ཐུབ་ཀྱིས་བསྒྱུར། 2022-10-26
ཁུལ་ཨུ་རྒྱུན་ལས་ཨུ་ལྷན་གྱིས་ཚོགས་འདུ་འཚོགས་ཏེ།
ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་དང་ཏང་གི་ཀྲུང་ཨུ་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་སྙིང་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཤིང་།
རང་ཁུལ་གྱི་ལག་བསྟར་དོན་འཁྱོལ་བསམ་འཆར་ལ་ཞིབ་འཇུག་བྱས།
སྤྱི་ཟླ10པའི་ཚེས25ཉིན། ཁུལ་ཨུ་རྒྱུན་ལས་ཨུ་ལྷན་གྱིས་ཚོགས་འདུ་འཚོགས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་དང་ཏང་གི་ཀྲུང་ཨུ་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་སྙིང་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཤིང་། རང་ཁུལ་གྱི་ལག་བསྟར་དོན་འཁྱོལ་བསམ་འཆར་ལ་ཞིབ་འཇུག་བྱས་པ་དང་སྦྲགས་ཉེ་དུས་ཀྱི་འབྲེལ་ཡོད་གཙོ་གནད་ལས་དོན་བཀོད་སྒྲིག་བྱས་པ་རེད། ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་།
ཚོགས་འདུའི་ཐོག《སྐབས་བཅུ་དགུ་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ལག་བསྟར་དོན་འཁྱོལ་བྱས་ཚུལ་སྐོར་གྱི་སྙན་སེང》དང《ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་ཚུན་གྱི་ཕྱི་ཚུལ་རིང་ལུགས་ཡོ་བསྲང་བྱས་ཏེ་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་ལས་དོན་གནས་ཚུལ་སྐོར་གྱི་སྙན་སེང》སློབ་སྦྱོང་བྱས་པ་རེད། གྲོས་ཚོགས་ཐོག་བླང་བྱ་བཏོན་དོན། རང་ངོས་གསར་བརྗེ་མཐར་ཕྱིན་པ་བྱ་རྒྱུའི་སྙིང་སྟོབས་དར་སྤེལ་བཏང་ནས། ནམ་ཡང་ལྷོད་གཡེང་མེད་པའི་རིག་པ་དྭངས་གསལ་དང་བློ་བརྟན་འགྱུར་མེད་ཀྱི་ཐོག་ནས་སྤྱོད་ཚུལ་འཛུགས་སྐྱོང་གི་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཀྱི་ཚད་གཞི་དང་ཆབ་སྲིད་ཀྱི་བླང་བྱས་ཁྱབ་པ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། ཏང་མི་ལས་བྱེད་པར་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་སྙིང་དོན་དོན་འཁྱོལ་བྱ་རྒྱུ་དེ“གཏན་འཁེལ་གཉིས”ལ་བརྩི་སྲུང་ཞུ་བ་དང“སྲུང་སྐྱོང་གཉིས”བྱེད་ཐུབ་པའི་བྱ་སྤྱོད་ཞིབ་ཕྲའི་ལ་བརྩིས་ནས་དཀར་མཛེས་ཁུལ་ཡུན་རིང་བདེ་འཁོད་དང་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བ་ལ་སྐུལ་འདེད་གཏོང་ཆེད་འགན་ལེན་ནུས་ལྡན་བྱ་དགོས་པའི་སློབ་གསོ་ཁྲིད་སྟོན་བྱ་དགོས། “སྤྱོད་ཚུལ་བཞིའི”གནད་དོན་རྒྱུན་སྲིང་ལྷོད་མེད་ངང་ཡོ་བསྲང་བྱེད་པ་དང་ཐར་པར་གཏན་ནས་མི་གཏོང་བའི་རྣམ་འགྱུར་མཐའ་འཁྱོངས་ཀྱིས་མངོན་མེད་གཞན་འགྱུར་གྱི་གནད་དོན་ལ་ཞིབ་བཤེར་ནན་པོ་དང་ཐོན་མ་ཐག་རྡུང་རྡེག་གཏང་དགོས། ཕྱི་ཚུལ་རིང་ལུགས་ཡོ་བསྲང་བྱས་ཏེ་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བར་ཤུགས་ཆེན་རྒྱག་པ་དང་། ཕྱི་ཚུལ་རིང་ལུགས་ཀྱི་འགུལ་ཕྱོགས་གསར་པ་དང་མཚོན་ཚུལ་གསར་པར་དམ་པོར་དམིགས་ཤིང་། གནད་དོན་དུས་ཐོག་ཏུ་ཤེས་རྟོགས་དང་ཡོ་བསྲང་བྱས་ཏེ། བསྐྱར་ལོག་དང་མངོན་མེད་གཞན་འགྱུར་སྔོན་འགོག་མཐའ་གཅིག་ཏུ་བྱ་དགོས། བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་སྐུལ་འདེད་གཏོང་བ་དང་ཟུང་འབྲེལ་བྱས་ཏེ། ཡུན་ཕན་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་ཚང་བཏང་སྟེ་སྤྱོད་ཚུལ་ལེགས་སྐྱོང་གཞི་རིམ་དུ་ཟབ་སྤེལ་གཏང་དགོས།
