རང་ཁུལ་གྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་བརྒྱུད་བསྒྲགས་བྱས།

ཡེ་མགོན་གྱིས་བསྒྱུར།        2022-10-28

   དཀར་མཛེས་ཁུལ་གྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱེད་པའི་ཚོགས་འདུ་འཚོགས་ནས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ཤིང་། མཐུན་སྒྲིལ་འབད་འཐབ་བྱེད་པའི་དུས་རབས་ཀྱི་བླང་བྱ་རང་རྟོགས་ངང་ལག་བསྟར་བྱས་ཏེ།

ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་མངོན་འགྱུར་དང་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་ཆེན་ལ་སྐུལ་འདེད་གཏོང་ཆེད་དཀར་མཛེས་ཁུལ་གྱི་བྱས་རྗེས་བཞག་དགོས་ཞེས་གསུངས་པ་རེད།

རང་ཁུལ་གྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་བརྒྱུད་བསྒྲགས་བྱས།

   སྤྱི་ཟླ10པའི་ཚེས26ཉིན་དཀར་མཛེས་ཁུལ་གྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱེད་པའི་ཚོགས་འདུ་དར་མདོར་འཚོགས་ཤིང་། ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་གིས་ཚོགས་འདུ་གཙོ་སྐྱོང་གནང་བས་མ་ཚད་གསུང་བཤད་གནང་བ་རེད། ཁོང་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་དྲིལ་བསྒྲགས་དང་ལག་ལེན་མཐར་ཕྱིན་བྱ་རྒྱུ་ནི་ཁུལ་ཡོངས་ཀྱི་མིག་སྔ་དང་ཕྱིན་ཆད་དུས་སྐབས་ཤིག་གི་ཆབ་སྲིད་ལས་འགན་གཙོ་བོ་ཡིན་ཞིང་། “གཏན་ཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་བླངས་ནས“འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ་དང་།“གདེང་ཚོད་བཞི” བརྟན་དུ་གཏོང་བ།“སྲུང་སྐྱོང་གཉིས”བྱེད་ཐུབ་པ།ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་གྱིས་བསམ་བློར་དྲག་ཆས་སྤྲས་པ་དང་ལག་ལེན་ལ་སྣེ་ཁྲིད་མཐའ་གཅིག་ཏུ་བྱས་ནས་དཀའ་སྤྱད་དངོས་སྒྲུབ་དང་སྒྲུབ་མཁས་འགྲུབ་མཁས་བྱས་ཏེ། མཐུན་སྒྲིལ་འབྱོར་ཕྱུག་དང་འཆམ་མཐུན་མཛེས་སྡུག་གི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གསར་པ་ནུས་ཤུགས་ཡོད་རྒུས་འཛུགས་སྐྱོང་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་མངོན་འགྱུར་དང་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་ཆེན་ལ་སྐུལ་འདེད་གཏོང་ཆེད་དཀར་མཛེས་ཁུལ་གྱི་བྱས་རྗེས་བཞག་དགོས་ཞེས་གསུངས་པ་རེད། 

