དུས་ཚིཊ་སྔོན་མ3ལ་རང་ཁུལGDPཡི་འཕར་ཚད་ཞིང་ཆེན་ཡོངས་ཀྱི་ཨང2ལ་སླེབས།

ཐུབ་ཀྱིས་བསྒྱུར།        2022-10-28

    སྤྱི་ཟླ10ཚེས26ཉིན་གསར་འགོད་པས་ཁུལ་བསྡོམས་རྩིས་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོ་ནས་བཟུང་ཁུལ་ཡོངས་ཀྱི་དཔལ་འབྱོར་འཁོར་རྒྱུག་རྒྱུན་མཐུད་དང་བརྟན་པོའི་ངང་འཕར་བའི་འཕེལ་ཕྱོགས་བཟང་པོ་སྲུང་འཛིན་ཐུབ་ཡོད་པ་རེད།

    ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གཅིག་གྱུར་ཞིབ་རྩིས་བྱས་འབྲས་ལ་གཞིགས་ན། 2022ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་རང་ཁུལ་གྱིGDPསྒོར་དུང་ཕྱུར327.08ལ་ཟིན་པ་དེ་ན་ལོའི་དུས་མཚུངས་ལས་བརྒྱ་ཆ4.0འཕར་ནསGDPའཕར་ཚད་ཞིང་ཆེན་ཡོངས་ཀྱི་ཨང་གཉིས་པར་སླེབས་ཡོད་པ་རེད། དེའི་ནང་ཐོན་ལས་དང་པོའི་རིན་ཐང་འཕར་མ་སྒོར་དུང་ཕྱུར51.07ལ་ཟིན་ནས་བརྒྱ་ཆ3.3འཕར་བ་དང་། ཐོན་ལས་གཉིས་པའི་རིན་ཐང་འཕར་མ་སྒོར་དུང་ཕྱུར87.25ལ་ཟིན་ནས་བརྒྱ་ཆ11.8འཕར་ཡོད། ཐོན་ལས་གསུམ་པའི་རིན་ཐང་འཕར་མ་སྒོར་དུང་ཕྱུར188.76ལ་ཟིན་ནས་བརྒྱ་ཆ0.9འཕར་ཡོད།

     དུས་ཚིགས་དང་པོ་ནས་གསུམ་པའི་བར། རང་ཁུལ་གྱི་ནོར་སྲིད་ཡོང་འབབ་རྒྱུན་མཐུད་ངང་འཕར་ནས་འཕར་ཚད་ཞིང་ཆེན་ཡོངས་ཀྱི་ཨང་གཉིས་པར་སླེབས་ཡོད།ཞིང་ལས་དཔལ་འབྱོར་བརྟན་པོའི་ངང་འཕེལ་རྒྱས་ཕྱིན་པ་དང་ཐོན་ལས་དང་པོའི་རིན་ཐང་འཕར་མ་དེ་ན་ལོའི་དུས་མཚུངས་ལས་བརྒྱ་ཆ3.3འཕར་ནསGDPལ་བྱས་རྗེས་འབུལ་ཚད་བརྒྱ་ཆ13.7ལ་ཟིན་ཡོད་པ་རེད། བཟོ་ལས་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་ཕྱིན་ནས་བཟོ་ལས་ཀྱི་རིན་ཐང་འཕར་མ་ཡོངས་རྫོགས་ན་ལོའི་དུས་མཚུངས་ལས་བརྒྱ་ཆ12.4འཕར་བ་དེསGDPབསྡུར་གྲངས་ཀྱི་བརྒྱ་ཆ22.7བཟུང་བ་དང་། ཁུལ་ཡོངས་ཀྱིGDPའཕར་བར་བྱས་རྗེས་འབུལ་ཚད་བརྒྱ་ཆ64.8ལ་ཟིན་ནསGDPཡི་བརྒྱ་ཆའི་གྲངས2.6འཕར་ཡོད། མ་དངུལ་འཇོག་ཚད་ཅུང་མགྱོགས་པོ་སྲུང་འཛིན་ཐུབ་ནས་སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་འཇོག་ཚད་ན་ལོའི་དུས་མཚུངས་ལས་བརྒྱ་ཆ10.3འཕར་ཡོད་པ་རེད།