ཚོགས་འདུའི་ཐོག་ཁུལ་ཡོངས་ཀྱི2022ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་གྱི་དཔལ་འབྱོར་འཁོར་སྐྱོད་གནས་ཚུལ་བརྡ་ཁྱབ་བཏང་བ་དང་དུས་ཚིགས་བཞི་པའི་དཔལ་འབྱོར་ལས་དོན་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་རེད། ཚོགས་འདུའི་ཐོག་ནན་པོར་བསྟན་དོན། ཆབ་སྲིད་ཀྱི་ཚུགས་གནས་སྤར་བ་དང་། བརྟན་པོ་ཡོང་རྒྱུ་ཨང་དང་པོར་འཇོག་ཅིང་བརྟན་ཐོག་ཡར་འཕེལ་ཡོང་བའི་རྩ་བའི་བསམ་གཞི་མཐའ་འཁྱོངས་བྱེད་པ། རིམས་ཚུལ་འགོག་ཟོན་དང་། དཔལ་འབྱོར་བརྟན་པོ་ཡོང་བ། འཕེལ་རྒྱས་ཉེན་མེད་ཡོང་བའི་བླང་བྱ་གལ་ཆེན་མུ་མཐུད་དེ་དོན་འཁྱོལ་བྱེད་ཅིང་། ཡིད་ཆེས་བརྟན་དུ་གཏོང་ཞིང་དཀའ་ངལ་ལ་མི་འཛེམ་པར་མདུན་དུ་སྐྱོད་དེ་ནུས་ཤུགས་ཡོད་རྒུས་དཔལ་འབྱོར་འགྲན་གཉེར་དང་འཛུགས་སྐྲུན་བྱེད་པ། ཟླ་བ་གཉིས་ལ་འབད་འཐབ་བྱས་ནས་དཔལ་འབྱོར་གྱི་གཞི་གདན་ནུས་ཤུགས་ཡོད་རྒུས་བརྟན་པོར་ཡོང་བ་བྱ་དགོས། སྲིད་ཇུས་གཅིག་ཐོག་གཅིག་བརྩེགས་ཀྱི་གོ་སྐབས་འཕྲོག་ལེན་བྱས་ནས་རྒྱལ་ཁབ་དང་། ཞིང་ཆེན། ཁུལ་བཅས་ཀྱིས་བཏོན་ཟིན་པའི་སྲིད་ཇུས་དོན་འཁྱོལ་དང་ཕན་འབྲས་ཐོན་པར་མགྱོགས་མྱུར་སྐུལ་འདེད་གཏོང་ཞིང་། འདོན་རྩིས་ཡོད་པའི་ལེ་ལག་ཚང་བའི་སྲིད་ཇུས་མ་སྐུལ་དང་ལེན་ངང་འབྲེལ་མཐུད་བྱས་ནས་ཕྱི་ལོའི་དཔལ་འབྱོར་ལས་དོན་སྔ་སྣུར་དུ་ཇུས་འགོད་ཡག་པོ་བྱ་དགོས། ད་སྔའི་གཙོ་གནད་ལས་དོན་ཁག་སྤྱི་འདོམས་འཆར་འགོད་ཡག་པོ་བྱེད་པ་དང་། རིམས་ཚུལ་འགོག་ཟོན་གནད་སྨིན་ནུས་ཆེ་ཡོང་བ་དམ་དུ་འཛིན་ཅིང་། གནོད་རྗེས་ཉམས་གསོ་བསྐྱར་སྐྲུན་ལས་དོན་ལ་ཟབ་ཏུ་སྤེལ་བ། མ་དངུལ་ཕན་འབྲས་ཆེ་བ་འཇོག་ཤུགས་ཆེ་རུ་གཏོང་གང་ཐུབ་དང་། འཛད་སྤྱོད་ཀྱི་མི་མངོན་པའི་སྟོབས་ཤུགས་རྒྱུན་མཐུད་དེ་འདོན་པ། ཁྲོམ་རའི་བྱེད་པོ་ནུས་ཤུགས་ཡོད་རྒུས་བརྟན་དུ་གཏོང་ཞིང་། འཚོ་བའི་དངོས་ཟོག་མཁོ་སྤྲོད་འགན་ལེན་ལ་ཤུགས་རྒྱག་པ་དང་། འཕེལ་རྒྱས་ཉེན་མེད་ཀྱི་མཐིལ་ཚད་བསྲུང་དགོས།
ཚོགས་འདུའི་ཐོག་དཀར་མཛེས་ཁུལ་གྱིས་སི་ཁྲོན་ཞིང་ཆེན་གྱི་གཉིས་བཀུར་དཔེ་བཟང་གྲོང་ཁྱེར་སྐབས་བཅུ་གཉིས་པ་མགྱོགས་པ་སྐྲུན་པ་དང་ རྒྱལ་ཡོངས་ཀྱི་གཉིས་བཀུར་དཔེ་བཟང་གྲོང་ཁྱེར་གསར་དུ་འཛུགས་པའི་ལག་བསྟར་ཇུས་གཞི་དང་། རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་ འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བའི“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”ལག་བསྟར་ཇུས་གཞི་སོགས་ལ་གྲོས་ཞིབ་བྱས་པ་རེད།
ཚོགས་འདུའི་ཐོག་སྤྱི་ཟླ11པར་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་སློབ་སྦྱོང་དང་དྲིལ་བསྒྲགས། ལག་བསྟར་བྱ་རྒྱུ་དང་། རིམས་ཚུལ་འགོག་ཟོན། དཔལ་འབྱོར་འཕེལ་རྒྱས། གནོད་རྗེས་བསྐྱར་སྐྲུན། ཐོན་སྐྱེད་ཉེན་མེད་སོགས་གཙོ་གནད་ལས་དོན་བཀོད་སྒྲིག་བྱས་པ་རེད།
ཚོགས་འདུའི་ཐོག་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས་པ་རེད།
རྩོམ་གསར། 10