རང་ཁུལ་གྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་བརྒྱུད་བསྒྲགས་བྱས།
   ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཧྲུའུ་ཏ་ཁྲུན། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ལེ་ཅན་ཕིང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཧྲི་ཀང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་དབྱང་ཧུང་ཧྲོའུ་ཚོགས་འདུར་ཞུགས་པ་རེད། 
     ཚོགས་འདུའི་ཐོག་བསྟན་དོན། ཏང་གི་ཚོགས་ཆེན་ཉི་ཤུ་པ་ནི་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྱོང་བྱེད་པའི་རྒྱང་སྐྱོད་ལམ་གསར་དུ་སྐྱོད་པ་དང་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་ཕྱོགས་སུ་སྐྱོད་པའི་འགག་རྩའི་དུས་སྐབས་སུ་འཚོགས་པའི་གལ་འགངས་ཤིན་ཏུ་ཆེ་བའི་ཚོགས་ཆེན་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞུས་པའི་སྙན་སེང་ནང་ཏང་ཡོངས་ཀྱི་བློ་གྲོས་གཅིག་སྡུད་གནང་ཡོད། འདི་ནི་ཏང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁ་གསར་པ་ལེན་པའི་ཆབ་སྲིད་ཀྱི་བསྒྲགས་གཏམ་དང་བྱ་སྤྱོད་ཀྱི་རྩ་འཛིན་རེད། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སེང་ནང་ལོ་བརྒྱའི་ཏང་ཆེན་པོས་འབྱུང་འགྱུར་ལ་ཁ་ཕྱོགས་ཏེ་མུ་མཐུད་ནས་རང་ངོས་གསར་བརྗེ་བྱེད་པའི་སེམས་ཤུགས་དང་བློ་ཁོག་ཁྱབ་བསྒྲགས་བྱས་ནས་ཏང་གིས་ནམ་ཡང་ལམ་བུའི་ཐོག་རིག་པ་དྭངས་གསལ་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་པའི་རྒྱུན་སྲིང་དམག་འཐབ་ཀྱི་ཆོད་སེམས་དང་ཡིད་ཆེས་ལ་དམ་བཅའ་བཞག་པ་རེད། 《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག(དག་བཅོས་འཆར་ཟིན)》ནང་ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་ཚུན་ཏང་གི་རིགས་པའི་གཞུང་ལུགས་གསར་གཏོད་དང་ལག་ལེན་གསར་གཏོད། ལམ་ལུགས་གསར་གཏོད་བཅས་ཀྱི་གྲུབ་འབྲས་ཞུན་བརྡར་གཏིང་ཟབ་བྱས་པར་ཆབ་སྲིད་ཀྱི་དོན་སྙིང་དང་རིགས་པའི་གཞུང་ལུགས་ཀྱི་དོན་སྙིང་། ལག་ལེན་གྱི་དོན་སྙིང་ཟབ་མོ་ལྡན་པ་རེད། ཚོགས་ཆེན་ཐོག་སྐབས་གསར་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་བདམས་ཐོན་བྱུང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་ཐོག་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་དབྱང་གི་འགོ་ཁྲིད་ལས་ཁུངས་སྐབས་གསར་པ་བདམས་ཐོན་བྱུང་། བློ་མཐུན་ཞི་ཅིན་ཕིང་མུ་མཐུད་ནས་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞིར་བདམས་ཐོན་བྱུང་བ་དེའི་ཐོག་ནས་ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་མི་དམངས་ཀྱི་ཐུན་མོང་གི་འདོད་བློ་མཚོན་པ་དང་། མི་དམངས་དུང་ཕྱུར་མང་པོ་ཏང་གིས་སྲོག་ཤིང་གནང་བའི་རྗེས་སུ་འབྲངས་ནས་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་པའི་ཆོད་སེམས་བརྟན་པོ་མཚོན་ཡོད་པ་རེད། 

