ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སེང་ནང་གི་ལེགས་བཤད་གཅེས་བཏུས།

    ཁམས་པའི་བརྙན་འཕྲིན་ལས་དྲངས།    2022-10-21

གཅིག།

ང་ཚོས་ཏང་གིས་ཀྲུང་ཧྭ་མི་རིགས་ཀྱི་ལོ་ངོ་སྟོང་གི་རླབས་ཆེན་བྱ་བཞག་དམིགས་འབེན་དུ་འཛིན་པ་དང་། མིའི་རིགས་ཀྱི་ཞི་བདེ་དང་འཕེལ་རྒྱས་ཀྱི་བླ་མེད་བྱ་བཞག་ལ་འབད་བརྩོན་བྱེད་བཞིན་ཡོད་པས། ཕྲག་ཐོག་གི་འགན་འཁྲི་ཧ་ཅང་ལྕི་ལ་གཟི་བརྗིད་ལྡན་པ་རེད། ཏང་ཡོངས་ཀྱི་བློ་མཐུན་ཚོས་ངེས་པར་དུ་ཐོག་མའི་དམ་བཅའ་སེམས་སུ་འཛིན་པ་དང་འགན་འཁྲི་ཕྲག་ཏུ་ཁུར་དགོས་པ་དང་། ངེས་པར་དུ་ཁེངས་སྐྱུང་གཟབ་ནན་དང་དཀའ་སྤྱད་འབད་བརྩོན་བྱེད་དགོས། ངེས་པར་དུ་འཐབ་འཛིང་བྱེད་ཕོད་པ་དང་འཐབ་རྩོད་ལ་མཁས་དགོས། ལོ་རྒྱུས་ཡིད་ཆེས་ཇེ་བརྟན་གཏོང་བ་དང་། ལོ་རྒྱུས་རང་རྟོགས་ཇེ་དྲག་བཏང་ནས། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལ་གྲུབ་འབྲས་སྔར་ལས་ཆེན་པོ་ཐོབ་པར་བྱེད་དགོས།

གཉིས།

འབད་བརྩོན་ལྷོད་མེད་བྱས་པར་བརྒྱུད། ཏང་གིས་རང་ཉིད་གསར་བརྗེ་ཞེས་པའི་ཞི་ཟིང་དར་རྒུད་ཀྱི་ལོ་རྒྱུས་ཀྱི་དུས་འཁོར་ལས་ཐར་ཐུབ་པའི་ཐབས་ཤེས་གཉིས་པ་དེ་རྙེད་ནས། དུས་ནམ་ཡང་ཏང་གི་ངོ་བོ་མི་འགྱུར་བ་དང་། རྣམ་པ་མི་འགྱུར་བ། ལས་སྟངས་མི་འགྱུར་བར་ཁག་ཐེག་ཐུབ་ཡོད།

གསུམ།

དུས་རབས་གསར་པའི་རླབས་ཆེ་བའི་གྲུབ་འབྲས་ནི་ཏང་དང་མི་དམངས་ཀྱིས་མཉམ་དུ་ཧུར་བརྩོན་དང་། ལག་ལེན། འབད་པ་བྱས་ནས་ཐོབ་པ་རེད།

བཞི།

དུས་རབས་གསར་པའི་ལོ་ངོ་བཅུ་རིང་གི་རླབས་ཆེན་གྱི་འཕོ་འགྱུར་དེ་ཏང་གི་ལོ་རྒྱུས་དང་ཀྲུང་གོ་གསར་པའི་ལོ་རྒྱུས། བཅོས་བསྒྱུར་སྒོ་འབྱེད་ཀྱི་ལོ་རྒྱུས། སྤྱི་ཚོགས་རུང་ལུགས་འཕེལ་རྒྱས་ཀྱི་ལོ་རྒྱུས། ཀྲུང་ཧྭ་མི་རིགས་འཕེལ་རྒྱས་ཀྱི་ལོ་རྒྱུས་བཅས་ལ་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་གལ་ཆེན་ལྡན་པ་རེད།

ལྔ།

ཀྲུང་གོ་གུང་ཁྲན་ཏང་ཅིའི་ཕྱིར་འཇོན་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཅིའི་ཕྱིར་ཡག་པོ་ཡིན་པ་ནི། མཐར་གཏུགས་ན་མར་ཁེ་སི་རིང་ལུགས་ལ་ནུས་པ་ལྡན་པ་དང་། ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་མར་ཁེ་སི་རིང་ལུགས་ལ་ནུས་པ་ལྡན་པས་རེད།

