འཆང་།། མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ་བ་ལྷག་པར་ཟབ།།

སྐལ་ཐུབ་ཀྱིས་བྲིས།        2022-09-30

ལྕགས་ཟམ་རྫོང་གི་ས་འགུལ་གནོད་འཚེ་ཐེབས་ཁུལ་དུ་མང་ཚོགས་ལས་དོན་ཡོངས་སུ་ཁྱབ་པ་སྤེལ།

ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་འདུ་ཤེས་བརྟན་པོར་འཆང་།། མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ་བ་ལྷག་པར་ཟབ།།

བཀའ་དྲིན་ཆེ། གུང་ཁྲན་ཏང་ལ་བཀའ་དྲིན་ཆེ་ཞུ། ཏང་ཨུ་དང་སྲིད་གཞུང་ལ་བཀའ་དྲིན་ཆེ་ཞུ། ས་འགུལ་བྱུང་རྗེས་ཐད་འཕུར་གནམ་གྲུ་མངགས་ནས་ང་ཚོར་འཚོ་བའི་དངོས་ཟོག་བསྐྱལ་བ་དང་། ད་དུང་ལས་དོན་རུ་ཁག་མངགས་ནས་ང་ཚོར་རོགས་རམ་བྱས་བྱུང་ཞེས་པ་འདི་ནི་མི་རིགས་མཐུན་སྒྲིལ་ཁྱིམ་ཚང་དུ་སྤེལ་བའི་གཉེན་འཚོལ་རོགས་སྐྱོར་བྱ་ཡུལ་གྱི་ཉེ་བ་ཚོས་ས་འགུལ་བྱུང་རྗེས་ཁ་པར་གཏོང་ཐུབ་མ་ཐག་ཁ་པར་ནས་བཤད་པའི་སྐད་ཆ་རེད།

སྤྱི་ཟླ9པའི་ཚེས5ཉིན་ལ་ལྕགས་ཟམ་རྫོང་དུ་ས་འགུལ་རིམ་པ6.8བྱུང་རྗེས། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་འགུལ་འགོག་གནོད་སྐྱོབ་ལས་དོན་ཡག་པོ་བསྒྲུབས་པ་དང་ཆབས་ཅིག། མི་རིགས་མཐུན་སྒྲིལ་ཁྱིམ་ཚང་དུ་སྤེལ་བའི་ལག་ལེན་བྱ་སྤྱོད་ཀྱི་རྨང་གཞིའི་ཐོག། མང་ཚོགས་ལས་དོན་ཚོ་ཆུང་གིས་གཅིག་འདོམས་འཆར་འགོད་འོག་ཏུ། ཁུལ་རིམ་པའི་མགོ་ཁྲིད9ཡིས་སྡེ་ཁུལ་དང་ཡུལ་ཤོག། གྲོང་རྡལ་བཅས་ཁག་བགོས་ནས་འགན་གཙང་ལེན་བྱེད་པའི་ལས་དོན་ནང་སྲོལ་བཙུགས་པ་དང་། བཅའ་ཁྲིམས་ཞབས་ཞུ་དང་སྲིད་ཇུས་འདྲི་རྨེད། སེམས་ཁམས་གསོ་ཁྲིད་བཅས་ཆེད་དོན་ལས་དོན་ཚོ་ཆུང3བཀོད་ཅིང་། དེ་ནས་གྲོང་སྡེར་བཅའ་ཞུགས་ལས་དོན་རུ་ཁག་མང་པོ་བཙུགས་པ་སྟེ1+9+3+Nཞེས་པའི་རྩ་འཛུགས་མ་ལག་ལྟར་མང་ཚོགས་ལས་དོན་ཚོ་ཆུང་བཙུགས་ནས། ལྕགས་ཟམ་ཁའི་ས་འགུལ་གནོད་འཚེ་ཐེབས་ཁུལ་གྱི་ཡུལ་ཤོག་དང་གྲོང་སྡེ། བཀོད་སྒྲིག་བྱ་ཡུལ་དུ་བཅའ་ཞུགས་བྱས་ཏེ་བཅའ་ཁྲིམས་ཞབས་ཞུ་དང་སྲིད་ཇུས་འདྲི་རྨེད། སེམས་ཁམས་གསོ་ཁྲིད་སོགས་ཀྱི་མང་ཚོགས་ལས་དོན་ཡོངས་སུ་ཁྱབ་པ་སྤེལ་བ་རེད།

