གངས་ལྗོངས་ཉི་གཞོན། 2022-09-22
ཀྲུང་གུང་ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡིས་སྤྱི་ཚེས་19ཉིན་“ཀྲུང་གོའི་ལོ་བཅུ་པོ་འདིའི་རིང”ཞེས་པའི་མུ་འབྲེལ་བརྗོད་བྱ་གཙོ་བོའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཤིང་། རང་བྱུང་ཐོན་ཁུངས་པུའི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་རྒྱལ་གྱིས་རྨོ་ཞིང་སྲུང་སྐྱོབ་ལམ་ལུགས་ནན་ཤོས་མཐའ་འཁྱོངས་དང་དོན་འཁྱོལ་བྱས་པས། རང་བྱུང་ཐོན་ཁུངས་གྲོན་ཆུང་དང་ལེགས་བསྡུས་ཞིབ་གཉེར་ངང་སྤྱོད་པའི་ཆུ་ཚད་དང་། འབྱུང་ཁམས་མ་ལག་གི་སྤུས་ཚད་དང་བརྟན་པོའི་རང་བཞིན། རང་བྱུང་ཐོན་ཁུངས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་ཚད་བཅས་རྒྱུན་མཐུད་ངང་མཐོ་རུ་ཕྱིན་ཡོད།
ལོ་བཅུ་པོ་འདིའི་རིང་། རང་རྒྱལ་གྱིས་རྨོ་ཞིང་ལ་སྲུང་སྐྱོབ་ནན་པོ་བྱས་ནས་ཐོན་ཁུངས་མཁོ་སྤྲོད་འགན་ལེན་བྱས་པ་དང་། རང་བྱུང་ཐོན་ཁུངས་གྲོན་ཆུང་དང་ལེགས་བསྡུས་ཞིབ་གཉེར་ངང་སྤྱོད་པའི་ཆུ་ཚད་རྒྱུན་མཐུད་ངང་མཐོ་རུ་བཏང་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྱོན་ཡོངས་ནས་སྦགས་མེད་ཅན་དུ་འགྱུར་རྒྱུར་སྐུལ་འདེད་བཏང་ཡོད། རང་བྱུང་ཐོན་ཁུངས་པུའི་པུའུ་ཀྲང་གཞོན་པ་ཀྲོང་ཧྲའོ་ཆིན་གྱིས། རྨོ་ཞིང་མུའུ་དུང་ཕྱུར་18ཀྱི་སྲུང་སྐྱོབ་དམར་ཐིག་དབྱེ་འབྱེད་ནན་པོ་བྱེད་པ་དང་འབྲེལ་བསྲུངས་ནས་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་རྨང་གཞི་བརྟན་དུ་བཏང་ཡོད་ཅེས་བཤད་ཡོད། རྨང་གཞིའི་ས་གཤིས་བརྟག་དཔྱད་དང་གཏེར་ཁའི་ཐོན་ཁུངས་རྩད་ཞིབ་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས། རྡོ་སོལ་དང་ཝུའུ་ལྕགས་སོགས་གཏེར་ཁའི་ཐོན་རྫས་ཀྱི་ཐོན་ཚད་ལོ་མང་རིང་འཛམ་གླིང་གི་ཨང་དང་པོར་གནས་ཡོད། ཕྱོགས་ཡོངས་ནས་གྲོན་ཆུང་བྱ་རྒྱུའི་འཐབ་ཇུས་དོན་འཁྱོལ་གཏིང་ཟབ་བྱས་པ་དང་། རྒྱལ་ཡོངས་ཀྱི་ཚན་པའི་རྒྱལ་ནང་ཐོན་སྐྱེད་སྤྱིའི་རིན་ཐང་གི་འཛུགས་སྐྲུན་ལ་མཁོ་བའི་ས་ཆ་སྤྱོད་ཁྱོན་བརྒྱ་ཆ་40.85ཆག་ཅིང་། རྒྱལ་ཁབ་ཀྱི་ས་ཆའི་དཔལ་འབྱོར་འདུས་ཚད་མངོན་གསལ་མཐོ་རུ་ཕྱིན་ཡོད།