    ཚོགས་འདུའི་ཐོག་བསྟན་དོན། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་སྙན་སེང་ནང་གཅིག་སྡུད་གྱིས་མཚོན་ཡོད། ཏང་གི་ཚོགས་ཆེན་ཉི་ཤུ་པའི་བརྗོད་བྱ་གཙོ་བོ་ཁོང་དུ་གནད་འཁེལ་ཆུད་ནས་ཏང་བསྐྱར་དར་ཡོང་བའི་བྱ་གཞག་རླབས་པོ་ཆེའི་ནང་དར་ཆ་གང་ཞིག་བསྒྲེང་རྒྱུ་དང་། ལམ་བུ་གང་འདྲ་ཞིག་ཏུ་བསྐྱོད་རྒྱུ། བསམ་པའི་འཁྱེར་སོ་གང་འདྲ་ཞིག་ལ་བརྟེན་རྒྱུ། དམིགས་འབེན་གང་འདྲ་ཞིག་གི་ཕྱོགས་སུ་མུ་མཐུད་ནས་མདུན་སྐྱོད་བྱ་རྒྱུ་བཅས་ལ་གོ་བ་གཏིང་ཟབ་བླངས་ཏེ་རང་འགུལ་གྱིས་བརྗོད་བྱ་གཙོ་བོ་འདི་དེང་རབས་ཅན་འཛུགས་སྐྱོང་བྱེད་པའི་ཕྱོགས་སོ་སོའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱ་དགོས། དུས་རབས་གསར་པའི་ལོ་བཅུའི་འཕོ་འགྱུར་རླབས་ཆེན་གྱི་དོན་སྙིང་གལ་ཆེན་ཁོང་དུ་གནད་འཁེལ་ཆུད་པ་བྱས་ནས“གཏན་འཁེལ་གཉིས”ནི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་འཐོབ་རྒྱུར་སྐུལ་འདེད་གཏོང་བ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བའི་ཐག་གཅོད་རང་བཞིན་གྱི་རྒྱུ་རྐྱེན་ཞིག་ཡིན་པར་ངོས་འཛིན་གཏིང་ཟབ་བྱས་ཏེ་ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྲིད་སྟོན་གནང་བའི་ཁ་ཕྱོགས་བརྒྱུད་ནས་དཔའ་ངར་ཆེན་པོས་མདུན་སྐྱོད་བྱ་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་འཇིག་རྟེན་ལྟ་ཚུལ་དང་བརྟག་ཐབས་སྨྲ་བ་ཁོང་དུ་གནད་འཁེལ་ཆུད་ནས་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་གྱི་རིགས་པའི་གཞུང་ལུགས་གསར་གཏོད་ཀྱི་གྲུབ་འབྲས་གལ་ཆེན་རྒྱུན་འཁྱོངས་དང་བེད་སྤྱོད་ཡག་པོ་བྱ་དགོས། ཀྲུང་གོའི་ཁྱད་ཆོས་ཀྱི་དེང་རབས་ཅན་གྱི་ངོ་བོའི་བླང་བྱ་ཁོང་དུ་གནད་འཁེལ་ཆུད་ནས་འཕེལ་རྒྱས་དང་ཡར་ཐོན་གྱི་ལས་དབང་དེ་རང་ཉིད་ཀྱི་ལག་ཏུ་དམ་པོར་འཛིན་དགོས། དུས་རབས་གསར་པ་དང་རྒྱང་སྐྱོད་ལམ་གསར་གྱི་ལོ་རྒྱུས་ལས་འགན་ཁོང་དུ་གནད་འཁེལ་ཆུད་ནས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལག་ལེན་རླབས་པོ་ཆེའི་ནང་ཧུར་ཐག་ཞུགས་དགོས། རང་ངོས་གསར་བརྗེ་རླབས་ཆེན་བྱེད་པའི་བླང་བྱ་གལ་ཆེན་ཁོང་དུ་གནད་འཁེལ་ཆུད་ནས་དུས་རབས་གསར་པའི་ཏང་འཛུགས་སྐྱོང་བྱེད་པའི་འདུ་འགོད་རླབས་ཆེན་གསར་པར་སྐུལ་འདེད་གཏིང་ཟབ་གཏང་དགོས།

    ཚོགས་འདུའི་ཐོག་ནན་གསུང་གནང་དོན། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་སློབ་སྦྱོང་དང་དྲིལ་བསྒྲགས །ལག་བསྟར་བཅས་བྱེད་སྐབས་དོན་དངོས་དང་ཟུང་འབྲེལ། གྲུབ་འབྲས་དངོས་ཐོབ་པར་བརྩོན་ལེན་བྱ་དགོས། ཡང་དག་པའི་ཆབ་སྲིད་ཁ་ཕྱོགས་རྒྱུན་འཁྱོངས་ལྷོད་མེད་བྱས་ནས་ཆབ་སྲིད་བརྡར་ཤ་གཅོད་ནུས་དང་ཆབ་སྲིད་གོ་རྟོགས་སད་ནུས། ཆབ་སྲིད་ལག་བསྟར་བྱེད་ནུས་བཅས་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་བཏང་ནས་བློ་མཐུན་ཞི་ཅིན་ཕིང་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་གོ་གནས་སྔར་ལས་རང་རྟོགས་ཀྱིས་སྲུང་སྐྱོང་བྱས་ཏེ། ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱིས་འགོ་ཁྲིད་སྔར་ལས་རང་རྟོགས་ཀྱིས་སྲུང་སྐྱོང་བྱ་དགོས། བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གྱི་དམིགས་འབེན་གཏན་འཁེལ་བྱས་ཏེ་ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པས་བཏོན་པའི་དམིགས་འབེན་ལས་འགན་དང་ཟུང་འབྲེལ་བྱས་ནས་ལེགས་སྒྲིག་འཐུས་ཚང་དང་འཕེལ་རྒྱས་འཐུས་ཚང་ཡོང་བ་བྱ་དགོས།

