མེ་ཏོག་མཆོད་པའི་ལྷ་མོ།

བཞག་ཚ།        2022-10-14

གསེར་གྱི་མེ་ཏོག་འོད་ལ་མཆོད།།

དུང་གི་མེ་ཏོག་སྤྲིན་ལ་མཆོད།།

གཡུ་ཡི་མེ་ཏོག་མཚོ་ལ་མཆོད།།

སྙིང་གི་མེ་ཏོག་ལྷ་མོར་མཆོད།།

བརྩེ་བའི་མེ་ཏོག་ཁྱོད་ལ་མཆོད།།

དུང་བའི་གླུ་སྐད་ཁྱོད་ལ་མཆོད།།

སྙན་ཚིག་མེ་ཏོག་ཁྱོད་ལ་མཆོད།།

དུང་ཚིག་ངག་གཏམ་ཁྱོད་ལ་མཆོད།།

སྙན་ངག་དབྱངས་རྟ་ཁྱོད་ལ་མཆོད།།

དབྱངས་ཅན་ཁྱོད་ནི་ཟླ་བ་ཡིན།།

འཛུམ་པའི་ཚེས་ན་གོར་ཞིང་གོར།།

ཁྱོད་ནི་མཆོད་པའི་ལྷ་མོ་ཡིན།།

མེ་ཏོག་མཆོད་པའི་ལྷ་མོ་ཡིན།།



  • ལེ་ཚན་སྔོན་མ།:ནད་ཡམས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།