ཡུལ་འདིར་ལོ་ངོ་3300སྔོན་གྱི་དུར་ཁུང་ཞིག་རྙེད་འདུག

        2022-10-11

  མི་དམངས་དྲ་བའི་འཕྲིན། ཉེ་ཆར། གནའ་རྫས་རྟོག་ཞིབ་པས་དབྱི་སི་རལ་ནས་གནའ་བོའི་ཨེ་ཅིབ་དུས་སྐབས་ཀྱི་དུར་ཁུང་ཞིག་རྙེད་པ་དང་། དེའི་ལོ་རྒྱུས་ནི་ལ་མེ་ཞི་སི་སྐུ་ཕྲེང་གཉིས་པས་དབང་སྒྱུར་བའི་དུས་སྐབས་སུ་འདེད་ཐུབ་པ་སྟེ། ཧ་ལམ་ལོ་ངོ་3300ཡི་སྔོན་རེད། དུར་ཁུང་འདིའི་ནང་ནས་རྫ་ཆས་དང་ཟངས་ཆས་བཅུ་ཕྲག་འགའ་བཏོན་པ་དང་། དེ་བཞིན་མ་མཐའ་ཡང་ལྟོས་བཅས་སུ་ཆ་ཚང་བའི་རུས་པ་ཞིག་ཐོན་ཡོད། གནའ་རྫས་རྟོག་ཞིབ་པས་དུས་སྐབས་འདིའི་དུར་ཁུང་ཧ་ཅང་མཐོང་དཀོན་པ་དང་། དེའི་ཁྲོད་ཀྱི་དུར་རྫས་ལས་སྐབས་དེར་མཚོ་རྒྱུད་ས་ཁུལ་དུ་ཅུང་འཁྲུག་ཆ་དོད་པའི་ཉོ་ཚོང་བྱ་འགུལ་ཡོད་པ་མངོན་ཡོད་ཅེས་བཤད་པ་རེད། 

  • ལེ་ཚན་སྔོན་མ།:གཏམ་བཟང་། དོན་དག་རིགས་22ཞིང་ཆེན་བརྒལ་ནས་བསྒྲུབ་ཐུབ།
  • ལེ་ཚན་རྗེས་མ།:དུས་རབས་གསར་པའི་ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་འགན་འཁྲི།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10