ཀྲུང་དབྱང་ཨུ་ལྷན་སྐབས19པའི་ཚང་འཛོམས་གྲོས་ཚོགས་ཐེངས7པ་འཚོགས།

    ཞིན་ཧྭ་དྲ་བ།    2022-10-10

ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་སྐབས་བཅུ་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་པེ་ཅིང་དུ་འཚོགས།

    ཚེས9ཉིན་གྱི་སྔ་དྲོར། ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་སྐབས་བཅུ་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་པེ་ཅིང་དུ་འཚོགས་ཤིང་། ཀྲུང་དབྱང་ཨུ་ལྷན་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚབ་མཛད་ནས་ཚང་འཛོམས་གྲོས་ཚོགས་ལ་ལས་ཀའི་སྙན་སེང་ཕུལ་བར་མ་ཟད། ཀྲུང་དབྱང་ཨུ་ལྷན་སྐབས་བཅུ་དགུ་པས་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་སེང་གི་གྲོས་བསྡུར་མ་ཟིན་གྱི་སྐོར་ཚང་འཛོམས་གྲོས་ཚོགས་ལ་གསལ་བཤད་གནང་བ་རེད། ཝང་ཧུའུ་ཉིང་གིས་ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག་དག་བཅོས་འཆར་ཟིན་གྱི་གྲོས་བསྡུར་མ་ཟིན་སྐོར་ནས་ཚང་འཛོམས་གྲོས་ཚོགས་ལ་གསལ་བཤད་གནང་བ་རེད།།

  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་གིས་ས་གཤིས་རུ་ཆེན་འདིའི་ལས་དོན་པར་འཕྲིན་ལན་སྤྲིངས།
  • ལེ་ཚན་རྗེས་མ།:ཚེས12ལ་ཚོགས་ཆེན་ཉི་ཤུ་པའི་གསར་འགྱུར་ལྟེ་གནས་སྤྱད་འགོ་ཚུགས་རྒྱུ།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10