ཧྥུང་ཧྥ་ཀུའེ་ཡིས་ལྕགས་ཟམ་གནོད་ཐེབས་ཁུལ་དུ་རྟོག་ཞིབ་གནང་།

ཐུབ་ཀྱིས་བསྒྱུར།        2022-09-20

  སྤྱི་ཟླ9པའི་ཚེས18ཉིན་ལ། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཧྥུང་ཧྥ་ཀུའེ་གསང་བའི་སྒོ་ནས་ལྕགས་ཟམ་རྫོང་གདན་ཐོག་གྲོང་རྡལ་དུ་ཕེབས་ནས་མང་ཚོགས་སྐབས་སྡོད་བཀོད་སྒྲིག་དང་གནས་སྤོ་བཀོད་སྒྲིག་བྱ་ཡུལ་འདེམས་པ། སྐབས་སྡོད་པང་ཁང་འཛུགས་པ་སོགས་ཀྱི་གནས་ཚུལ་ལ་ལྟ་སྐུལ་དང་ཁྲིད་སྟོན་གནང་བ་རེད།

    ཧྥུང་ཧྥ་ཀུའེ་ཡིས་ནན་གསུང་གནང་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་ཁུར་ཟབ་མོ་འགུལ་འགོག་གནོད་སྐྱོབ་དང་གནོད་རྗེས་བསྐྱར་འཛུགས་ཀྱི་སྟོབས་ཤུགས་ཆེན་པོར་སྒྱུར་བ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ལས་དོན་བཀོད་སྒྲིག་བཅས་མཐའ་གཅིག་ཏུ་དོན་ཐོག་འཁྱོལ་བ་དང་། མི་གཙོ་བོར་འཛིན་པ་དང་དམངས་འཚོ་དམིགས་སུ་བཀར་བའི་འདུ་ཤེས་བརྟན་པོར་འཆང་ཞིང་། གནད་དོན་གྱིས་ཁྲིད་ཕྱོགས་བྱ་རྒྱུ་རྒྱུན་འཁྱོངས་ཏེ། དུས་ཐོག་སྐབས་སྡོད་མང་ཚོགས་ཀྱི་དཀའ་ངལ་དང་རེ་ཞུ་ཐག་གཅོད་ཅིང་། མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་སེམས་ཤུགས་ལྷོང་རོགས་བྱེད་པ་དང་། བརྩེ་སེམས་ཆེན་པོས་མང་ཚོགས་བཀོད་སྒྲིག་ལས་དོན་ཡག་པོ་སྒྲུབ་ཅིང་མི་བརྒྱ་སེམས་གཅིག་གིས་ཁྱིམ་གཞིས་མཛེས་སྡུག་ལྡན་པ་བསྐྲུན་དགོས།

   ཧྥུང་ཧྥ་ཀུའེ་ཡིས་ནན་གསུང་གནང་དོན། མང་ཚོགས་ཀྱི་བློ་ལ་འབབ་མིན་ནི་བཀོད་སྒྲིག་ལས་དོན་གྲུབ་འབྲས་ཞིབ་བཤེར་གྱི་ཚད་གཞི་ཡིན། མི་དམངས་གཙོ་བོར་འཛིན་པའི་འཕེལ་རྒྱས་བསམ་བློ་བཅངས་ཏེ། ཉིན་རེ་བཞིན་མང་ཚོགས་ཀྱི་དཀའ་ངལ་དང་རེ་ཞུ་ཕྱོགས་བསྡོམས་བྱས་རྗེས་སྤྱི་དང་བྱེ་བྱག་གི་གནད་དོན་རིགས་བགོས་ཏེ་ཁྲིམས་མཐུན་ལུགས་མཐུན་གྱིས་ཐག་གཅོད་ཡག་པོ་བྱ་དགོས། རྩིས་ཐོ་ཅན་དང་ཕྱི་འབྲེལ་མེད་པའི་དོ་དམ་བྱེད་ཐབས་སྤྱད་དེ་དེ་མ་ཐག་ཐག་གཅོད་ཐུབ་པའི་རིགས་མྱུར་དུ་ཐག་བཅད་པ་དང་ཐག་བཅད་མི་ཐུབ་པའི་རིགས་འགྲེལ་བཤད་ཁ་གསལ་བརྒྱག་དགོས། ཐབས་ལམ་སྣ་མང་དང་ཐེངས་མང་པོར་བཀོད་སྒྲིག་རོགས་སྐྱོར་ཁ་གསབ་སྲིད་ཇུས་དྲིལ་བསྒྲགས་གཏོང་བ་དང་། མང་ཚོགས་མ་བསྐུལ་དང་ལེན་ངང་གནོད་རྗེས་བསྐྱར་འཛུགས་ཁྲོད་དུ་ཞུགས་པ་ཁྲིད་སྟོན་ཧུར་ཐག་བྱ་དགོས།