དྲུག།

ཀྲུང་གོ་མི་དམངས་དང་ཀྲུང་ཧྭ་མི་རིགས་ཉེ་རབས་ཀྱི་དཀའ་སྡུག་ཆེན་པོའི་ཁྲོད་ནས་རླབས་ཆེན་བསྐྱར་དར་ཡོང་བའི་འོད་སྟོང་ལྡན་པའི་མདུན་ལམ་དུ་སྐྱོད་པའི་སྐོར། སྔར་ནས་བཟུང་ལོ་རྒྱུས་ཀྱི་བསླབ་དེབ་མེད་པར་མ་ཟད། ད་ཡོད་ཀྱི་དྲིས་ལན་ཞིག་ཀྱང་མེད། ཏང་གི་ལོ་ངོ་བརྒྱ་རིང་འབད་བརྩོན་བྱེད་པའི་རྒྱལ་ཁའི་བགྲོད་ལམ་ནི་ཏང་གིས་མི་དམངས་ཀྱི་སྣེ་ཁྲིད་དེ་རང་བདག་རང་བཙན་གྱིས་འཚོལ་བཤེར་བྱས་ནས་བཏོད་པ་ཞིག་ཡིན་ལ། མར་ཁེ་སི་རིང་ལུགས་ཀྱི་ཀྲུང་གོའི་ལེའུ་ནི་ཀྲུང་གོ་གུང་ཁྲན་ཏང་གིས་རང་ཉིད་ཀྱི་སྟོབས་ཤུགས་ལ་བརྟེན་ནས་ལག་བསྟར་བྱས་ཏེ་གྲུབ་པ་རེད། དེའི་ཁྲོད་ཀྱི་རྩ་བའི་ཉམས་མྱོང་ནི་ཀྲུང་གོའི་གནད་དོན་ངེས་པར་དུ་ཀྲུང་གོ་རང་གི་གཞི་རྩའི་གནས་ཚུལ་ལ་གཞིགས་ནས་ཀྲུང་གོ་བ་རང་གིས་ཐག་གཅོད་བྱེད་དགོས་པ་རེད།

བདུན།

བགྲོད་ལམ་མི་བསྒྱུར་བ་དང་ཕུགས་འདུན་མི་བསྒྱུར་བ་རྒྱུན་འཁྱོངས་བྱས་ཏེ། བཀག་སྡོམ་འགྱུར་མེད་ཀྱི་བགྲོད་ལམ་རྙིང་པར་མི་སྐྱོད་པ་དང་། ལངས་ཕྱོགས་བསྒྱུར་བའི་ལམ་འཁྱོག་ཏུའང་མི་སྐྱོད་པ། རྒྱལ་ཁབ་དང་མི་རིགས་འཕེལ་རྒྱས་རང་ཉིད་ཀྱི་སྟོབས་ཤུགས་ཀྱི་གཞི་འཛིན་སར་འཇོག་པ་རྒྱུན་འཁྱོངས་དང་། ཀྲུང་གོ་འཕེལ་རྒྱས་དང་ཡར་ཐོན་ཡོང་བའི་ལས་དབང་རང་གི་ལག་ཏུ་དམ་པོར་འཛིན་པ་རྒྱུན་འཁྱོངས་བྱེད་དགོས།

བརྒྱད།

ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་ཀྱི་ཕུགས་འདུན་དང་སྙིང་རུས། སྤོབས་པ་བཅས་ཇེ་དྲག་ཏུ་གཏོང་བ་དང་། ལོག་བཤད་ལ་ཡིད་མི་ཆེས་པ་དང་དགྲ་བོར་མགོ་མི་སྒུར་བ། གཉའ་གནོན་ལ་མི་སྐྲག་པ་བཅས་བྱས་ཏེ། དཀའ་བ་གདོང་གིས་བསུ་ཞིང་ངལ་བ་དང་དུ་བླངས་ནས། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་དང་། ནུས་ཤུགས་ཡོད་རྒུས་མདུན་སྐྱོད་ཀྱི་བགྲོད་ལམ་སྟེང་གི་དཀའ་ངལ་དང་འགྲན་སློང་ཡོད་ཚད་ལས་རྣམ་པར་རྒྱལ་བ་དང་། དཀའ་སྤྱད་འབད་བརྩོན་གྱི་སྙིང་སྟོབས་ལ་བརྟེན་ནས་བྱ་གཞག་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་འབྱེད་དགོས།

དགུ།

ལྷག་བསམ་ཆེན་པོ་དང་འབད་བརྩོན་ཆེན་མོས་ཞི་བས་གཅིག་གྱུར་གྱི་མདུན་ལམ་བརྩོན་ལེན་བྱ་རྒྱུ་ཡིན། རེད་དེ་དྲག་ཆས་མི་སྤྱོད་པ་རྩ་་བ་ནས་ཁས་ལེན་བྱ་རྒྱུ་མིན། དགོས་ངེས་ཀྱི་དུས་སུ་བྱེད་ཐབས་ཡོད་ཚད་སྤྱོད་པའི་གདམ་ག་རྒྱུན་འཁྱོངས་བྱ་རྒྱུ་ཡིན།

