ཁུལ་ཨུའི་ཞིང་སྡེའི་ལས་དོན་སྐོར་གྱི་གྲོས་ཚོགས་ཐེངས་བཞི་པ།

ཐུབ་ཀྱིས་བསྒྱུར།        2022-10-27

      སྤྱི་ཟླ10ཚེས26ཉིན་ཁུལ་ཨུའི་ཞིང་སྡེའི་ལས་དོན་མགོ་ཁྲིད་ཚོ་ཆུང་གིས2022ལོའི་ཚོགས་འདུ་ཐེངས་བཞི་པ་འཚོགས་ནས། ཞིང་ལས་དང་ཞིང་སྡེའི་ལས་དོན་སྐོར་གྱི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐབས་ཇུས་བཀོད་སྒྲིག་སློབ་སྦྱོང་ལག་བསྟར་དང་། གཙོ་གནད་ལས་དོན་བསྒྲུབས་ཚུལ་གྱི་སྙན་སེང་ལ་ཉན་ཞིང་། འབྲེལ་ཡོད་བྱ་ཐབས་ཇུས་གཞིར་ཞིབ་འཇུག་གྲོས་ཞིབ། འབྲེལ་ཡོད་ལས་དོན་བཀོད་སྒྲིག་བཅས་བྱས་པ་རེད། ཁུལ་ཨུའི་ཧྲུའུ་ཅི་དང་ཁུལ་ཞིང་སྡེའི་ལས་དོན་མགོ་ཁྲིད་ཚོ་ཆུང་གི་ཚོ་དཔོན་ཧྲེན་དབྱང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། 

      ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་དང་ཁུལ་ཞིང་སྡེའི་ལས་དོན་མགོ་ཁྲིད་ཚོ་ཆུང་གི་ཚོ་དཔོན་གཞོན་པ་ཧྲི་ཀང་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་དང་། སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི། ཁུལ་ཞིང་སྡེའི་ལས་དོན་མགོ་ཁྲིད་ཚོ་ཆུང་གི་ཚོ་དཔོན་གཞོན་པ་དབྱང་ཧུང་ཧྲོའུ་བཅས་ཚོགས་འདུར་ཞུགས་པ་རེད། 

      གྲོས་ཚོགས་ཐོག་བསྟན་དོན། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སེང་ནང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བར་ཁྱོན་ཡོངས་ནས་སྐུལ་འདེད་གཏང་དགོས་ཞེས་བཏོན་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་ཁྱོན་ཡོངས་ནས་བྱ་དགོས་ན་ལས་འགན་དཀའ་ཚེགས་ཆེ་ཤོས་དང་ལྗིད་རྫོབ་ཆེ་ཤོས་ནི་སྔར་བཞིན་ཞིང་སྡེར་ཡོད་པ་ནན་པོར་བསྟན་པ་དང་འབྲེལ་ཞིང་ལས་ཞིང་སྡེ་དམིགས་སུ་བཀར་ནས་སྔོན་ལ་འཕེལ་རྒྱས་གཏོང་བ་རྒྱུན་འཁྱོངས་དང་། ཞིང་ལས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་གང་མགྱོགས་བྱ་རྒྱུ་སྔར་མེད་ཀྱི་མཐོ་ཚད་དུ་བཟུང་ནས་ང་ཚོས་དུས་རབས་གསར་པའི་“ཞིང་གསུམ་”ལས་དོན་སྔར་ལས་ལེགས་པར་སྒྲུབ་པར་ཁ་ཕྱོགས་ཀྱི་ཁྲིད་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད། 

      ཚོགས་འདུར་ནན་པོར་བསྟན་དོན། ཁུལ་ཡོངས་ཀྱི་རིམ་ཁག་དང་སྡེ་ཚན་ཁག་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ནས་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་ཁྱོན་ཡོངས་ནས་སྲ་བརྟན་དུ་གཏོང་བ་དང་རྒྱ་སྐྱེད་གཏོང་ཞིང་། ཡུལ་སྡེའི་ཐོན་ལས་དང་། ཤེས་ལྡན་མི་སྣ། རིག་གནས། སྐྱེ་ཁམས། རྩ་འཛུགས་བཅས་དར་རྒྱས་ཡོང་བར་སྐུལ་འདེད་ཏན་ཏིག་བཏང་ནས་མཐུན་སྒྲིལ་དང་། འབྱོར་ཕྱུག། འཆམ་མཐུན། མཛེས་སྡུག་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གསར་པ་འཛུགས་སྐྲུན་བྱ་ཆེད་འདེགས་སྐྱོར་ནུས་ལྡན་བྱ་དགོས། 