     ཧྥུང་ཧྥ་ཀུའེ་ཡིས་ནན་གསུང་གནང་དོན། གནས་སྤོ་བ་དང་སྡོད་པ། ཡོང་འབབ་འཕར་བ་བཅས་ཀྱི་གནད་འགག་ཐུག་ས་དམ་འཛིན་ཡག་པོ་བྱས་ཏེ། ཕྱོགས་ཡོངས་ནས་དམངས་འཚོའི་དོན་དངོས་སུ་གཏོགས་པའི་གནས་སྤོ་བཀོད་སྒྲིག་བྱ་ཡུལ་གྱི་ལས་དོན་འདི་ཡག་པོ་བསྒྲུབ་དགོས། གནས་སྤོ་ས་ཚན་རིག་དང་མཐུན་ཞིང་ཉེན་ཁ་མེད་པ་བདམས་ནས་མང་ཚོགས་བསྡད་ན་བློ་བདེ་མོ་ཡིན་པ་ཁག་ཐེག་བྱ་དགོས། གནས་སྤོས་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བ་དང་། ངལ་རྩོལ་ལས་ཞུགས། སློབ་གསོ་སྨན་བཅོས་སོགས་ཀྱི་གནད་དོན་སྤྱི་འདོམས་འཆར་འགོད་བྱས་ཏེ་ཁྱད་ཆོས་ཆེ་ལ་བྱེད་ནུས་ཆ་ཚང་བའི་གནས་སྤོ་མང་ཚོགས་བཀོད་སྒྲིག་བྱ་ཡུལ་གསར་དུ་བསྐྲུན་དགོས། འབྲེལ་ཡོད་སྡེ་ཚན་གྱིས་སྔར་ལྷག་གིས་བཀོད་སྒྲིག་ཁང་གི་ལས་གཞི་འཛུགས་སྐྲུན་དོ་དམ་ལས་དོན་ལ་ཤུགས་བརྒྱབ་ནས་ཨར་ལས་ཉེན་མེད་ཡིན་པ་དང་སྤུས་ཀ་ཡག་པའི་རྨང་གཞིའི་ཐོག་འཛུགས་སྐྲུན་མགྱོགས་པོར་བྱས་ནས་མང་ཚོགས་སྔ་ཙམ་སྤོ་ཐུབ་པ་བྱ་དགོས།

     ཧྥུང་ཧྥ་ཀུའེ་ཡིས་རིམ་ཁག་ལས་བྱེད་པས་རྒྱུན་ཆད་མེད་པར་འབད་འཐབ་བྱེད་པའི་སྙིང་སྟོབས་དར་སྤེལ་གཏོང་ཞིང་། ཁ་ཤུགས་བརྒྱབ་ནས་ལས་དོན་སྒྲུབ་པ་རྒྱུན་འཁྱོངས་ཏེ། གནོད་ཐེབས་ས་ཁུལ་གྱི་ཐོན་སྐྱེད་འཚོ་བའི་སྒྲིག་ལམ་རྒྱུན་ལྡན་མགྱོགས་ཙམ་ཡོང་གང་ཐུབ་བྱ་དགོས་ཞེས་མངགས་བཅོལ་གནང་བ་རེད།།



  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱི་གཙོ་བདག་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་ཉེར་གཉིས་པར་ཞུགས་པ་དང་གསུང་བཤད་གལ་ཆེན་གནང་བ།
  • ལེ་ཚན་རྗེས་མ།:ཡེ་ཤེས་སྒྲོལ་མ་ལ་རྒྱལ་ཡོངས་ཀྱི་མཚན་སྙན་འདི་འདྲ་ཞིག་ཐོབ།
  • དོ་སྣང་ཆེ་བའི་རྩོམ།