རྒྱལ་ཁབ་གཅིག་གྱུར་དང་མི་རིགས་བསྐྱར་དར་ཡོང་བའི་ལོ་རྒྱུས་ཀྱི་འཁོར་ལོ་མདུན་ནས་མདུན་དུ་སྐྱོད་པས། མེས་རྒྱལ་ངེས་པར་དུ་ཡོངས་སུ་གཅིག་གྱུར་ཡོང་བར་བྱེད་དགོས་པ་དང་། གཅིག་གྱུར་ཡོང་ཐག་ཆོད་ཡིན།

བཅུ།

རུལ་སུངས་ཀྱིས་ཏང་གི་གསོན་ཤུགས་དང་འགྲན་རྩོད་ཀྱི་ནུས་ཤུགས་ལ་གནོད་པ་ཚབས་ཆེན་བཟོས་པས། རུལ་སུངས་ལ་རྒོལ་བ་ནི་རང་ཉིད་གསར་བརྗེ་མཐའ་ཆོད་པ་དེ་རེད། རུལ་སུངས་ཀྱི་གནད་དོན་འབྱུང་བའི་ཁོར་ཡུག་དང་ཆ་རྐྱེན་ལྡན་ཚེ། རུལ་སུངས་ལ་རྒོལ་བའི་འཐབ་རྩོད་ནམ་ཡང་མཚམས་འཇོག་མི་རུང་བ་དང་། ངེས་པར་དུ་ནང་ཡང་དྲན་སྐུལ་གྱི་ཅོང་བརྡ་བསྒྲག་དགོས།

བཅུ་གཅིག།

དུས་རབས་ཀྱིས་ང་ཚོར་འབོད་སྐུལ་གཏོང་བ་དང་མི་དམངས་ཀྱིས་ང་ཚོར་རེ་སྒུག་བྱས་པས། ཕུགས་འདུན་མི་འགྱུར་བ་དང་ལག་བསྟར་ནན་མོ་བྱས་ན། ད་གཟོད་དུས་རབས་དང་མི་དམངས་ཀྱི་རེ་བ་སྟོང་ཟད་དུ་མི་གཏོང་བ་རེད། ཏང་ཡོངས་ཀྱིས་ངེས་པར་དུ་ཏང་གིས་ཁྱོན་ཡོངས་ནས་སྣེ་ཁྲིད་པ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བའི་དགོས་ངེས་ཀྱི་བགྲོད་ལམ་ཡིན་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ནི་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བའི་དགོས་ངེས་ཀྱི་བགྲོད་ལམ་ཡིན་པ་དང་། མཐུན་སྒྲིལ་འབད་བརྩོན་ནི་ཀྲུང་གོའི་མི་དམངས་ཀྱིས་ལོ་རྒྱུས་ཀྱི་རླབས་ཆེན་བྱ་གཞག་སྐྲུན་པའི་དགོས་ངེས་ཀྱི་བགྲོད་ལམ་ཡིན་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ་ནི་དུས་རབས་གསར་པར་རང་རྒྱལ་འཕེལ་རྒྱས་དང་སྟོབས་ལྡན་གཏོང་བའི་དགོས་ངེས་ཀྱི་བགྲོད་ལམ་ཡིན་པ། ཁྱོན་ཡོངས་ནས་ཏང་ནན་གྱིས་སྐྱོང་བ་ནི་ཏང་གི་གསོན་ཤུགས་ནམ་ཡང་རྒྱས་པ་དང་། དུས་རབས་གསར་པར་འབད་འབུངས་བྱེད་པའི་དགོས་ངེས་ཀྱི་བགྲོད་ལམ་ཡིན་པ་སོགས་སེམས་ལ་དམ་པོར་འཛིན་དགོས།

བཅུ་གཉིས།

ཏང་གིས་རླབས་ཆེན་གྱི་འབད་བརྩོན་ལ་བརྟེན་ནས་ལོ་ངོ་བརྒྱའི་རླབས་ཆེན་ཀྱི་བྱ་གཞག་བསྐྲུན་ཡོད་ལ། རླབས་ཆེན་གྱི་འབད་བརྩོན་གསར་པར་བརྟེན་ནས་རླབས་ཆེན་གྱི་བྱ་གཞག་གསར་པ་བསྐྲུན་ཐུབ་ངེས་རེད།



  • ལེ་ཚན་སྔོན་མ།:ཝང་དབྱང་བོད་ལྗོངས་འཐུས་མི་ཚོགས་པའི་གྲོས་བསྡུར་ནང་ཞུགས།
  • ལེ་ཚན་རྗེས་མ།:ཀྲུང་དབྱང་ཨུ་ཡོན་ལྷན་ཁང་སྐབས20པའི་རྗེས་སྣོན་ཨུ་ཡོན་གྱི་མིང་ཐོ།
  • དོ་སྣང་ཆེ་བའི་རྩོམ།