ཞི་ཅིན་ཕིང་གིས་དམག་དཔུང་གི་འགོ་ཁྲིད་ལས་བྱེད་པའི་ཚོགས་འདུར་ཞུགས་སྐབས་གསུང་བཤད་གལ་ཆེན་གནང་།

    མི་དམངས་དྲ་བ།    2022-10-27

ཞི་ཅིན་ཕིང་གིས་དམག་དཔུང་གི་འགོ་ཁྲིད་ལས་བྱེད་པའི་ཚོགས་འདུར་ཞུགས་སྐབས་གསུང་བཤད་གལ་ཆེན་གནང་།

ཟླ་10ཚེས་24ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་པེ་ཅིང་དུ་འཚོགས་པའི་དམག་དཔུང་གི་འགོ་ཁྲིད་ལས་བྱེད་པའི་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་གལ་ཆེན་གནང་བ།


     ■ དམག་ཡོངས་ལ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ནན་ཏན་ངང་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱས་ནས་བསམ་བློའི་ཁྲིད་སྟོན་བྱེད་ཤུགས་དང་། རང་འགན་ཐེག་པ་འཁུར་ལེན་བྱེད་ཤུགས། ལས་དོན་དོན་འཁྱོལ་བྱེད་ཤུགས་བཅས་ཆེ་རུ་བཏང་སྟེ། དམག་བཙུགས་ནས་ལོ་བརྒྱའི་འབད་འཐབ་དམིགས་ཚད་མངོན་འགྱུར་ཧུར་ཐག་བྱེད་དགོས་པ་དང་། དམག་དཔུང་སྟོབས་ཆེའི་བྱ་གཞག་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་དགོས།
     ■ རང་རེའི་དམག་དཔུང་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱེད་སྐབས་དམིགས་ས་དང་ཤུགས་རྒྱག་ས་དེ། དམག་བཙུགས་ནས་ལོ་བརྒྱའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པར་འཇོག་དགོས། འདི་ནི་འབྱུང་འགྱུར་ལོ་ལྔའི་ནང་རང་རེའི་དམག་དཔུང་འཛུགས་སྐྱོང་བྱེད་པའི་ལྟེ་བའི་ལས་འགན་ཡིན་པས། ངེས་པར་དུ་ནུས་ཤུགས་ཡོད་རྒུས་དུས་བཀག་ལྟར་སྒྲུབ་ཐུབ་པ་བྱེད་དགོས། དུས་རབས་གསར་པའི་ཏང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པར་གོ་བ་ལོན་ཚད་དང་ངོས་འཛིན་ཐུབ་ཚད་གཏིང་ཟབ་ཏུ་བཏང་སྟེ། གོ་བ་ལོན་པ་དང་། ཁོང་དུ་ཆུད་པ། དངོས་སུ་སྒྲུབ་པ་བཅས་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་ནས་དེ་དག་དམག་དཔུང་སྟོབས་ཆེའི་བྱ་གཞག་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཆེན་པོ་ཞིག་ཏུ་སྒྱུར་དགོས། ཡར་བརྩོན་གྱི་འདུ་ཤེས་ཆེ་རུ་གཏོང་བ་དང་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ། འགྱུར་ལྡོག་གཏོང་ཕོད་པ་དང་འགག་སྒྲོལ་དཀའ་སེལ་བྱེད་པའི་ཁྲོད་གསར་འབྱེད་མདུན་སྐྱོད་བྱེད་དགོས། དམ་པ་དོན་གཉེར་དང་དཀའ་སྤྱད་འབད་བརྩོན་གྱིས་ཕྲག་ཐོག་ཏུ་འཁུར་བའི་ལས་འགན་ཆད་ལུས་མེད་པར་དོན་ཐོག་ཏུ་འཁྱོལ་བ་བྱས་ཏེ། དམག་བཙུགས་ནས་ལོ་བརྒྱའི་འབད་འཐབ་དམིགས་ཚད་དུས་བཀག་ལྟར་མངོན་འགྱུར་ཡོང་བའི་འགན་ལེན་ཏན་ཏིག་བྱེད་དགོས།