ད་ཆ། རང་རྒྱལ་གྱི་ནགས་ཚལ་རྒྱ་ཁྱོན་མུའུ་དུང་ཕྱུར་34.6དང་ནགས་ཚལ་གསོག་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་194.93ཟིན་ཡོད། མིས་བཟོས་ནགས་ཚལ་མུའུ་དུང་ཕྱུར་13.14ཉར་ཚགས་བྱས་པ་དེ་འཛམ་གླིང་གི་ཨང་དང་པོར་སླེབས་ཡོད། རྩྭ་ཐང་རྒྱ་ཁྱོན་མུའུ་དུང་ཕྱུར་39.68ཟིན་ནས་འཛམ་གླིང་གི་ཨང་གཉིས་པར་སླེབས་པ། འདམ་རའི་རྒྱ་ཁྱོན་མུའུ་དུང་ཕྱུར་8.5ཙམ་ཟིན་ནས་འཛམ་གླིང་གི་ཨང་བཞི་པར་སླེབས་ཡོད། རྒྱལ་ཁབ་ནགས་ཚལ་དང་རྩྭ་ཐང་ཅུས་ཀྱི་ཅུས་ཀྲང་གཞོན་པ་ལི་ཁྲུན་ལེའང་གིས། ང་ཚོས་གཞི་ཁྱོན་ཆེ་བའི་རྒྱལ་ཁབ་ས་ཆ་སྔོ་འགྱུར་བྱ་སྤྱོད་མུ་མཐུད་སྤེལ་བས། ནགས་ཚལ་ཁེབས་ཚད་24.02%ཟིན་པ་དང་རྩྭ་ཐང་ཕྱོགས་བསྡུས་སྔོ་ཁེབས་ཁྱབ་ཚད་50.32%ཟིན་ཡོད་ཅེས་བཤད་ཡོད། ཉེ་བའི་ལོ་བཅུའི་རིང་། ཀྲུང་གོས་གོ་ལ་ཧྲིལ་པོར་ནགས་ཚལ་གྱི་རྒྱ་ཁྱོན་བཞི་ཆ་གཅིག་གསར་དུ་བསྣན་ཡོད། རྒྱལ་ཁབ་སྤྱི་གླིང་གིས་གཙོ་བོ་བྱེད་པ་དང་། རང་བྱུང་སྲུང་སྐྱོང་ཁུལ་གྱིས་རྨང་གཞི་བྱེད་པ། རང་བྱུང་སྤྱི་གླིང་གིས་ཁ་གསབ་བྱེད་པ་བཅས་ཀྱི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་ཧུར་ཐག་བསྐྲུན་བཞིན་ཡོད། ཁག་དང་པོར་བཙུགས་པའི་རྒྱལ་ཁབ་སྤྱི་གླིང་གི་འབྱུང་ཁམས་སྲུང་སྐྱོབ་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་། ཁག་གསར་པའི་རྒྱལ་ཁབ་སྤྱི་གླིང་གཏོད་པའི་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་རེད།
ཀྲོང་ཧྲའོ་ཆིན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། རང་རྒྱལ་གྱིས་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོབ་ལམ་ལུགས་ནན་ཤོས་མཐའ་འཁྱོངས་དང་དོན་འཁྱོལ་བྱས་པས། སྐམ་སའི་ས་ཁོངས་ཀྱི་འབྱུང་ཁམས་སྲུང་སྐྱོབ་དམར་ཐིག་གི་རྒྱ་ཁྱོན་གྱིས་སྐམ་སའི་རྒྱལ་ཁོངས་ས་ཆའི་རྒྱ་ཁྱོན་ནང་བཟུང་བའི་བསྡུར་ཚད་30%ལས་བརྒལ་ཡོད་པ་དང་། རང་རྒྱལ་གྱི་རྒྱལ་ཡོངས་ཀྱི་རྒྱལ་ཁོངས་ས་ཆའི་བར་མཐོངས་འཆར་འགོད་རྩ་གནད་དང་པོ་བཟོས་ཟིན་ནས“འཆར་མང་གཅིག་སྒྲིལ”གྱི་རྒྱལ་ཁོངས་ས་ཆའི་བར་མཐོངས་འཆར་འགོད་མ་ལག་སྤྱིའི་ཆ་ནས་གྲུབ་ཡོད་པ་རེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10