     གྲོས་ཚོགས་ཐོག་བླང་བྱ་བཏོན་དོན། ཞིང་ལས་དང་ཞིང་སྡེ་དམིགས་སུ་བཀར་ནས་སྔོན་ལ་འཕེལ་རྒྱས་གཏང་རྒྱུ་གཡོ་འགུལ་སྤུ་ཙམ་མེད་པར་རྒྱུན་འཁྱོངས་བྱ་དགོས།  བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་མཐོ་སྒང་ཁྱད་ཆོས་ཞིང་འབྲོག་ལས་ཀྱི་རྟེན་གཞི་འཛུགས་སྐྲུན་བྱ་དགོས། ཞིང་པ་དང་ཞིང་སྡེ་ཐུན་མོང་དུ་ཕྱུག་པོར་འགྱུར་བར་སྐུལ་སྤེལ་ཏན་ཏིག་གཏང་དགོས།  ཚན་རིག་དང་མཐུན་པར་ཞིང་ལས་དང་ཞིང་སྡེའི་ལས་དོན་སྤྱི་འདོམས་འཆར་འགོད་ཡག་པོ་བྱ་དགོས། 

      ཚོགས་འདུའི་ཐོག་ནན་པོར་བསྟན་དོན། ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་འཁུར་བ་དང་། སྤྱི་འདོམས་མཉམ་འགུལ་དང་ཐུན་མོང་ཐོག་ནུས་ཤུགས་བཏོན་ནས་བསམ་ཇུས་གཅིག་གི་ལས་ཀའི་བཀོད་བབ་ཅིག་ཆགས་པ་བྱ་དགོས། ལས་ཀའི་འགན་འཁྲིའི་མ་ལག་འཐུས་ཚང་དུ་གཏོང་བ་དང་།འགན་འཁྲིའི་ལས་བགོས་ཞིབ་ཕྲ་བཟོ་བ། བྱེད་ཐབས་ཞིབ་ཕྲ་བཟོ་བ། གནད་དོན་གྱི་དཀའ་གནད་དུས་ཐོག་ཏུ་མཐུན་སྦྱོར་ཐག་གཅོད་བཅས་བྱས་ནས་ལས་དོན་ཁག་དོན་འཁྱོལ་ཐུབ་པའི་འགན་ལེན་བྱ་དགོས། ལས་བྱེད་ཤེས་ལྡན་མི་སྣའི་འདེགས་སྐྱོར་ལ་ཤུགས་རྒྱག་པ་དང་།“ཞིང་གསུམ་”ལས་དོན་གྱི་ལས་བྱེད་ཤེས་ལྡན་མི་སྣ་གསོ་སྐྱོང་དང་། བཀོད་སྒྲིག། དོ་དམ། བཀོལ་སྤྱོད། སྐུལ་ལྕག་བཅས་ཀྱི་ནང་སྲོལ་འཐུས་ཚང་དུ་གཏོང་བ།“ཞིང་གསུམ་”ལས་བྱེད་པའི་དཔུང་ཁག་གི་སྤྱོད་ཚུལ་འཛུགས་སྐྱོང་ལ་མུ་མཐུད་དེ་ཤུགས་ རྒྱག་པ་བཅས་བྱ་དགོས། ལྟ་སྐུལ་ཞིབ་བཤེར་ལ་ཁྱོན་ཡོངས་ནས་ཤུགས་རྒྱག་ཅིང་། “ཞིང་གསུམ”སྲིད་ཇུས་དང་ཞིང་སྡེའི་ལས་གཞིའི་མ་དངུལ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས་མང་ཚོགས་ཀྱི་ཉེ་འགྲམ་དུ་གནས་པའི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་བཅོས་སྒྲིག་མཐའ་གཅིག་ཏུ་བྱེད་པ་དང་། ཞིང་ཕན་བྱ་ཐབས་ཁག་ཆད་ལུས་མེད་པར་དོན་འཁྱོལ་བྱས་ཏེ་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་སྔར་བས་ལེགས་ཤིང་འགན་སྲུང་ཡོད་ལ་རྒྱུན་སྲིང་ཐུབ་པ་བྱས་ནས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་དེ་ཞིང་ལས་དང་ཞིང་སྡེའི་ལས་དོན་ཁྲོད་དོན་འཁྱོལ་ཞིབ་ཕྲ་ཐུབ་རྒྱུར་སྐུལ་འདེད་གཏང་དགོས། 

      ཚོགས་འདུའི་ཐོག《དཀར་མཛེས་གྱི་ཡུལ་སྡེ་དར་རྒྱས་གཏོང་བའི་འཐབ་ཇུས་རིགས་དབྱེ་དཔྱད་ཞིབ་ལྕག་སྐུལ་ལག་ལེན་བྱ་ཐབས》དང《དཀར་མཛེས་ཁུལ་གྱི་དེང་རབས་ཞིང་ནགས་གླིང་ཁུལ་འཛུགས་སྐྲུན་དཔྱད་གདེང་ལྕག་སྐུལ་ཇུས་གཞི》ལ་གྲོས་ཞིབ་བྱས་པ་རེད།།


  • ལེ་ཚན་སྔོན་མ།:མི་རབས་གསུམ་གྱི་རྒྱང་སྐྱོད་ལམ་བུ།
  • ལེ་ཚན་རྗེས་མ།:རོང་བྲག་རྫོང་དཔའ་དབང་ཆུང་གྲོང་སྡེར་རྟེན་འབྲེལ་ཞུ།
  • དོ་སྣང་ཆེ་བའི་རྩོམ།