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་24ཉིན་གློག་འཕྲིན་འབྱོར་པ་གཞིར་བཟུང་། ཚེས་24ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་དམག་དཔུང་གི་འགོ་ཁྲིད་ལས་བྱེད་པའི་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་ཞིང་། ཁོང་གིས་དམག་ཡོངས་ལ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ནན་ཏན་ངང་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱས་ནས་བསམ་བློའི་ཁྲིད་སྟོན་བྱེད་ཤུགས་དང་། རང་འགན་ཐེག་པ་འཁུར་ལེན་བྱེད་ཤུགས། ལས་དོན་དོན་འཁྱོལ་བྱེད་ཤུགས་བཅས་ཆེ་རུ་བཏང་སྟེ། དམག་བཙུགས་ནས་ལོ་བརྒྱའི་འབད་འཐབ་དམིགས་ཚད་མངོན་འགྱུར་ཧུར་ཐག་བྱེད་དགོས་པ་དང་། དམག་དཔུང་སྟོབས་ཆེའི་བྱ་གཞག་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་དགོས་ཞེས་ནན་བཤད་གནང་བ་རེད།
     ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཡིའུ་ཞ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་གཞོན་པ་ཧོ་ཝུའེ་ཏུང་། བློ་མཐུན་ཞུས་ཆི་ལེང་བཅས་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། གྲོལ་མ་ཐག་པའི་ཏང་གི་ཚོགས་ཆེན་ཉི་ཤུ་པ་ཐུགས་གྲ་ལེགས་འགྲིག་བྱུང་བ་དེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་ངོས་ནས་བརྗོད་ན་དོན་སྙིང་ཧ་ཅང་ཆེན་པོ་ལྡན་པ་ཞིག་རེད་ལ། དམག་བཙུགས་ནས་ལོ་བརྒྱའི་འབད་འཐབ་དམིགས་ཚད་དུས་བཀག་ལྟར་མངོན་འགྱུར་བྱེད་རྒྱུ་དང་རང་རེའི་དམག་དཔུང་འདི་ཉིད་མགྱོགས་མྱུར་འཛམ་གླིང་ཐོག་གི་དམག་དཔུང་རྩེ་གྲ་ཆགས་པ་བྱེད་པའི་ངོས་ནས་བརྗོད་ནའང་དོན་སྙིང་ཧ་ཅང་ཆེན་པོ་ལྡན་པ་ཞིག་ཀྱང་རེད། མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱ་རྒྱུ་ནི་ཏང་ཡོངས་དང་། རྒྱལ་ཡོངས། དམག་ཡོངས་བཅས་ཀྱི་ཆབ་སྲིད་ལས་འགན་ཨང་དང་པོ་རེད། དེས་ན་དམག་ཡོངས་ཀྱིས་ཏང་ཀྲུང་དབྱང་གི་བཀོད་སྒྲིག་ལག་བསྟར་ནན་ཏན་དང་འཆར་འགོད་སྒྲིག་འཛུགས་ཞིབ་ཚགས་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱ་རྒྱུའི་དོན་ཆེན་འདིར་དམ་འཛིན་ཡག་པོ་བྱས་ནས་ཕན་འབྲས་ཐོན་པར་བྱེད་དགོས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་བརྗོད་དོན་གཙོ་བོར་དམ་པོར་དམིགས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་དང་ཏང་གི་སྒྲིག་ཡིག་སོགས་ཡིག་ཆ་གལ་ཆེན་སློབ་སྦྱོང་གཏིང་ཟབ་དང་དེའི་ཁྲོད་ཀྱི་དགོངས་པ་གལ་ཆེན་དང་། ལྟ་བ་གལ་ཆེན། འཐབ་ཇུས་གལ་ཆེན། བྱེད་ཐབས་གལ་ཆེན་བཅས་ལ་གོ་བ་གཏིང་ཟབ་ལོན་པར་བྱས་ནས། དམག་ཡོངས་ཀྱི་བསམ་བློ་དང་བྱ་སྤྱོད་དེ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཐོག་གཅིག་གྱུར་ཡོང་བར་བྱེད་དགོས།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། རང་རེའི་དམག་དཔུང་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱེད་སྐབས་དམིགས་ས་དང་ཤུགས་རྒྱག་ས་དེ། དམག་བཙུགས་ནས་ལོ་བརྒྱའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པར་འཇོག་དགོས། འདི་ནི་འབྱུང་འགྱུར་ལོ་ལྔའི་ནང་རང་རེའི་དམག་དཔུང་འཛུགས་སྐྱོང་བྱེད་པའི་ལྟེ་བའི་ལས་འགན་ཡིན་པས། ངེས་པར་དུ་ནུས་ཤུགས་ཡོད་རྒུས་དུས་བཀག་ལྟར་སྒྲུབ་ཐུབ་པ་བྱེད་དགོས། དུས་རབས་གསར་པའི་ཏང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པར་གོ་བ་ལོན