     ཁུལ་ཡོངས་སུ་ལས་གཞི་གསར་དུ་ལས་འགོ་བཙུགས་པ548ཡོད་པ་དེ་ན་ལོའི་དུས་མཚུངས་ལས135མང་དུ་ཕྱིན་ནས་ལོ་འདིར་མ་འཇོག་སྒོར་དུང་ཕྱུར87.58གྲུབ་པ་དང་བརྒྱ་ཆ28.7འཕར་ནས་སྤྱི་ཚོགས་ཡོངས་ཀྱི་མ་འཇོག་འཕར་ཚད་བརྒྱ་ཆའི་གྲངས18.4ལས་མཐོ་བ་དང་སྤྱི་ཚོགས་ཡོངས་ཀྱི་མ་འཇོག་བརྒྱ་ཆའི་གྲངས5.2འཕར་ཡོད་པ་རེད། ཁུལ་ཡོངས་ཀྱི་རྨང་གཞིའི་སྒྲིག་བཀོད་མ་འཇོག་བརྒྱ་ཆ25.5འཕར་ནས་སྤྱི་ཚོགས་ཡོངས་ཀྱི་མ་འཇོག་འཕར་བར་བྱས་རྗེས་འབུལ་ཚད་བརྒྱ་ཆ116.5ལ་ཟིན་པ་དང་སྤྱི་ཚོགས་ཡོངས་ཀྱི་མ་འཇོག་བརྒྱ་ཆའི་གྲངས12འཕར་ཡོད་པ་རེད།

    སྤྱི་ཟླ་དགུ་པའི་ཟླ་མཇུག་བར་རང་ཁུལ་དངུལ་རྩའི་ལས་རིགས་འཁོར་སྐྱོད་བརྟན་པོ་བྱུང་བ་དང་ཁུལ་ཡོངས་ཀྱི་བཅོལ་དངུལ་དང་བུན་དངུལ་ལྷག་གྲངས་སྒོར་དུང་ཕྱུར1438.44ལ་ཟིན་པ་དེ་ན་ལོའི་དུས་མཚུངས་ལས་བརྒྱ་ཆ9.7འཕར་ཡོད།

དུས་ཚིགས་དང་པོ་ནས་གསུམ་པའི་བར། ཞབས་ཞུའི་ལས་རིགས་རིམ་བཞིན་འཕར་ནས་ཐོན་ལས་གསུམ་པའི་འཕར་ཐང་ན་ལོའི་དུས་མཚུངས་ལས་བརྒྱ་ཆ0.9འཕར་ཡོད། འཛད་སྤྱོད་ཁྲོམ་ར་སྤྱིར་ན་བརྟན་པོ་ཡོད་པ་དང་ཁུལ་ཡོངས་སུ་སྤྱི་ཚོགས་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར92.52ལ་ཟིན་པ་དེ་ན་ལོའི་དུས་མཚུངས་ལས་བརྒྱ་ཆ1.6འཕར་ཡོད།

     གཞིས་མིའི་ཡོང་འབབ་བརྟན་པོའི་ངང་འཕར་བ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་གཞིས་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར32018ལ་ཟིན་པ་དེ་ན་ལོའི་དུས་མཚུངས་ལས་བརྒྱ་ཆ5.2འཕར་ཡོད། ཞིང་སྡེའི་གཞིས་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར11016ལ་ཟིན་པ་དེ་ན་ལོའི་དུས་མཚུངས་ལས་བརྒྱ་ཆ6.7འཕར་ཡོད་པ་རེད།

     ཕྱིན་ཆད་རིམས་ཚུལ་འགོག་ཟོན་དང་དཔལ་འབྱོར་འགྲན་གཉེར་། འཛུགས་སྐྲུན་བྱེད་པ། གནོད་རྗེས་གསོ་བསྐྱར་སྐྲུན་སོགས་ཀྱི་ལས་དོན་ཁག་ལ་སྤྱི་འདོམས་ངང་དམ་འཛིན་ཡག་པོ་བྱས་ཏེ་ཐོན་སྐྱེད་ཀྱི་མི་མངོན་པའི་ནུས་པ་འདོན་སྤེལ་དང་། ལས་གཞི་གལ་ཆེན་འཛུགས་སྐྲུན། འཛད་སྤྱོད་ཁྲོམ་ར་བརྟན་པོའི་ངང་སླར་གསོ་ཡོང་བར་སྐུལ་འདེད་ཕན་འབྲས་ཆེ་ལ་གོ་རིམ་ལྡན་པའི་ངང་བཏང་སྟེ་ལོ་ཧྲིལ་པོའི་དཔལ་འབྱོར་བརྟན་པོའི་ངང་འཕར་རྒྱུ་རྒྱུན་འཁྱོངས་ཏེ་གྲུབ་འབྲས་བཟང་ཤོས་ཐོན་པར་འབད་བརྩོན་བྱ་རྒྱུ་རེད།།


  • ལེ་ཚན་སྔོན་མ།:རང་ཁུལ་གྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་བརྒྱུད་བསྒྲགས་བྱས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10