ཡེ་ཤེས་སྒྲོལ་མ་ལ་རྒྱལ་ཡོངས་ཀྱི་མཚན་སྙན་འདི་འདྲ་ཞིག་ཐོབ།

བདེ་ཆེན་གྱིས་བསྒྱུར།        2022-09-20

     ཉེ་ཆར།རྒྱལ་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་ཁོངས་གཏོགས་ཀྱི་སྔོན་ཐོན་དཔེ་བཟང་ལ་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་དེ་པེ་ཅིང་དུ་འཚོགས་ཤིང་། རང་ཁུལ་གྱི་རྟའུ་རྫོང་ཁྲིམས་འཛིན་ཅུས་ཀྱི་རིམ་པ་དང་པོའི་ཁོ་ཡོན་ཡེ་ཤེས་སྒྲོལ་མ་ལརྒྱལ་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་ཁོངས་གཏོགས་ཀྱི་སྔོན་ཐོན་ལས་དོན་པའིམཚན་སྙན་ཐོབ་པ་རེད།

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཁུལ་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་ཁོངས་གཏོགས་ཀྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག།ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་དང་།ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ།ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་སྤྱི་ཡོངས་ལ་དམ་པོར་དམིགས་ནས། འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ་དང་རང་འགན་གཙང་སྒྲུབ་བཅས་བྱས་ཏེ།ཁྱོན་ཡོངས་ནས་ཁྲིམས་ལྟར་ཁུལ་སྐྱོང་དང་ཁྲིམས་འཛིན་སྲིད་འཛིན་ལས་དོན་གྱི་རྣམ་པ་གསར་པ་ནུས་ཤུགས་ཡོད་རྒུས་བཏོད་པ་དང་།སྔོན་ཐོན་དཔེ་བཟང་ཁག་ཅིག་ཐོན་པས།ཞི་བདེ་དཀར་མཛེས་ཁུལ་དང་ཁྲིམས་སྐྱོང་དཀར་མཛེས་ཁུལ་སྐྲུན་པར་སྐུལ་འདེད་གཏང་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད།

    ཁུལ་ཁྲིམས་འཛིན་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་མི་སྣས་ཡེ་ཤེས་སྒྲོལ་མར་མུ་མཐུད་དེ་བློ་སྟོབས་རྒྱུན་འཁྱོངས་དང་།དུས་རབས་གསར་པའི་ཁྲིམས་འཛིན་སྲིད་འཛིན་རུ་ཁག་གི་དཔའ་ངར་ཆེར་བསྐྱེད་ཀྱི་བསམ་པའི་ཉམས་འགྱུར་མངོན་པར་རེ་སྨོན་བྱས་ཏེ།ཁུལ་ཡོངས་ཀྱི་རྒྱ་ཆེ་བའི་ཁྲིམས་འཛིན་སྲིད་འཛིན་ལས་བྱེད་པ་དང་ཉེན་རྟོག་པ།ཁྲིམས་སྐྱོང་ལས་དོན་པས་སྔོན་ཐོན་མིག་དཔེར་བཟུང་སྟེ་འགན་འཁྲི་གསར་པ་དང་བྱས་རྗེས་གསར་པ་མངོན་པ་དང་།ཁྱོན་ཡོངས་ནས་ཁྲིམས་ལྟར་ཁུལ་སྐྱོང་དང་ཁྲིམས་འཛིན་སྲིད་འཛིན་ལས་དོན་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་སྐུལ་འདེད་ཧུར་ཐག་གཏང་རྒྱུའི་རེ་སྨོན་ཞུ་བ་རེད།།


  • ལེ་ཚན་སྔོན་མ།:ཧྥུང་ཧྥ་ཀུའེ་ཡིས་ལྕགས་ཟམ་གནོད་ཐེབས་ཁུལ་དུ་རྟོག་ཞིབ་གནང་།
  • ལེ་ཚན་རྗེས་མ།:ཞི་ཅིན་ཕིང་གིས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཉམས་མྱོང་གླེང་བ།
  • དོ་སྣང་ཆེ་བའི་རྩོམ།