རང་ཁུལ་གྱི་བཙོག་ཆུ་གཙང་སྒྱུར་ལས་གཞི་ཐོག་མ་རྫོང་འདིས་གཉེར་འདུག།

ཐུབ་ཀྱིས་བསྒྱུར།        2022-10-31

   ཉེ་ཆར། སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་ལི་ཐང་རྫོང་མི་དམངས་སྲིད་གཞུང་གིས་ལུའུ་ཀྲོའུ་གྲོང་ཁྱེར་ཞིང་ལུའུ་ཆུ་དོན་ཚོགས་པ་མ་རྐང་ཚད་ཡོད་སྤྱི་གཉེར་ཁང་དང་། ཀུའེ་ཀྲོའུ་ཀྲུང་པེ་ལུན་བཟོ་སྐྲུན་ཨར་ལས་ཚད་ཡོད་སྤྱི་གཉེར་ཁང་སི་ཁྲོན་ཡན་ལག་སྤྱི་གཉེར་ཁང་དང་ལི་ཐང་བཙོག་ཆུ་གཙང་སྒྱུརPPPལས་གཞིའི་འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་ཆིངས་དངོས་སུ་བཞག་པ་རེད། འདི་ནི་རང་ཁུལ་གྱི་སྲིད་གཞུང་དང་སྤྱི་ཚོགས་མ་རྩ་མཉམ་ལས་ཀྱི་བཙོག་ཆུ་གཙང་སྒྱུར་ལས་གཞི་ཐོག་མ་ཡིན་ལ། ལི་ཐང་སྐྱེ་ཁམས་འཛུགས་སྐྱོང་ཐད་ཚོང་འགུགས་མ་འདྲེན་ལས་གཞི་ཐོག་མ་ཡང་ཡིན་པ་རེད།

     རྒྱུས་ལོན་བྱུང་བ་ལྟར་ན། ལི་ཐང་བཙོག་ཆུ་གཙང་སྒྱུརPPPལས་གཞི་ལ་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར2.39གཏང་དགོས་ཤིང་། ལས་གཞིའི་མ་རྩ་སྒོར་དུང་ཕྱུར0.48ཡོད་ཅིང་། སྤྱི་ཚོགས་ཀྱི་མ་རྩ་སྒོར་དུང་ཕྱུར1.91བསྡུས་ནས། ལོ་ལྔ་སོང་རྗེས་ད་ལྟ་ལག་ལེན་དངོས་སུ་བསྟར་ཐུབ་ཡོད།

   ལས་གཞི་དེ་ནི་ཞིང་ཆེན་ཡོངས་ཀྱི་མཚོ་འཕགས་མཐོ་བའི་བཙོག་ཆུ་གཙང་སྒྱུར་གྱི་ཚོད་ལྟ་ལས་གཞི་ཡིན་ཞིང་ལི་ཐང་རྫོང་གིས་གསར་གཏོད་ཀྱིས་འཕེལ་རྒྱས་ལ་བསྐུལ་བའི་འཐབ་ཇུས་ལག་ལེན་བསྟར་བ་དང་། སྔོན་ལ་ཚོད་ལྟ་བྱེད་ཕོད་པ་དང་དཔེ་སྟོན་སྣེ་ཁྲིད་བྱེད་ཕོད་པའི་གྲུབ་འབྲས་གལ་ཆེན་ཞིག་ཀྱང་ཡིན། དེས་རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བ་དང་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་སྤེལ་ཤུགས་ཆེན་ཐེབས་ཐུབ་པར་མ་ཟད། མི་འཚོ་སྡོད་ཀྱི་ཁོར་ཡུག་ལེགས་བཅོས་བྱུང་ནས་དམངས་འཚོ་ལ་ཕན་པ་ཆེན་པོ་ཡང་ཐོབ་ཐུབ་པ་རེད།།


  • ལེ་ཚན་སྔོན་མ།:དུས་ཚིཊ་སྔོན་མ3ལ་རང་ཁུལGDPཡི་འཕར་ཚད་ཞིང་ཆེན་ཡོངས་ཀྱི་ཨང2ལ་སླེབས།
  • ལེ་ཚན་རྗེས་མ།:རང་ཁུལ་གྱི་བཙོག་ཆུ་གཙང་སྒྱུར་ལས་གཞི་ཐོག་མ་རྫོང་འདིས་གཉེར་འདུག།
  • དོ་སྣང་ཆེ་བའི་རྩོམ།