ཧྥུང་ཧྥ་ཀུའེ་ཡིས་ས་འགུལ་གྱི་རྨས་མར་འཚམས་འདྲི་དང་མང་ཚོགས་བར་བརྒལ་བཀོད་སྒྲིག་གི་ལས་ཀར་བརྟག་ཞིབ་གནང་།

བདེ་སྐྱིད་ཀྱིས་བསྒྱུར།        2022-09-21

སྤྱི་ཟླ9པའི་ཚེས17ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཧྥུང་ཧྥ་ཀུའེ་ཡིས་ཁུལ་མི་དམངས་སྨན་ཁང་གི་སྨན་ཁང་གཉིས་པར་ཕེབས་ནས་སྨན་བཅོས་བྱེད་བཞིན་པའི་ས་འགུལ་ཁྲོད་དུ་རྨས་སྐྱོན་ཐེབས་མཁན་དང་ལས་གྲྭ་དང་པོར་འབད་འཐབ་བྱེད་བཞིན་པའི་སྨན་དོན་མི་སྣར་འཚམས་འདྲི་གནང་བར་མ་ཟད། འབོ་ཞབས་གྲོང་རྡལ་དུ་བར་བརྒལ་བཀོད་སྒྲིག་བྱ་ཡུལ་འཛུགས་སྐྲུན་བྱས་ཚུལ་དང་གནོད་འཚེ་ཐེབས་པའི་མང་ཚོགས་ཀྱི་བར་བརྒལ་བཀོད་སྒྲིག་ལས་ཀར་བརྟག་ཞིབ་གནང་བ་རེད།

ཧྥུང་ཧྥ་ཀུའེ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འགུལ་འགོག་གནོད་སྐྱོབ་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐའ་གཅིག་ཏུ་བསྟར་བ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་དང་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ཏེ། མི་དམངས་གོང་བཀུར་དང་ཚེ་སྲོག་གོང་བཀུར་རྒྱུན་འཁྱོངས་ནས་ནུས་ཤུགས་ཡོད་རྒུས་རྨས་མ་བཅོས་སྐྱོབ་དང་། བར་བརྒལ་བཀོད་སྒྲིག་ལས་ཀ་ཡག་པོ་ཏན་ཏིག་བསྒྲུབས་ནས། གནོད་འཚེ་ཐེབས་ཁུལ་གྱི་རྒྱུན་ལྡན་ཐོན་སྐྱེད་དང་འཚོ་བའི་གོ་རིམ་སྔ་ཙམ་བསྐྱར་གསོ་བྱེད་པ་དང་ཉམས་གསོ་བསྐྱར་སྐྲུན་ལས་ཀ་གཅིག་གྱུར་འཆར་འགོད་བྱས་ནས་ཡག་པོ་བསྒྲུབ་དགོས་ཞེས་ནན་གསུང་གནང་བ་རེད།

བར་བརྒལ་བཀོད་སྒྲིག་བྱ་ཡུལ་དུ་ཧྥུང་ཧྥ་ཀུའེ་ཡིས་འཛུགས་སྐྲུན་སྡེ་ཚན་ཁག་ལ་བཀོད་སྒྲིག་བྱ་ཡུལ་གྱི་ས་ཆ་འདེམས་རྒྱུ་དང་རྒྱ་ཁྱོན། རྒྱུ་ཆ་སྤྱོད་རྒྱུ། ལས་གྲྭའི་མྱུར་ཚད་བཀོད་སྒྲིག་བྱས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་གནང་བ་རེད། ཁོང་གིས་བཀོད་སྒྲིག་བྱ་ཡུལ་གྱི་འཛུགས་སྐྲུན་ཐད་ཉེན་མེད་ཨང་དང་པོར་འཇོག་རྒྱུ་རྒྱུན་འཁྱོངས་ཏེ། ཚན་རིག་དང་མཐུན་པའི་ཨར་ལས་ཚད་ལྡན་བྱས་ནས་བཀོད་སྒྲིག་བྱ་ཡུལ་གྱི་འཛུགས་སྐྲུན་རྦད་དེ་ཉེན་མེད་ཡོང་བར་འགན་ལེན་བྱ་དགོས། ཁ་ཤུབས་བརྒྱབ་ནས་འཛུགས་སྐྲུན་ལ་དམ་འཛིན་བྱས་པ་དང་། རིམས་ཚུལ་འགོག་ཟོན་ཉེན་མེད་ཡོང་བར་འགན་ལེན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་འཛུགས་སྐྲུན་གྱི་མྱུར་ཚད་མགྱོགས་སུ་གཏོང་བ་དང་འཛུགས་སྐྲུན་གྱི་སྤུས་ཚད་འགན་ལེན་བྱས་ནས་བཀོད་སྒྲིག་བྱ་ཡུལ་སྔ་ཙམ་བསྐྲུན་ཐུབ་པ་དང་། མང་ཚོགས་སྔ་ཙམ་བློ་འཇགས་ཆོག་པར་འགན་ལེན་བྱ་དགོས་ཞེས་ནན་གསུང་གནང་བ་རེད།།



  • ལེ་ཚན་སྔོན་མ།:ཁྱེད་རང་གང་དུ་ཡོད་ནའང་ངས་ཁྱེད་རྙེད་པར་བྱ་རྒྱུ་ཡིན།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10