ཐུབ་ཀྱིས་བསྒྱུར། 2022-09-21
ཉེ་ཆར། གསར་འགོད་པས་ཁུལ་ཤེས་ལྡན་མི་སྣ་སྤེལ་རེས་དང་ལས་ཞུགས་ཞབས་ཞུ་ཅུས་ནས་གནས་ཚུལ་རྒྱུས་ལོན་བྱུང་བར་གཞིགས་ན། ད་ལོ་ནས་བཟུང་། རང་ཁུལ་གྱིས་བརྟན་ཐོག་ཡར་འཕེལ་གྱི་ལས་ཀ་སྤྱིའི་བསམ་གཞི་རྒྱུན་འཁྱོངས་ཤིང་། ཁུལ་ཨུའི་གཅིག་གཉིས་གསུམ་བཞི་ལྔ་ཡི་སྤྱིའི་ལས་དོན་གྱི་བཀོད་སྒྲིག་ལ་དམིགས་ཏེ་ལས་ཞུགས་ལ་སྐུལ་བ་དང་། ལས་ཞུགས་བརྟན་པོར་ཡོང་བ། ལས་ཞུགས་འགན་སྲུང་ཐུབ་པ་བཅས་ཀྱི་ལས་དོན་གཙོ་ཕྱོགས་མངོན་གསལ་བྱས་ནས། དུས་རིམ་རང་བཞིན་དང་སྣ་མང་སྲིད་ཇུས་བྱེད་ཐབས་རབ་དང་རིམ་པ་སྤྱད་དེ་ཁེ་ལས་ཀྱི་དཀའ་ངལ་སེལ་བ་དང་ལས་གནས་བརྟན་པོར་ཡོང་བ་བྱས་ཡོད།
གྲོན་དངུལ་བཅག་པ་དང་འགྱངས་སྤྲད་བྱས་པ་སྟེ། ཉེན་སྐྱོབ་ཏུ་ཞུགས་པའི་ལས་ཁུངས་ཀྱི་ལས་ཤོར་ཉེན་སྐྱོབ་བསྡུར་ཚད་བརྒྱ་ཆ3ནས་བརྒྱ་ཆ1བར་བཅག་པ་དང་། སྤྱི་ཟླ8པའི་བར། ལས་ཤོར་ཉེན་སྐྱོབ་ཀྱི་གྲོན་དངུལ་སྒོར་བྱེ་བ9བཅག་ཡོད། དུས་རིམ་རང་བཞིན་གྱི་ཁེ་ལས་ཀྱི་སྤྱི་ཚོགས་ཉེན་སྐྱོབ་གྲོན་དངུལ་ཕྱིར་འགྱངས་ནས་སྤྲད་ཆོག་པ་བྱས་ཡོད། ད་སྔའི་བར་ཁེ་ལས་ཀྱི་རྒན་གསོའི་ཉེན་སྐྱོབ་གྲོན་དངུལ་སྒོར་ས་ཡ7དང་འབུམ4ཁྲི8ལྷག་དང་། ལས་རྨས་ཉེན་སྐྱོབ་གྲོན་དངུལ་སྒོར་འབུམ3དང་ཁྲི4ལྷག། ལས་ཤོར་ཉེན་སྐྱོབ་ཀྱི་གྲོན་དངུལ་སྒོར་འབུམ3དང་ཁྲི9ལྷག་སྤྲད་རྒྱུ་ཕྱིར་འགྱངས་བྱས་ཡོད།
ལས་གནས་བརྟན་ཐུབ་ཀྱི་ཁ་གསབ་སྤྲད་པ་སྟེ། ཁེ་ལས་ཀྱི་ལས་གནས་བརྟན་པོ་དང་རྒྱ་སྐྱེད་ཡོང་བར་རྒྱབ་སྐྱོར་འཆར་གཞི་མུ་མཐུད་ལག་ལེན་བྱས་ཏེ། རེ་ཞུ་མི་དགོས་པར་ལྟ་སྐྱོང་རག་ཐུབ་པའི་བྱེད་ཐབས་ཕྱོགས་ཡོངས་ནས་སྤེལ་བ་དང་། ཁེ་ལས་འབྲིང་ཆུང་དང་། ཆེས་ཆུང་གྲས་ཀྱི་ལས་གནས་བརྟན་པོའི་ཁ་གསབ་ཚད་གཞི2021ལོའི་བརྒྱ་ཆ60ནས་བརྒྱ་ཆ90བར་སྤར་ཡོད། སྤྱི་ཟླ་དང་པོ་ནས8པའི་བར། ཁུལ་ཡོངས་སུ་མ་དངུལ་སྒོར་ཁྱོན་བསྡོམས་ས་ཡ7དང་འབུམ3ལྷག་ཕྱིར་སྤྲད་བྱས་ནས་ཁེ་ལས400ལྷག་ཕན་ཐོགས་པ་དང་། ལས་གནས་ཁྲི1ལྷག་བརྟན་པོ་གནས་ཐུབ་ཡོད།
ལག་རྩལ་ཇེ་ཡག་ཏུ་བཏང་བ་སྟེ། སྤྱི་ཟླ8པའི་ཟླ་མཇུག་བར། ཁུལ་ཡོངས་སུ་ལས་རིགས་ལག་རྩལ་གསོ་སྦྱོང180ལྷག་བྱས་ཤིང་མི9349ལ་ཁེབས་པ་དང་། ཁ་གསབ་སྒོར་བྱེ་བ1དང་ས་ཡ3འབུམ7ཁྲི8དང་སྟོང5སྤྲད་ཡོད་ལ། ལག་རྩལ་ཇེ་ཡག་ཏུ་གཏོང་བའི་ཁ་གསབ་མ་དངུལ་སྒོར་ཁྲི5དང་སྟོང7ལྷག་བཏང་ཡོད།
ལས་ཤོར་འགན་སྲུང་བྱེད་རྒྱ་ཆེ་རུ་བཏང་བ་སྟེ། སྤྱི་ཟླ་དང་པོ་ནས8པའི་བར། ཁུལ་ཡོངས་སུ་ལས་ཤོར་མ་དངུལ་ལེན་མཁན2300ཡོད་ཅིང་། ལས་ཤོར་མ་དངུལ་སྒོར་ས་ཡ3དང་འབུམ5སྤྲད་ཡོད། ལས་ཤོར་ཁ་གསབ་རོགས་དངུལ་སྒོར་ཁྲི2སྟོང8སྤྲད་ཡོད། ལས་ཤོར་མི་སྣ400ལྷག་ལ་ཕན་ཐོགས་ཡོད། ལས་ཤོར་རོགས་དངུལ་ལེན་མཁན་ལ་སྨན་བཅོས་ཉེན་སྐྱོབ་མ་དངུལ་སྒོར་འབུམ9ལྷག་སྤྲད་ཡོད་པ་རེད།།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10