ན་གཞོན་གྱི་ཚན་རྩལ་འགྲན་སྡུར་འདི་དཔེ་ཡག་པོ་འདུག།

ཐུབ་ཀྱིས་བསྒྱུར།        2022-11-15

ན་གཞོན་གྱི་ཚན་རྩལ་འགྲན་སྡུར་འདི་དཔེ་ཡག་པོ་འདུག།

  སྤྱི་ཟླ11པའི་ཚེས13ཉིན། དཀར་མཛེས་ཁུལ་ན་གཞོན་ཚན་རྩལ་གསར་གཏོད་འགྲན་སྡུར་སྐབས38པ་དང་ན་གཞོན་འཕྲུལ་མི་འགྲན་སྡུར་སྐབས3པ་དར་མདོ་སློབ་འབྲིང་གི་སློབ་གཉེར་ཐོག་ཁང་དུ་སྤེལ་བ་རེད། སྐབས་འདིའི་འགྲན་སྡུར་གྱི་གཙོ་དོན་ནི་འཚོལ་ཞིབ་དང་གསར་གཏོད། ཕུགས་འདུན་བཅངས་ཏེ་ཚོགས་ཆེན་ཉི་ཤུ་པར་རྟེན་འབྲེལ་ཞུ་ཞེས་པ་ཡིན་ཞིང་། ཁུལ་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་གི་སློབ་མ200ལྷག་ཞུགས་ཡོད།

ན་གཞོན་གྱི་ཚན་རྩལ་འགྲན་སྡུར་འདི་དཔེ་ཡག་པོ་འདུག།

   སྐབས་འདིའི་འགྲན་ཆེན་ནི་ཁུལ་ཚན་རྩལ་མཐུན་ཚོགས་དང་ཁུལ་སློབ་གསོ་ཅུས་ཀྱིས་གཙོ་གཉེར་དང་། ཁུལ་ཚན་རྩལ་ཅུས་དང་གུང་གཞོན་ཚོགས་པ་ཁུལ་ཨུ། ཁུལ་བུད་མེད་མཉམ་འབྲེལ་ལྷན་ཚོགས། ཁུལ་སྐྱེ་ཁམས་ཁོར་ཡུག་ཅུས་ཀྱིས་རོགས་གཉེར། དར་མདོ་ཀྲི་མེ་ཚན་རྩལ་ཚད་ཡོད་སྤྱི་གཉེར་ཁང་། ཁུལ་ན་གཞོན་ཚན་རྩལ་ལྟེ་གནས། ཁུལ་གློག་ཁྲིད་ཁང་གིས་སྒྲུབ་འགན་ཁུར་ཡོད་རེད། འགྲན་སྡུར་རྣམ་གྲངས་དང་རིགས་ལྔ་ཡོད་པ་སྟེ། ན་གཞོན་ཚན་རྩལ་གསར་གཏོད་གྲུབ་འབྲས་དང་། ན་གཞོན་ཚན་རྩལ་ལག་ལེན་བྱེད་སྒོ། ན་གཞོན་ཚན་རིག་བརྙན་པར་བརྩམས་ཆོས། ན་ཆུང་བྱིས་པའི་ཚན་རིག་རྟོག་བཟོ་རི་མོ། ཟུར་ཁྲིད་པའི་ཚན་རྩལ་སློབ་གསོ་གསར་གཏོད་གྲུབ་འབྲས་བཅས་སོ།།

