མི་དམངས་ཉིན་རེའི་ཚགས་པར། 2022-10-24
ལས་ཞུགས།
ལས་ཞུགས་དམིགས་སུ་བཀར་བའི་འཐབ་ཇུས་ལག་ལེན་བསྟར་བ་དང་། ལས་ཞུགས་དམིགས་སུ་བཀར་བའི་སྲིད་ཇུས་སྤེལ་ཤུགས་ཆེ་རུ་གཏོང་ཞིང་། ལས་ཞུགས་ཀྱི་སྤྱི་པའི་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་བ།
ཚོགས་སྤྱི་དཀའ་ངལ་ཡོད་པར་ལས་ཞུགས་ཀྱི་མ་མཐའི་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལས་ཞུགས་དྲང་གཞག་ཡོང་བར་ཤུགས་རྐྱེན་ཐེབས་པའི་ཚོད་འཛིན་ལུགས་དང་མི་མཐུན་པ་དང་ལས་ཞུགས་ལ་མཐོང་ཆུང་བྱེད་པ་མེད་པར་བཟོ་དགོས།
སློབ་གསོའི་མ་ལག་སྤུས་ཚད་མཐོན་པོ་འཛུགས་སྐྱོང་མགྱོགས་པོར་བྱེད་པ་དང་། བྱང་ཚད་སློབ་གསོ་འཕེལ་རྒྱས་གཏོང་ཞིང་། སློབ་གསོ་དྲང་གཞག་ཡོང་བ་བྱ་དགོས།
ཡོང་འབབ་དམའ་མོ་ཡིན་མཁན་གྱི་ཡོང་འབབ་སྤར་བ་དང་། ཡོང་འབབ་འབྲིང་མོའི་ཚོགས་སྤྱི་རྒྱ་སྐྱེད་གཏང་དགོས།
ཡོང་འབབ་བགོ་བཤའི་གོ་སྒྲིག་ཚད་ལྡན་གཏོང་བ་དང་། རྒྱུ་ནོར་གསོག་འཇོག་ནང་སྲོལ་ཚད་ལྡན་དུ་གཏང་དགོས།
མི་འབོར་བགྲེས་སོང་ཅན་ལ་ཁ་གཏད་གཅོག་པའི་རྒྱལ་ཁབ་ཀྱི་འཐབ་ཇུས་ལག་ལེན་ཧུར་ཐག་གཏང་དགོས།
རྒྱ་ལུགས་གསོ་རིག་བརྒྱུད་འཛིན་དང་གསར་གཏོད་འཕེལ་རྒྱས་ཡོང་བར་སྐུལ་སྤེལ་གཏང་དགོས།
རིམས་ཚུལ་ཚབས་ཆེན་འགོག་ཟོན་སྐྱོབ་བཅོས་མ་ལག་དང་འཚུབ་བསྟུན་ནུས་པ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏང་དགོས།
དབང་པོ་སྐྱོན་ཅན་གྱི་བྱ་གཞག་འཕེལ་རྒྱས་ཡོང་བ་ཁྱོན་ཡོངས་ནས་སྐུལ་སྤེལ་གཏང་དགོས།
ཕོ་མོ་འདྲ་མཉམ་གྱི་རྩ་བའི་རྒྱལ་ཇུས་རྒྱུན་འཁྱོངས་པ་དང་། བུད་མེད་དང་བྱིས་པའི་ཁྲིམས་མཐུན་ཁེ་དབང་འགན་སྲུང་བྱ་དགོས།
མི་དམངས་ཀྱི་སྟོབས་ཤུགས་འཕེལ་བའི་བརྩམས་ཆོས་ཕུལ་བྱུང་མང་པོ་འདོན་པ།
རིག་གནས་ཐོན་ལས་ལས་གཞི་གལ་ཆེན་གྱི་སྐུལ་ཁྲིད་འཐབ་ཇུས་ལག་ལེན་བསྟར་བ།
མང་ཚོགས་ལུས་རྩལ་དང་འགྲན་རྩལ་ལུས་རྩལ་ཁྱོན་ཡོངས་ནས་འཕེལ་རྒྱས་ཡོང་བར་སྐུལ་སྤེལ་གཏང་དགོས།
འབྲུ་རིགས་ཉེན་མེད་ཀྱི་གཞི་རྩ་ཕྱོགས་ཡོངས་ནས་བརྟན་པོར་བཟོ་བ་དང་། རྨོད་ཞིང་མུའུ་དུང་ཕྱུར་བཅོ་བརྒྱད་ཀྱི་ཐག་རྒྱ་དམར་པོ་དམ་པོར་བསྲུང་དགོས།
གནམ་སྔོན་མོ། ཆུ་དྭངས་མོ། ས་གཙང་མའི་སྲུང་སྐྱོང་འཐབ་འཛིང་མུ་མཐུད་དེ་ཤུགས་ཆེན་བརྒྱག་དགོས།
རྩྭ་ཐང་དང་ནགས་ཚལ། ཆུ་བོ་གཙང་པོ། མཚོ་མཚེའུ། འདམ་ར་བཅས་སོར་ཆུད་སྐྱེ་འཕེལ་ཡོང་བ་བྱ་རྒྱུ་དང་། འབྲི་ཆུར་ལོ་བཅུ་ལ་ཀླུང་རྒྱ་སྡོམ་པ་ལག་ལེན་ཡག་པོ་བྱ་དགོས།
རྨོད་ཞིང་འདེབས་རྒོད་རེས་མོས་ལམ་ལུགས་འཐུས་ཚང་དུ་གཏོང་ཞིང་། ཕྱིར་ཕྱོགས་དངོས་རིགས་ཀྱི་གནོད་འཚེ་འགོག་བཅོས་བྱ་དགོས།
རང་རྒྱལ་སྤྱི་འབངས་དང་ཁྲིམས་མིའི་ཕྱི་རྒྱལ་གྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱ་དགོས།
མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏང་དགོས།
གནོད་ཟོན་གནོད་སྐྱུང་གནོད་སེལ་དང་སྤྱི་པའི་ཐོལ་བྱུང་དོན་རྐྱེན་འཚུབ་དཀའ་ཉེན་གསུམ་ཐག་གཅོད་འགན་སྲུང་ཐུབ་པའི་ནུས་པ་ཇེ་ཆེར་གཏང་དགོས།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10