   ཚོགས་འདུའི་ཐོག་ནན་གསུང་གནང་དོན། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་སློབ་སྦྱོང་དང་དྲིལ་བསྒྲགས་བྱེད་པའི་ཚ་རླབས་ཤིག་མགྱོགས་མྱུར་དུ་འཕྱུར་བར་བྱ་དགོས། སྒྲིག་འཛུགས་ཞིབ་ཚགས་བྱས་ཏེ་ལག་བསྟར་བྱེད་པ་དང་རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་པ་དང་ལྷག་པར་དུ “གཙོ་འགན་འཁུར་མཁན་མགོ་ཁྲིད”ཀྱིས་སྣེ་ཁྲིད་དེ་སློབ་སྦྱོང་དང་མིག་དཔེ་བསྟན་དགོས།རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚོ་ཆུང་གི་ཆེད་དོན་སློབ་སྦྱོང་ཚོགས་འདུ་འཚོགས་ཏེ་ཏང་མི་ལས་བྱེད་པ་སྒྲིག་འཛུགས་བྱས་ཏེ་མགོ་ནས་མཇུག་བར་སློབ་སྦྱོང་བྱ་དགོས། ཧུར་ཐག་གིས་དྲིལ་བསྒྲགས་དང་རྣམ་པ་འདྲ་མིན་སྣ་ཚོགས་སྤྱད་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་སློབ་སྦྱོང་འདི་ལས་ཁུངས་དང་སློབ་གྲྭ། ཁེ་ལས། སྤྱི་ཁུལ།ཞིང་སྡེ། དགོན་སྡེ་བཅས་སུ་སྤེལ་བར་སྐུལ་འདེད་གཏང་དགོས།ལས་བྲལ་དང་ལས་འཁྱུར་མི་སྣ། དཔལ་འབྱོར་རྩ་འཛུགས་གསར་པ་དང་སྤྱི་ཚོགས་རྩ་འཛུགས་ཀྱི་ལས་ཞུགས་མི་སྣ།གཏན་ཁེལ་མེད་པའི་མི་འབོར་གྱི་ཏང་མི་བཅས་ལ་སློབ་སྦྱོང་ཡག་པོ་བྱེད་དུ་འཇུག་དགོས།

     ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་སློབ་སྦྱོང་དང་ལག་ལེན་བྱེད་པར་ཏན་ཏན་ཏིག་ཏིག་དང་དཀའ་སྤྱད་སྙིང་རུས་བྱ་དགོས། ཚོགས་འདུའི་ཐོག་མིག་སྔའི་གཙོ་གནད་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་བཀོད་སྒྲིག་བྱས་ནས་ནུས་ཤུགས་ཡོད་རྒུས་ལོ་འཁོར་གྱི་དམིགས་འབེན་ལས་འགན་ལ་གདོང་མཆོང་བྱས་ཏེ་དམིགས་འབེན་ལས་འགན་དང་ཞིབ་བསྡུར་བྱས་ནས་ཧེ་བག་འཚོལ་བ་དང་། ཞན་ཆ་སེལ་བ།སྒྲུབ་ཚད་མགྱོགས་སུ་གཏོང་བ་བཅས་བྱས་ནས་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་གཏོང་བར་བྱས་རྗེས་མང་ཙམ་གཞག་དགོས། སྤྱི་ཚོགས་བདེ་འཇགས་བརྟན་བརླིང་མཐའ་གཅིག་ཏུ་སྲུང་སྐྱོང་བྱས་ནས་སྤྱི་ཚོགས་བཅོས་སྐྱོང་དང་ཐོན་སྐྱེད་ཉེན་མེད་སོགས་ཀྱི་ལས་དོན་གཅིག་གྱུར་འཆར་འགོད་བྱས་ནས་དམ་འཛིན་ཡག་པོ་བྱས་ཏེ་རང་བྱུང་གནོད་འཚེའི་ལྟ་ཞིབ་ཚད་ལེན་དང་ཉེན་ཟོན་སྔོན་བརྡ་གཏང་རྒྱུར་ཤུགས་བརྒྱག་དགོས། རྒྱུན་རྣམ་ཅན་གྱི་རིམས་ཚུལ་འགོག་ཟོན་བཙན་སྡོམ་མུ་མཐུད་ནས་དམ་འཛིན་ཡག་པོ་བྱས་ཏེ“སི་ཁྲོན་དུ་ཡོང་ཚེ་ཞིབ་བཤེར་བྱ་དགོས་པའི”བླང་བྱ་ལག་བསྟར་ནན་པོ་བྱེད་པ་དང་འགོག་ཟོན་བཙན་སྡོམ་གནད་དུ་འཁེལ་བ་བྱས་ནས་གཞི་ཁྱོན་ཅན་གྱི་རིམས་ཚུལ་བསྐྱར་དུ་མི་བྱུང་བའི་མ་མཐའི་མཚམས་ཐིག་བརྟན་སྲུང་བྱ་དགོས།སྤྱི་ཟླ9པའི་ཚེས5ཉིན་ལྕགས་ཟམ་ཁ་ལ་ས་འགུལ་བྱུང་རྗེས་ཀྱི་ཉམས་གསོ་བསྐྱར་སྐྲུན་ལ་སྐུལ་འདེད་ཇེ་མགྱོགས་བཏང་ནས་ཚད་གཞི་མཐོ་ཞིང་སྤུས་ཚད་མཐོ་བའི་གནོད་འཚེ་ཐེབས་རྗེས་ཀྱི་ཉམས་གསོ་བསྐྱར་སྐྲུན་གྱི་འཆར་འགོད་བཟོ་དགོས། སྲིད་ཇུས་ལས་གཞི་ཡིས་རྒྱབ་སྐྱོར་ཐོབ་པར་བརྩོན་ལེན་ཧུར་ཐག་བྱེད་པ་དང་ཉེན་ཁ་ཡོད་པའི་ཁང་པ་བརྟན་དུ་གཏོང་དང་བསྐྱར་སྐྲུན་བྱེད་ཡུལ་འདེམས་པ་སོགས་ཀྱི་ལས་དོན་ལ་སྐུལ་འདེད་ཇེ་མགྱོགས་བཏང་སྟེ་གནོད་འཚེ་ཐེབས་མཁན་མང་ཚོགས་བདེ་དྲོད་ངང་དགུན་བརྒལ་ཐུབ་པར་འགན་ལེན་བྱ་དགོས། ལོ་མཇུག་གི་དཔྱད་བསྡུར་དང་སང་ལོའི་ལས་དོན་འཆར་འགོད་ཡག་པོ་བྱས་ནས་ད་ལོའི་ལས་དོན་ཡག་པོ་བསྒྲུབས་པར་རྒྱུགས་ལེན་ཡག་པོ་སྤྲོད་པ་དང་སང་ལོའི་ལས་དོན་འགོ་ཡག་པོ་འཛུགས་པར་འགན་ལེན་བྱ་དགོས། །


  • ལེ་ཚན་སྔོན་མ།:རོང་བྲག་རྫོང་དཔའ་དབང་ཆུང་གྲོང་སྡེར་རྟེན་འབྲེལ་ཞུ།
  • ལེ་ཚན་རྗེས་མ།:དུས་ཚིཊ་སྔོན་མ3ལ་རང་ཁུལGDPཡི་འཕར་ཚད་ཞིང་ཆེན་ཡོངས་ཀྱི་ཨང2ལ་སླེབས།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10