ཏོག་གསར་གློ་ཚད་ཀྱི་འཐུང་སྨན་འདི་དམ་བེ་གང་ལ་སྒོར270རེད་འདུག།

ཐུབ་ཀྱིས་བསྒྱུར།        2022-09-20

   2022ལོའི་ཟླ་བ9པའི་ཚེས6ནས12ཉིན་བར། རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུས་ཀྱིས་སྤྱི་ཚོགས་ཡོངས་ལ《2022ལོའི་རྒྱལ་ཁབ་ཀྱི་མ་མཐའི་སྨན་བཅོས་ཉེན་སྐྱོབ་དང་ལས་རྨས་ཉེན་སྐྱོབ། བུ་བཙའི་ཉེན་སྐྱོབ་ཀྱི་སྨན་རྫས་དཀར་ཆག་ལེགས་སྒྲིག་ལས་ཞིབ་བཤེར་རགས་ཙམ་བྱས་པའི་རེ་ཞུའི་སྨན་རྫས་མིང་ཐོ》ཁྱབ་བསྒྲགས་བྱས་པ་རེད། ཚེས17ཉིན་ལ་སྨན་རྫས་ཁྱོན་བསྡོམས343ཞིབ་བཤེར་རགས་ཙམ་བྱས་ཟིན་པའི་མིང་ཐོ་དངོས་སུ་ཁྱབ་བསྒྲགས་བྱས་ཡོད།

ཏོག་གསར་གློ་ཚད་ཀྱི་འཐུང་སྨན་འདི་དམ་བེ་གང་ལ་སྒོར270རེད་འདུག།


   དེའི་ནང་དུ་རང་རྒྱལ་གྱིས་ཐོག་མར་བཟོས་པའི་ཏོག་གསར་གློ་ཚད་ཀྱི་འཐུང་སྨན་ཨ་ཙེ་ཧྥུ་ཏིང་ཞེས་པ་དེ་ཚུད་ཡོད། རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུས་ཀྱིས་ཐེངས་འདིའི་རེ་ཞུའི་བརྒྱུད་རིམ་ནང་དུ་རེ་ཞུ་བྱས་ཡོད་པར་མ་ཟད་ཞིབ་བཤེར་བྱས་ཟིན་པའི་ཏོག་གསར་གློ་ཚད་བཅོས་པའི་སྨན་རྫས་གོ་རིམ་ལྟར་རྗེས་མཇུག་ལས་དོན་སྤེལ་ནས་རིན་གོང་འོས་འཚམ་གྱི་ཐོག་ནས་སྨན་བཅོས་ཉེན་སྐྱོབ་ཀྱི་མིང་ཐོར་གཞག་རྒྱུ་ཡིན་ཞེས་བཤད་པ་རེད། གལ་ཏེ་ཞིབ་དཔྱད་ལས་དོན་བདེ་བླག་ངང་སྤེལ་ཐུབ་ན་འདི་ཟླའི་ཟླ་བ11པར་སྨན་བཅོས་ཉེན་སྐྱོབ་ཀྱི་སྨན་རྫས་དཀར་ཆག་གསར་པའི་པར་གཞི་ཁྱབ་བསྒྲགས་བྱ་ཐུབ་ལ། སང་ལོའི་སྤྱི་ཟླ་དང་པོའི་ཚེས་གཅིག་ལ་ལག་ལེན་བསྟར་ཐུབ་རྒྱུ་རེད།


     ཨ་ཙེ་ཧྥུ་ཏིང་ཞེས་པ་ནི་རང་རྒྱལ་གྱིས་ཞིབ་འཇུག་གསར་བཟོ་བྱས་པའི་ཏོག་གསར་གློ་ཚད་ཀྱི་འཐུང་སྨན་ཡིན། ད་ལོའི་སྤྱི་ཟླ7པའི་ཚེས25ཉིན་ལ་རྒྱལ་ཁབ་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཀྱིས་ཧོ་ནན་ཀྲེན་ཧྲི་སྐྱེ་དངོས་ཚན་རྩལ་ཚད་ཡོད་སྤྱི་གཉེར་ཁང་ལ་བཟོ་ཆོག་པའི་ཆོག་མཆན་སྤྲད་ཡོད།

ཏོག་གསར་གློ་ཚད་ཀྱི་འཐུང་སྨན་འདི་དམ་བེ་གང་ལ་སྒོར270རེད་འདུག།


     རྒྱུས་ལོན་བྱུང་བར་གཞིགས་ན། ཨ་ཙེ་ཧྥུ་ཏིང་འཐུང་སྨན་དམ་བེ་རེ་ལ་སྒོར270ཡས་མས་ཡིན་ཞིང་། དམ་བེ་རེ་ལ་སྨན་འབྲུ35ཡོད། སྨན་དེ་ལ་ཏོག་གསར་ནད་དུག་གི་གསོན་ཤུགས་འགོག་གནོན་ཐུབ་པའི་ནུས་པ་ཡོད་ལ། ཉེན་མེད་རང་བཞིན་ཡང་ཆེན་པོ་ཡོད།

     སྤྱི་ཟླ8པའི་ཚེས9ཉིན་ལ་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གཞུང་ལས་ཐིང་དང་རྒྱལ་ཁབ་རྒྱ་སྨན་གསོ་རིག་ཅུས་གཞུང་ལས་ཁང་གིས་ འཐུང་སྨན་ཨ་ཙེ་ཧྥུ་ཏིང་ཏོག་གསར་གློ་ཚད་བཅོས་པའི་འཆར་གཞི་དགུ་པའི་ནང་དུ་བཙུད་པའི་བརྡ་ཐོ་བཏང་ཡོད། སྨན་བཅོས་འཆར་གཞི་ལྟར་སྨན་དེ་ཏོག་གསར་གློ་ཚད་དཀྱུས་མ་ཕོག་པའི་ནད་པ་དར་མ་ལ་སྤྱད་ཆོག་པ་རེད།

འཐུང་སྟངས་ནི་ཁོག་སྟོང་སྨན་འབྲུ་ཧྲིལ་པོ་མིད་དགོས་ལ། ཉིན་རེར་ཐེངས་རེ་དང་ཐེངས་རེར 5mg སྟེ་སྨན་འབྲུ5རེ་བཏུང་དགོས། མང་ན་ཉིན14ལས་བཏུང་རྒྱུ་མེད། དེ་ལྟར་ཉིན14ལ་སྨན་འབྲུ70དགོས་ཤིང་། དམ་བེ་གཉིས་ཏེ་སྒོར540ཡིན་པ་རེད།།


  • ལེ་ཚན་སྔོན་མ།:ཟོལ་མེད་ཀྱི་བརྩེ་སེམས་བཅངས་ནས་ལྕགས་ཟམ་ཁར་གཅེས་སེམས་ཕུལ།
  • ལེ་ཚན་རྗེས་མ།:ཝང་ཞའོ་ཧུའེ་ཡིས་གནོད་སྐྱོབ་ཆེད་དོན་ཚོགས་འདུའི་ཐོག་འདི་འདྲ་གསུངས།
  • དོ་སྣང་ཆེ་བའི་རྩོམ།