་ཚད་དང་ངོས་འཛིན་ཐུབ་ཚད་གཏིང་ཟབ་ཏུ་བཏང་སྟེ། གོ་བ་ལོན་པ་དང་། ཁོང་དུ་ཆུད་པ། དངོས་སུ་སྒྲུབ་པ་བཅས་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་ནས་དེ་དག་དམག་དཔུང་སྟོབས་ཆེའི་བྱ་གཞག་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཆེན་པོ་ཞིག་ཏུ་སྒྱུར་དགོས། ཡར་བརྩོན་གྱི་འདུ་ཤེས་ཆེ་རུ་གཏོང་བ་དང་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ། འགྱུར་ལྡོག་གཏོང་ཕོད་པ་དང་འགག་སྒྲོལ་དཀའ་སེལ་བྱེད་པའི་ཁྲོད་གསར་འབྱེད་མདུན་སྐྱོད་བྱེད་དགོས། དམ་པ་དོན་གཉེར་དང་དཀའ་སྤྱད་འབད་བརྩོན་གྱིས་ཕྲག་ཐོག་ཏུ་འཁུར་བའི་ལས་འགན་ཆད་ལུས་མེད་པར་དོན་ཐོག་ཏུ་འཁྱོལ་བ་བྱས་ཏེ། དམག་བཙུགས་ནས་ལོ་བརྒྱའི་འབད་འཐབ་དམིགས་ཚད་དུས་བཀག་ལྟར་མངོན་འགྱུར་ཡོང་བའི་འགན་ལེན་ཏན་ཏིག་བྱེད་དགོས།
     ཞི་ཅིན་ཕིང་གིས་མཛུབ་སྟོན་གནང་དོན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོས་སྐབས་གསར་པའི་ཀྲུང་དབྱང་དམག་ཨུད་ཀྱི་གྲུབ་ཆའི་ཁོངས་མི་གཏན་འཁེལ་གནང་བ་དེ་ཏང་ཀྲུང་དབྱང་གིས་ཏང་དང་། རྒྱལ་ཁབ། དམག་དཔུང་བཅས་ཀྱི་བྱ་གཞག་སྤྱི་ཡོངས་ལ་དམིགས་ནས་གནང་བའི་ཆབ་སྲིད་ཀྱི་བཀོད་སྒྲིག་གལ་ཆེན་ཞིག་རེད། དམག་ཨུད་ཀྱི་ཚན་ཁག་གཅིག་གི་མིས་ཏང་དང་མི་དམངས་ཀྱི་མངགས་བཅོལ་ཟབ་མོ་དང་དམག་ཡོངས་ཀྱི་དཔོན་དམག་གི་རེ་འདུན་བློ་ལ་བརྟན་པོར་ངེས་ཏེ། དམག་ཨུད་ཀྱི་ལས་དོན་དོ་དོ་ནན་ནན་གྱི་སྒོ་ནས་ཡག་པོ་སྒྲུབ་དགོས། དམག་ཡོངས་ཀྱི་མཐོ་རིམ་ལས་བྱེད་པས་ཆབ་སྲིད་ལ་སྣང་ཆེན་དང་། དམག་རྒྱག་ཐུབ་པ། གསར་གཏོད་བྱེད་མཁས་པ། དངོས་སྒྲུབ་ལ་མཐོང་ཆེན། རང་གཅུན་ནན་པོ་བཅས་བྱས་ནས་ཕྲག་ཐོག་གི་འགན་འཁྲི་ཡག་པོ་སྒྲུབ་དགོས།
     ཞི་ཅིན་ཕིང་གིས་དམག་ཡོངས་ཀྱི་རིམ་པ་ཁག་ལ་དམག་ཨུད་ཀྱི་སྔོན་གཏན་འཁེལ་བའི་བཀོད་སྒྲིག་ལྟར། འདི་ལོའི་ལོ་མཇུག་གོང་དུ་ལས་དོན་ཁག་ཡག་པོ་བསྒྲུབས་ནས་ལོ་འཁོར་གྱི་ལས་འགན་ཁག་གི་ལས་མཇུག་ཡག་པོ་བསྡུ་ཐུབ་པའི་འགན་ལེན་བྱེད་དགོས། དུས་བབ་དང་། ལས་འགན། བླང་བྱ་བཅས་གསར་པ་ཁོང་དུ་ཆུད་པར་བྱས་ནས་ལོ་འཁོར་གསར་པའི་ལས་དོན་འཆར་འགོད་ཡག་པོ་བྱས་ཏེ། དུས་སང་གི་དམག་ཡོངས་ཀྱི་ལས་དོན་གྱི་འགོ་ཡག་པོ་འཛུགས་ཐུབ་པའི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།
     ཚོགས་འདུ་མ་འཚོག་གོང་། ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པར་ཞུགས་མཁན་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་འཐུས་མི་ཡོངས་དང་། ཆེད་མངགས་གདན་ཞུས་འཐུས་མི། ཟུར་ཞུགས་མི་སྣ་བཅས་ལ་བྱམས་བརྩེའི་ངང་མཇལ་འཕྲད་གནང་བ་མ་ཟད། ཚང་མ་དང་ལྷན་དུ་དྲན་རྟེན་སྐུ་པར་ཡང་བསྐྱོན་པ་རེད།


  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་གིས་འཐུས་མི་རྣམས་ལ་ཐུག་འཕྲད་གནང་།
  • ལེ་ཚན་རྗེས་མ།:ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་གྲོས་ཚོགས་འཚོགས།
  • དོ་སྣང་ཆེ་བའི་རྩོམ།