གྲོང་ཁྱེར་འདིའི་ཉེན་ཁ་ཆེ་འབྲིང་ཁུལ་ཚང་མ་མེད་པར་བཟོས།

    མི་དམངས་དྲ་བ།    2022-09-20

ལྷོ་ཁ་གྲོང་ཁྱེར་གྱི་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་འགོ་ཁྲིད་ཚོ་ཆུང་གཞུང་ལས་ཁང་གི་སྤྱི་བསྒྲགས། 2022ལོའི་ཨང་53པ།
     གཅིག རིམས་ནད་འགོས་པའི་ནད་པའི་གནས་ཚུལ། 
     2022ལོའི་ཟླ་9ཚེས་18ཉིན་གྱི་ཆུ་ཚོད་0ནས་24བར། ལྷོ་ཁ་གྲོང་ཁྱེར་དུ་ནད་རྟགས་གཏན་འཁེལ་བྱས་པའི་ནད་པ་དང་ནད་རྟགས་མངོན་མེད་པའི་ནད་པ་གསར་དུ་འཕར་མེད། 
     གཉིས། ཉེན་ཁའི་ས་ཁུལ་དབྱེ་འབྱེད་གཏན་འབེབས་བྱེད་ཕྱོགས་སྐོར།
     《ཏོག་གསར་གློ་ཚད་ནད་དུག་སྔོན་འགོག་ཚོད་འཛིན་ཇུས་གཞི(པར་གཞི་དགུ་པ)
》ཡི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། ནད་ཡམས་རིག་པའི་ཕྱོགས་བསྡུས་ཞིབ་འཇུག་བརྡར་ཤ་བཅད་པ་བརྒྱུད། ཟླ་9ཚེས་19ཉིན་ནས་བཟུང་། གོང་དཀར་རྫོང་སྐྱིད་གཤོངས་གྲོང་རྡལ་སངས་རྒྱས་ལམ་གྱི་རང་སྐྲུན་ཁང་པའི་ས་ཁོངས་དེ་ཉེན་ཁ་འབྲིང་བའི་ཁུལ་ནས་ཉེན་ཁ་ཆུང་བའི་ཁུལ་དུ་ལེགས་སྒྲིག་བྱས་ཡོད། ལེགས་སྒྲིག་བྱས་རྗེས་གྲོང་ཁྱེར་ཡོངས་ཀྱི་ཉེན་ཁ་ཆེ་འབྲིང་གི་ཁུལ་ཚང་མ་གཙང་སེལ་བྱས་པ་རེད།
     ལྷོ་ཁ་གྲོང་ཁྱེར་གྱི་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་འགོ་ཁྲིད་ཚོ་ཆུང་གི་གཞུང་ལས་ཁང་ནས། 
     2022ལོའི་ཟླ་9ཚེས་19ཉིན།

  • ལེ་ཚན་སྔོན་མ།:བོད་ཀྱི་ལྡེབས་རིས་འགྲེམས་སྟོན།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།