མང་ཚོགས་ལས་དོན་མྱུར་དུ་སྤེལ།

སྤྱི་ཟླ9པའི་ཚེས11ཉིན་གྱི་ཆུ་ཚོད9དང་སྐར་མ50ཐོག་ལྕགས་ཟམ་རྫོང་གདན་ཐོག་གྲོང་རྡལ་རེ་སྨོན་གྲོང་སྡེར་མང་ཚོགས་ལས་དོན་རུ་ཁག་འབྱོར་ཞིང་། དེ་མ་ཐག་གྲོང་སྡེའི་བཅའ་ཞུགས་རྫོང་དང་གྲོང་རྡལ་གྱི་ལས་བྱེད་པ་དང་འབྲེལ་བ་བྱས་ཏེ་གནོད་འཚེ་ཐེབས་ཚུལ་རྒྱུས་ལོན་དང་། ལས་དོན་རུ་ཁག་ཡོང་དོན་དང་ལས་འགན། སྒྲིག་ལམ་བཅས་བཤད་རྗེས། གྲོང་སྡེ་དེའི་ཧྲང་པ་སྡེ་ཁུལ་གྱི་གནོད་ཐེབས་མང་ཚོགས་ཀྱི་ཁྱིམ་ཚང་རེ་རེར་ཕྱིན་ནས་ཁྱིམ་ཚང་གི་གནས་ཚུལ་དང་ཁང་པར་གནོད་འཚེ་ཐེབས་ཚུལ། སྒོ་ཕྱུག་གི་གྲངས་ཀ། ས་ཞིང་འདེབས་ཁྱོན། དཀའ་ངལ་དང་རེ་ཞུ་གནད་དོན་སོགས་བསྡོམས་རྩིས་བརྒྱབ་ནས་གནོད་འཚེ་ཐེབས་ཚུལ་དང་ཐོན་སྐྱེད་ཀྱི་གནས་ཚུལ་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པར་བྱས་ཡོད། ཉིན་དེའི་ཕྱི་དྲོར། ཧྲང་པ་སྡེ་ཁུལ་གྱི་གནོད་ཐེབས་མང་ཚོགས་དུད་ཚང18ཚང་མའི་སར་སླེབས་ནས་འཚམས་འདྲི་བྱས་ཡོད། སྤྱི་ཟླ9པའི་ཚེས14ཉིན་གྱི་བར། དུད་ཚང183གྱི་མི496ལ་འཚམས་འདྲི་བྱས་ཤིང་། མི291ལ་སེམས་ཁམས་གསོ་ཁྲིད་དང་མི259ལ་སྲིད་ཇུས་དང་བཅའ་ཁྲིམས་དྲིལ་བསྒྲགས་བྱས་ཡོད། ཕྱོགས་ཁག་གི་སྡེ་ཚན་ལ་མཐུན་སྦྱོར་བྱས་ནས་གྲོང་སྡེ་ཡོངས་ཀྱི་གློག་དང་འཕྲིན་གཏོང་བསྐྱར་གསོ་བྱས་ཡོད། འགྲིམ་འགྲུལ་དང་ཆུ་ལོག་འགོག་པ་དང་འབྲེལ་བ་ཡོད་པའི་གནད་དོན3དང་ཡུལ་མི་མི་སྒེར་གྱི་རེ་ཞུ5བསྡུས་ཡོད། འགལ་བ་དང་རྩོད་གླེང་གཅིག་ཚགས་བཤེར་བྱས། གནོད་ཐེབས་མང་ཚོགས་ནང་དཀའ་ངལ་ཡོད་པའི་དུད་ཚང29ཡི་མི34ལ་འཚམས་འདྲི་བྱས་ཡོད། དུད་ཚང10ཡི་ཟ་ཁང་དང་གསང་སྤྱོད་ཁང་སོགས་སྨི་གྲུ་བཞི་མ700ལ་དུག་སེལ་བྱས་ཤིང་། གནོད་སྐྱོབ་འབྲས་རྒྱ་མ12000སྤྲད་ཡོད།

