ཞིན་ཧྭ་གསར་འགྱུར་ཁང་གིས་ཚོགས་ཆེན་ཉི་ཤུ་པའི་སྙན་ཞུ་ཆ་ཚང་སྤེལ་འདུག

    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།    2022-10-28

   ཞིན་ཧྭ་གསར་འགྱུར་ཁང་གིས་སྤྱི་ཚེས་25ཉིན་དབང་ཆ་ཐོབ་པ་ལྟར་བློ་མཐུན་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པའི་ཐོག་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ནས་གནང་བའི《ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱ་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་དགོས》ཞེས་ཁ་བྱང་དུ་འཁོད་པའི་སྙན་ཞུའི་ནང་དོན་ཆ་ཚང་གཏོང་སྤེལ་བྱས་ཡོད་པ་རེད། 

     སྙན་ཞུ་དེ་ཁྱོན་ཁག་15ལ་དབྱེ་བ་སྟེ། གཅིག འདས་པའི་ལོ་ལྔའི་ལས་དོན་དང་དུས་རབས་གསར་པའི་ལོ་བཅུའི་འཕོ་འགྱུར་རླབས་པོ་ཆེ་དང་། གཉིས། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་གནས་ཚད་གསར་པ་གཏོད་པ། གསུམ། དུས་རབས་གསར་པ་དང་རྒྱང་སྐྱོད་ལམ་བུ་གསར་པའི་ཀྲུང་གོ་གུང་ཁྲན་ཏང་གི་འགན་འཁྲི་དང་ལས་འགན། བཞི། གོང་འཕེལ་གྱི་གནས་བབ་གསར་པ་གང་མགྱོགས་བཏོད་དེ་སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། ལྔ། ཚན་སློབ་ལ་བརྟེན་ནས་རྒྱལ་ཁབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་ལེན་བསྟར་ནས་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་ཤེས་ལྡན་མི་སྣའི་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། དྲུག བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་གོང་འཕེལ་བཏང་ནས་མི་དམངས་རང་ཁྱིམ་རང་བདག་ཡོང་བ་འགན་ལེན་བྱེད་པ། བདུན། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་མཐའ་འཁྱོངས་བྱས་ཏེ་ཁྲིམས་སྐྱོང་ཀྲུང་གོ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ། བརྒྱད། རིག་གནས་ཀྱི་རང་རྟོན་རང་ཚུགས་ལ་སྐུལ་འདེད་བཏང་ནས་སྤྱི་ཚོགས་རིང་ལུགས་རིག་གནས་ཀྱི་འོད་སྟོང་གསར་པ་གཏོད་པ། དགུ། དམངས་འཚོའི་བདེ་སྐྱིད་ཆེ་རུ་བཏང་ནས་མི་དམངས་ཀྱི་འཚོ་བའི་སྤུས་ཚད་ལེགས་སུ་གཏོང་བ། བཅུ། སྦགས་མེད་གོང་འཕེལ་ལ་སྐུལ་འདེད་བཏང་ནས་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ལ་སྐུལ་འདེད་གཏོང་བ། བཅུ་གཅིག རྒྱལ་ཁབ་ཀྱི་བདེ་འཇགས་མ་ལག་དང་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་བཏང་ནས་རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ། བཅུ་གཉིས། དམག་དཔུང་བཙུགས་ནས་ལོ་ངོ་བརྒྱ་འཁོར་བའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱས་ནས་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་དུ་འགྱུར་བའི་རྣམ་པ་གསར་པ་གཏོད་པ། བཅུ་གསུམ། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་བཏང་ནས་མེས་རྒྱལ་གཅིག་གྱུར་ལ་སྐུལ་འདེད་གཏོང་བ། བཅུ་བཞི། འཛམ་གླིང་ཞི་བདེ་དང་གོང་འཕེལ་ལ་སྐུལ་འདེད་བཏང་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་རྒྱུར་སྐུལ་འདེད་གཏོང་བ། བཅོ་ལྔ། བློ་བརྟན་འགྱུར་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་དང་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་རླབས་ཆེན་ལས་གཞི་གསར་པར་སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་ཡིན། 

     སྤྱི་ཟླ་10པའི་ཚེས་22ཉིན། ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པའི་ཐོག་སྙན་ཞུ་འདིར་ཆོག་མཆན་སྤྲད་ཡོད། ཚོགས་ཆེན་ཐོག ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ཐོག སྟོང་བཤད་ཀྱིས་རྒྱལ་ཁབ་ཕུང་བར་བྱེད་པ་དང་། དངོས་སྒྲུབ་ཀྱིས་རྒྱལ་ཁབ་དར་བར་བྱེད་པ་བློ་ལ་བརྟན་པོར་བཅངས་ཏེ། ཡིད་ཆེས་བརྟན་པོ་དང་། བློ་གཅིག་སེམས་གཅིག དཀའ་སྤྱད་འབད་བརྩོན། དཔའ་ངར་ཆེ་སྐྱེད་བཅས་ཀྱི་སྒོ་ནས་མདུན་དུ་བསྐྱོད་དེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་དགོས་པའི་འབོད་སྐུལ་བྱས་ཡོད་པ་རེད།

  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་ནས་མཉམ་སྡེབ་སློབ་སྦྱོང་ཐེངས་དང་པོ་འདི་གཙོ་སྐྱོང་གནང་།
  • ལེ་ཚན་རྗེས་མ།:མཚོ་སྔོན་མྱུར་བགྲོད་གཞུང་ལམ་གྱི་དུང་འཁྱིལ་ཟམ་པ་ཐོག་མ།
  • དོ་སྣང་ཆེ་བའི་རྩོམ།