གཏམ་བཟང་། དོན་དག་རིགས་22ཞིང་ཆེན་བརྒལ་ནས་བསྒྲུབ་ཐུབ།

        2022-10-11

ཉིན་ཤས་གོང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《སྲིད་དོན་ཞབས་ཞུ“ཞིང་ཆེན་བརྒལ་ནས་བསྒྲུབ་འཐུས”ཁྱབ་ཁོངས་རྒྱ་ཆེར་བཏང་སྟེ་ཞབས་ཞུའི་ཕན་ནུས་སྔར་ལས་ཆེ་རུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》(གཤམ་དུ《བསམ་འཆར》ཞེས་བསྡུ་རྒྱུ)དཔར་འགྲེམས་བྱས་པ་རེད།
     《བསམ་འཆར》ནང་དགོས་མཁོ་ཆེ་བ་དང་། ཁྱབ་རྒྱ་ཆེ་བ། སྒྲུབ་ཐེངས་མང་བ་བཅས་ཀྱི་རྩ་དོན་གཞིར་བཟུང་། ས་ཆ་གཞན་དུ་གློག་རྡུལ་ཐོག་ཁྲལ་དངུལ་སྤྲོད་པ་མང་དུ་གཏོང་བ་དང་། ཁྲལ་བསྡུའི་ཁྲལ་འཇལ་དཔང་ཡིག་སྤྲོད་པ། སྡེ་ཚན་གྱི་སྤྱི་ཚོགས་འགན་བཅོལ་གྲོན་དངུལ་རེ་ཞུ་བྱེད་པ། གནས་སྐབས་གྲོང་མིའི་ཐོབ་ཐང་ལག་ཁྱེར་གཉེར་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྒན་གསོ་འགན་བཅོལ་ནང་ཞུགས་པའི་ཐོ་འགོད་དང་ཐོབ་ཐང་རེ་ཞུ་བྱེད་པ། སྒོ་བསྟེན་གྱི་གཅོང་ནད་རིགས་ལྔའི་གྲོན་དངུལ་བསྡོམས་རྩིས་རྒྱག་སོགས་སྲིད་དོན་ཞབས་ཞུ་རིགས་22ཞིང་ཆེན་བརྒལ་ནས་བསྒྲུབ་རྒྱུ་ཁ་གསལ་བསྟན་ཡོད། 

  • ལེ་ཚན་སྔོན་མ།:ཚེས12ལ་ཚོགས་ཆེན་ཉི་ཤུ་པའི་གསར་འགྱུར་ལྟེ་གནས་སྤྱད་འགོ་ཚུགས་རྒྱུ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10