གདན་ཐོག་གྲོང་རྡལ་མང་ཚོགས་ལས་དོན་གྱི་འགན་འཁུར་བ་རྡོ་རྗེས་སྡེ་ཁུལ་འདིའི་མང་ཚོགས་ལས་དོན་རུ་ཁག་ནི་ཁུལ་དང་རྫོང་། ཡུལ་ཤོག་དང་གྲོང་སྡེ་བཅས་རིམ་པ་བཞིའི་ལས་བྱེད་པ66དང་དང་བླངས་པ་ཁ་ཤས་ལས་གྲུབ་ཡོད། ཁོ་ཚོས་གྲོང་རྡལ་ཡོངས་ཀྱི་དུད་ཚང2026གི་མི8067ལ་འཚམས་འདྲི་དང་གནད་དོན་ཐག་གཅོད་བྱེད་རོགས་བྱ་དགོས་ཞེས་བཤད་པ་རེད།

སྦྲ་གུར་མདུན་གྱི་ལས་དོན་གྲོས་ཚོགས།

གདན་ཐོག་གྲོང་རྡལ་བདེ་སྐྱིད་གྲོང་སྡེའི་བཀོད་སྒྲིག་བྱ་ཡུལ་གྱི་སྦྲ་གུར་ཞིག་གི་མདུན་དུ་གདན་ཐོག་སྡེ་ཁུལ་གྱི་མང་ཚོགས་ལས་དོན་རུ་ཁག་གི་རུ་མི་ཚོས་ཉིན་དེའི་ལས་དོན་བཀོད་སྒྲིག་བྱེད་བཞིན་ཡོད།

ལས་དོན་རུ་ཁག་གི་ཁོངས་མི་ཀྲུའུ་ཧྲོའོ་ཀྲུང་གིས་ཅོ་ཙི་ཕིང་གྲོང་སྡེ་ཚོ་ཁག་དང་པོའི་ལེ་ཏེ་ཕིང་ཚང་གི་དཀའ་ངལ་ཐག་གཅོད་ཐུབ་ཡོད། ལེ་ཏེ་ཕིང་ནི་དབྱིས་རིགས་ཡིན་ཞིང་། ས་འགུལ་འབྱུང་དུས་ཁོའི་བཟའ་ཟླ་མའོ་ཅན་ཧྥེང་རི་རྐེད་དུ་ཞིང་ལས་འགུལ་བཞིན་ཡོད་པས་རྡོ་བྲུལ་ནས་མགོ་དང་རྐེད་པ། རྐང་ལག་བཞི་ལ་རྨས་སྐྱོན་ཚབས་ཆེན་ཕོག་ནས་གཤག་བཅོས་ཐེངས་གཉིས་ཀྱི་སྨན་ཡོན་སྒོར་འབུམ་གཅིག་དང་ཁྲི་གཅིག་གི་འགྲོ་སོང་ཐག་གཅོད་ཐུབ་ཡོད། མོའི་བུ་སྦྲིད་ནད་ཕོག་པ་ལ་ཡང་ལྟ་སྐྱོང་ཡག་པོ་ཐུབ་ཡོད། ཅེས་ལས་དོན་སྙན་སེང་ཞུ་བ་དང་ཆབས་ཅིག། ལས་ཀའི་ནང་ང་ཚོར་རང་བྱུང་གི་གནོད་པ་ཚབས་ཆེན་དང་འཕྲད་དུས་མི་རིགས་ཁག་གི་མང་ཚོགས་སེ་འབྲུའི་རྡོག་པོ་ལྟར་གཅིག་ལ་གཅིག་འབྲེལ་བའི་མཐུན་སྒྲིལ་དམ་ཟབ་བྱས་ནས་གཅིག་ཕན་གཅིག་རོགས་དང་དཀའ་ཚེགས་མཉམ་སྒྲོལ་བྱེད་བཞིན་པའི་མྱོང་ཚོར་ཆེན་པོ་བྱུང་ཞེས་བཤད་པ་རེད།

