རྒྱལ་སྟོན་གུང་གསེང་རིང་གི་འགྲིམ་འགྲུལ་བཙན་སྡོམ་གྱི་བརྡ་ཁྱབ།

        2022-09-29

  དཀར་མཛེས་ཁུལ་གྱི2022ལོའི་རྒྱལ་སྟོན་དུས་ཆེན་གྱི་གུང་གསེང་རིང་གི་གཞུང་ལམ་འགྲིམ་འགྲུལ་ཉེན་མེད་དང་ཤར་གཏོང་ཐུབ་པར་འགན་ལེན་བྱ་ཆེད།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ལམ་འགྲིམ་འགྲུལ་ཉེན་མེད་བཅའ་ཁྲིམས》སོགས་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་ལ་གཞི་བཟུང་བ་དང་། དཀར་མཛེས་ཁུལ་གྱི་གནས་ཚུལ་དངོས་ལ་གཞིགས་ནས། 2022ལོའི་སྤྱི་ཟླ9ཚེས30ཉིན་གྱི་ཆུ་ཚོད0ནས་སྤྱི་ཟླ10ཚེས7ཉིན་གྱི་ཆུ་ཚོད24བར་ཁུལ་ཡོངས་ཀྱི་དམིགས་བསལ་ལམ་དུམ་དང་གཡག་རྔ་ནས་དར་མདོ་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་ལམ་དུམ་ཚང་མར་ཟོག་འདྲེན་རླངས་འཁོར་ཁག་ཅིག་ལ་གནས་སྐབས་འགྲིམ་འགྲུལ་བཙན་སྡོམ་བྱ་རྒྱུ་རེད།


ནང་དོན་ཞིབ་ཕྲ་གཤམ་གསལ།

👇👇👇

རྒྱལ་སྟོན་གུང་གསེང་རིང་གི་འགྲིམ་འགྲུལ་བཙན་སྡོམ་གྱི་བརྡ་ཁྱབ།

   འགྲོ་འོང་རླངས་འཁོར་ཁ་ལོ་བས་ངེས་པར་དུ་རང་འགུལ་ངང་སྤྱི་བདེ་འགྲིམ་འགྲུལ་ཉེན་རྟོག་པའི་བཀོད་འདོམས་དང་དོ་དམ་དང་ལེན་བྱ་དགོས། བཙན་སྡོམ་གྱི་བརྡ་ཁྱབ་ལས་འགལ་མཁན་ལ་སྤྱི་བདེ་འགྲིམ་འགྲུལ་དོ་དམ་སྡེ་ཚན་དང་འགྲིམ་འགྲུལ་སྐྱེལ་འདྲེན་སྲིད་འཛིན་ཁྲིམས་སྒྱུར་སྡེ་ཚན་གྱིས་ཁྲིམས་ལུགས་ལྟར་ཆད་པ་གཅད་རྒྱུ་རེད། གནས་སྐབས་ཀྱི་འགྲིམ་འགྲུལ་བཙན་སྡོམ་གྱིས་ཟོག་འདྲེན་རླངས་འཁོར་གྱི་ཁ་ལོ་བ་ཚོར་སྟབས་མི་བདེ་བ་བཟོས་པས་དགོངས་འཇགས་ཞུ།།


དཀར་མཛེས་ཁུལ་སྤྱི་བདེ་ཅུས།

དཀར་མཛེས་ཁུལ་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས།

སི་ཁྲོན་ཞིང་ཆེན་སྤྱི་བདེ་ཐིང་མྱུར་བགྲོད་གཞུང་ལམ་སྤྱི་བདེ་ཅུས་བཞི་པའི་ཡན་ལག་ཅུས།


  • ལེ་ཚན་སྔོན་མ།:དཀར་མཛེས་རྫོང་ནས་ལོ་དེབ་འདིའི་འགྲེམ་སྤེལ་མཛད་སྒོ་སྤེལ།
  • ལེ་ཚན་རྗེས་མ།:ཞི་ཅིན་ཕིང་གིས་པེ་ཅིང་འགྲེམ་སྟོན་ཁང་ལ་གཟིགས་སྐོར་གནང་།
  • དོ་སྣང་ཆེ་བའི་རྩོམ།