ཚོགས་ཆེན་ཉི་ཤུ་པ་ལ་ཕུལ།

སྒོ་འཛི་ཆོས་ཉིད།        2022-10-21

མི་རིགས་ལྔ་བཅུ་ང་དྲུག་ལ།

ཁྱིམ་ཚང་གཅིག་གི་དྲོད་ཁོལ་སྤྲོད་པ་དང་།

ཕུགས་བསམ་མཐུན་པ་དང་།

རེ་འདུན་གཅིག་པའི་

ཏང་གི་ཚོགས་ཆེན་ཉི་ཤུ་པ་

འཚོག་པར་རྟེན་འབྲེལ་ཞུ།

མི་རིགས་ལྔ་བཅུ་ང་དྲུག་ལ་

བྱམས་བརྩེ་སྤྲོད་མཁན་གྱི་ཨ་མ་དང་།

ཐང་རྒོད་བཞིན་གཤོག་ཟུང་མཁའ་ལ་

བརྐྱངས་པའི་རེ་འདུན་སྤྲོད་མཁན་གྱི་

ཡབ་ཆེན་ལགས།

ཁྱེད་ནི་ང་ཚོས་ནམ་ཡང་དྲན་སླ་བ་དང་།

ཁྱེད་ནི་ང་ཚོས་ནམ་ཡང་

བརྗེད་དཀའ་བ།

ཁྱེད་ནི་མི་རིགས་ལྔ་བཅུ་ང་དྲུག་གི་

མཐུན་སྒྲིལ་གྱི་ལྟེ་བ།

དུས་རྒྱུན་ཁྱེད་ལ་དད་པ་དང་

ཁྱེད་ལ་ཡིད་སྨོན་བྱེད།

ཁྱེད་མེད་ན།

ད་ལྟའི་བདེ་སྐྱིད་ཡོད་མི་སྲིད་ལ།

ཁྱེད་མེད་ན།

ཉི་འོད་ཀྱི་དྲོ་འཇམ་དང་།

ཟླ་བའི་བསིལ་རླུང་ག་ལ་ཡོད།

ཁྱེད་མེད་ན།

ང་ཚོ་ནི་གཤོག་ཟུང་མེད་པའི་བྱ་ཕྲུག་ཅིག་དང་།

ཁ་ཕྱོགས་མེད་པའི་མི་བུ་ཞིག་ཏུ་འགྱུར་སྲིད།

ཁྱེད་ནི།

ང་ཚོ་མི་རིགས་ལྔ་བཅུ་ང་དྲུག་གི་བྱམས་

ལྡན་གྱི་བདག་པོ་ཡིན།

སྤྲོ་བ་ཚད་མེད་ཀྱིས་ཁྱེད་ལ་རྟེན་འབྲེལ་ཞུ།



  • ལེ་ཚན་སྔོན་མ།:ང་ཡི་མེས་རྒྱལ།
  • ལེ་ཚན་རྗེས་མ།:དྲང་ཚིག་གཡང་གི་མེ་ཏོག་ཁྱེད་ལ་ཕུལ།