ལས་དོན་རུ་ཁག་གི་བུད་མེད་ཅིག་གིས་ང་རང་གདན་ཐོག་གྲོང་རྡལ་དུ་སླེབས་པ་ཉིན་ནས་སེམས་འགུལ་ཆེན་པོ་ཐེབས་བྱུང་། སྔ་དྲོའི་ལས་འགན་ཚར་རྗེས་ཉིན་གཞུང་གི་ཁ་ལག་ཟ་དུས་ཡུལ་མི་ཨ་ནེས་ང་ལ་སྟར་ག་སྟེར་བ་དང་། ངའི་ཕོར་པར་ཤ་བཅུག་བྱུང་། ངས་བཟས་མི་ཚར་ན་འཕྲོ་བརླག་རེད་ཅེས་ཟེར་དུས། ཨ་ནེས་ཟས་ལྷག་ང་ཚོས་བཟའ་ཆོག། ཁྱེད་ཚོ་དཀའ་ལས་ཆེ་ཐལ་ཞེས་བཤད། ཕྱི་དྲོར་བཀོད་སྒྲིག་བྱ་ཡུལ་དུ་དཀའ་ངལ་དང་རེ་ཞུ་གང་ཡོད་སྡུད་ལེན་དུ་སོང་དུས། ཚང་མས་དཀའ་ངལ་མི་འདུག། ད་ལྟ་བཟའ་རྒྱུ་དང་འཐུང་རྒྱུ། གྱོན་རྒྱུ་འདུག། གློག་ཀྱང་འདུག། ཁ་པར་ཡང་གཏོང་ཆོག་གི་འདུག་ཅེས་བཤད་པས། ང་རང་དེ་མ་ཐག་སེམས་འགུལ་ཆེན་པོ་ཐེབས་སོང་། ཚང་མས་གནོད་ཐེབས་ཁུལ་དུ་རང་ལས་དཀའ་ངལ་ཆེ་བ་ཡོད་པ་སེམས་ལ་བཞག་ནས་ཆ་རྐྱེན་དང་ཐོན་ཁུངས་གང་ཡག་གང་བཟང་དག་གནོད་འཚེ་ཚབས་ཆེན་ཐེབས་པའི་མང་ཚོགས་ལ་བཤུག་ཐབས་བྱས་དང་བྱེད་བཞིན་འདུག་ཅེས་བཤད།

མི་རིགས་མཐུན་སྒྲིག་ཁྱིམ་ཚང་གཅིག་ལྟར་བརྩེ་བ་ཟབ།

ལྕགས་ཟམ་རྫོང་ཁྲལ་དོན་ཅུས་ནས་ཡོང་བའི་ཆང་ཡུས་ཞིན་གྱིས་ཐེངས་འདིར་ངས་མ་སྐུལ་དང་ལེན་ངང་མིང་ཐོར་བཀོད་རྗེས་རང་གི་བསམ་ཚུལ་ལྟར་མང་ཚོགས་ལས་དོན་རུ་ཁག་གི་རུ་མི་ཞིག་རེད་སོང་། སེམས་པ་ཧ་ཅང་དགའ་པོ་འདུག་ཅེས་བཤད། རྒྱུས་ལོན་བྱུང་བ་ལྟར་ན། ཆང་ཡུས་ཞིན་གྱིས་དེ་སྔོན་ཏོག་གསར་གློ་ཚད་འགོག་ཟོན་གྱི་དང་བླངས་པའི་ལས་དོན་བསྒྲུབས་ཚར་རྗེས་གཏན་འབེབས་ལྟར་ལོགས་བཀར་དུས་ཚོད་བརྒལ་མ་ཐག་མང་ཚོགས་ལས་དོན་ཁྲོད་དུ་ཞུགས་པ་རེད། མོས་ལས་ཁུངས་ཀྱིས་མངག་རྒྱུ་མ་རེད་བསམས་ནས་སེམས་ཁྲལ་བྱེད་པ་དང་། ས་ཐག་རིང་པོ་སྡེ་རོང་རྫོང་ནས་ཡོད་པའི་ཕ་མ་གཉིས་ཀྱིས་མོ་རང་ལྕགས་ཟམ་རྫོང་ས་འགུལ་གནོད་འཚེ་ཐེབས་ཁུལ་དུ་མང་ཚོགས་ལས་དོན་རུ་ཁག་ཏུ་ཞུགས་ཡོད་པའི་གནས་ཚུལ་ཤེས་རྗེས། ཁ་པར་བཏང་ནས་སྐུལ་མ་ཡང་ཡང་བྱས་པ་རེད། ཆང་ཡུས་ཞིན་ཡོད་སའི་རུ་ཁག་གིས་བྱང་སྣེ་གྲོང་སྡེའི་མང་ཚོགས་ལས་དོན་གྱི་འགན་འཁུར་བཞིན་ཡོད།

ལྷོ་སྣེ་གྲོང་སྡེའི་མང་ཚོགས་ལས་དོན་རུ་ཁག་གི་རུ་མི་ཧྥུང་ཞིང་ཧྭ་ནི་ཁུལ་ཚོང་དོན་མཉམ་ལས་ཅུས་ནས་ཡོང་བ་ཡིན་ཞིང་། བརྡ་ཐོ་འབྱོར་རྗེས་ཁོ་རང་དེ་མ་ཐག་གྲོང་སྡེར་བསྐྱོད་ཡོད། དེ་ནས་ཉིན་འགའ་ཡི་དུས་ཐུང་ནང་དུ་མི448ཡོད་པའི་ལྷོ་སྣེ་གྲོང་སྡེའི་བཀོད་སྒྲིག་བྱ་ཡུལ5དང་མི242ཡོད་པའི་བྱང་སྣེ་གྲོང་སྡེའི་བཀོད་སྒྲིག་བྱ་ཡུལ7དུ་གནས་ཚུལ་རྒྱུས་ལོན་བྱས་ཟིན་ཡོད།

རེ་སྨོན་གྲོང་སྡེའི་ཚོ་ཁག་དང་པོའི་དབྱིས་རིགས་ཏེང་ཧྥུ་པིང་གིས་སེམས་ཁོང་རུས་པའི་གཏིང་ནས་གུང་ཁྲན་ཏང་ཡག་པོ་འདུག། མི་དམངས་བུ་སྤུན་དམག་དང་། སྤྱི་བདེ་མི་དམངས་ཉེན་རྟོག་པ། སྨན་པ་དང་བླངས་པ་ཚང་མ་ལ་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། ས་འགུལ་བྱུང་རྗེས། ཏང་ཨུ་དང་སྲིང་གཞུང་གིས་དུས་ཐོག་རོགས་སྐྱོབ་རུ་ཁག་མངགས་ནས་ང་ཚོར་རོགས་རམ་བྱེད་བྱུང་། མེས་རྒྱལ་གྱི་ཁྱིམ་ཚང་ཆེན་པོའི་ནང་དུ། ང་ཚོ་མི་རིགས་ཁག་ཁྱིམ་ཚང་གཅིག་ལྟར་བརྩེ་བ་ཧ་ཅང་ཟབ་མོ་ཡིན་ཞེས་བཤད་པ་རེད།

མཉམ་ལས་གྲོང་སྡེའི་ཏང་ཀྲི་པུའུ་ཡི་ཧྲུའུ་ཅི་གཞོན་པ་ཝང་ཧྲུའུ་པིང་གི་བཟའ་ཟླ་སྟབས་མ་ལེགས་པ་ས་འགུལ་ཁྲོད་དུ་ཚེ་ལས་འདས་པ་རེད། ཡིན་ན་ཡང་ཁོས་སྐྱོ་སྡུག་བཟོད་ནས་ལས་ཡུལ་བརྟན་དུ་བསྲུངས་ཡོད། ཕྱོགས་ཁག་གི་རོགས་སྐྱོབ་སྟོབས་ཤུགས་དང་མཉམ་དུ་འགུལ་འགོག་གནོད་སྐྱོབ་ཁྲོད་དུ་ཞུགས་ཡོད། ཁོས་རོགས་སྐྱོབ་རུ་ཁག་དཀའ་ལས་ཧ་ཅང་ཆེ་བ་རེད། ཁོ་ཚོའི་འབད་བརྩོན་འོག་ང་ཚོ་མཉམ་ལས་གྲོང་སྡེའི་འགྲོ་ལམ་ཐར་ཐུབ་ཡོད་པ་དང་འཕྲིན་གཏོང་ཡང་སླར་གསོ་ཐུབ་ཡོད། ངའི་ཁྱིམ་ཚང་ནི་ཁྱིམ་ཚང་ཆུང་ངུ་ཡིན། ཚང་མའི་ཁྱིམ་ཚང་གཞི་ནས་ཁྱིམ་ཚང་ཆེན་པོ་ཡིན། ཁྱིམ་ཚང་ཆེན་པོ་ཡག་པོ་ཡོང་ན་ཁྱིམ་ཚང་ཆུང་ངུ་གཞི་ནས་ཡག་པོ་ཡོང་ཐུབ་ཅེས་སེམས་འགུལ་ཐེབས་པའི་སྐད་ཆ་དེ་བཤད་པ་རེད།

ཅོ་ཙེ་ཕིང་གྲོང་སྡེའི་དབྱིས་རིགས་ལིའུ་ཝང་ཧྲོའུ་ཡིས་གནོད་འཚེ་ལ་སྙིང་རྗེ་མེད་ཀྱང་། གུང་ཁྲན་ཏང་ལ་སྙིང་རྗེ་ཡོད། གནོད་འཚེ་ཐེབས་རྗེས་ང་ཚོ་ལ་ཆུ་འཐུང་རྒྱུ་འདུག། ཟས་བཟའ་རྒྱུ་འདུག། གུར་ནང་སྡོད་ཆོག་གི་འདུག། འཚོ་བ་ཡག་པོ་འདུག་ཅེས་བཤད་པ་རེད།

གནོད་འཚེ་ལ་སྙིང་རྗེ་མེད་ཀྱང་མི་ལ་སྙིང་རྗེ་ཡོད། དཀའ་ཉེན་ལ་ཐུག་དུས་འགན་འཁྲི་འཁུར་སེམས་མངོན་ཐུབ། ཁུལ་ཨུའི་བཀོད་སྒྲིག་ལྟར། ང་ཚོས་གཅིག་གིས་གཉིས་དང་གཉིས་ཀྱིས་དུ་མ་ལ་མཐུན་འབྲེལ་བྱེད་ཐབས་ཀྱི་ནུས་པ་བཟང་པོ་བཏོན་ནས། ས་འགུལ་གྱི་གནོད་འཚེ་ཐེབས་ཁུལ་དུ་མི་རིགས་མཐུན་སྒྲིལ་ཁྱིམ་ཚང་དུ་སྤེལ་བའི་ལག་ལེན་བྱ་སྤྱོད་མཐུན་འབྲེལ་དུད་ཚང་དུ་ཞུགས་པའི་ལས་དོན་མུ་མཐུད་དེ་སྤེལ་རྒྱུ་ཡིན། ལྕགས་ཟམ་ས་འགུལ་གྱི་གནོད་འཚེ་ཐེབས་ཁུལ་གྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་ལྟ་སྐྱོང་རོགས་རེས་དང་བརྩེ་སེམས་ཆེན་པོ། མི་བརྒྱ་སེམས་གཅིག་གིས་འགུལ་འགོག་གནོད་སྐྱོབ་དང་ཁྱིམ་གཞིས་བསྐྱར་འཛུགས་བྱེད་པ་ནི་ང་ཚོས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་བརྟན་པོར་འཆང་བའི་ལག་ལེན་གསོན་ཉམས་ལྡན་པ་ཞིག་རེད་ཅེས་ཁུལ་མི་རིགས་མཐུན་སྒྲིལ་ཁྱིམ་ཚང་དུ་སྤེལ་བའི་གཞུང་ལས་ཁང་གི་ལས་སྒྲུབ་མི་སྣས་དེ་ལྟར་བཤད་པ་རེད།།



  • ལེ་ཚན་སྔོན་མ།:ཁུལ་ཨུ་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་འདིའི་ཐོག་འདི་འདྲ་བསྟན་འདུག།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།