 ན་གཞོན་གྱི་ཚན་རྩལ་འགྲན་སྡུར་འདི་དཔེ་ཡག་པོ་འདུག།

ན་གཞོན་གྱི་ཚན་རྩལ་འགྲན་སྡུར་འདི་དཔེ་ཡག་པོ་འདུག།

   སྐབས་འདིའི་འགྲན་ཞུགས་བརྩམས་ཆོས་སུ་ཉེར་སྤྱོད་ལག་རྩལ་འཚོལ་ཞིབ་དང་ཚན་རིག་སྣང་ཚུལ་སྒྲུབ་པ། གསར་གཏོད་གསར་བཟོ་སྣ་མིན་སྣ་ཚོགས་ཡོད། དེའི་ཁྲོད་དངོས་ཡོད་འཚོ་བ་དང་འབྲེལ་བ་ཆེ་བ་དཔེར་ན་སློབ་ཆུང་ཚོ་ཆུང་གི་བྱ་དགའ་ཨང་དང་པོ་ཐོབ་པའི་བརྩམས་ཆོས་འཛིན་གྲྭའི་རིམས་འགོག་ཆས་གོས་ཞེས་པ་དང་། བྱ་དགའ་ཨང་གཉིས་པ་ཐོབ་པའི་བརྩམས་ཆོས་ས་གཤིས་གནོད་འཚེ་ཕྱོགས་འདུས་ཉེན་བརྡ་གཏོང་བའི་ལྟ་ཞིབ་ས་ཚུགས་ཞེས་པ་དང་། དམའ་འབྲིང་ཚོ་ཆུང་གི་བྱ་དགའ་ཨང་དང་པོ་ཐོབ་པའི་བརྩམས་ཆོས་ལོ་ཁོག་མའི་རིག་ལྡན་འཁོར་འཇོག་མ་ལག་ཅེས་པ་དང་། བྱ་དགའ་ཨང་གཉིས་པ་ཐོབ་པའི་བརྩམས་ཆོས་རིག་ནུས་ཟོག་ཁང་ཞེས་པ་དང་། མཐོ་འབྲིང་ཚོ་ཆུང་གི་བྱ་དགའ་ཨང་དང་པོ་ཐོབ་པའི་བརྩམས་ཆོས་རང་བྱེད་རྩམ་པ་རྫི་ཆས་ཞེས་པ་དང་། བྱ་དགའ་ཨང་གཉིས་པ་ཐོབ་པའི་བརྩམས་ཆོས་རིག་ནུས་ལྷམ་ཨང་བརྟག་ཆས་སོགས་ཡོད་པ་རེད།

ན་གཞོན་གྱི་ཚན་རྩལ་འགྲན་སྡུར་འདི་དཔེ་ཡག་པོ་འདུག།

 ན་གཞོན་གྱི་ཚན་རྩལ་འགྲན་སྡུར་འདི་དཔེ་ཡག་པོ་འདུག།

   ན་གཞོན་གྱི་ཚན་རྩལ་འགྲན་སྡུར་འདི་དཔེ་ཡག་པོ་འདུག།ན་གཞོན་གྱི་ཚན་རྩལ་འགྲན་སྡུར་འདི་དཔེ་ཡག་པོ་འདུག།

འབྲེལ་ཡོད་དཔྱད་འདེམས་པས་བཤད་པ་ལྟར་ན་འགྲན་སྡུར་བྱེད་སྟངས་དྲྭ་ཐོག་དང་དྲྭ་ཕྱི་ཟུང་དུ་སྦྲེལ་ནས་སྤེལ་བ་དང་། ཐེན་ཧྥུ་ཚན་རྩལ་དྲྭ་ལམ་ནས་བརྒྱུད་རིམ་ཆ་ཚང་ཐད་གཏོང་བྱས་ཡོད། ཚན་རྩལ་གསར་གཏོད་གྲུབ་འབྲས་ཁྱོན་བསྡོམས30ཡོད་ཅིང་འཕྲུལ་མི་འགྲན་ཞུགས་རུ་ཁག73ཡོད་པ་དང་། ཁུལ་ཡོངས་ཀྱི་རྫོང་དང་གྲོང་ཁྱེར17ལ་ཁེབས་ཡོད། འགྲན་སྡུར་སྤེལ་ནས་རང་ཁུལ་ན་གཞོན་ཚོའི་ཚན་རིག་གི་སྤྲོ་སྣང་དང་གསར་བཟོའི་ངར་ཤུགས་སློང་བ་རེད།

 ན་གཞོན་གྱི་ཚན་རྩལ་འགྲན་སྡུར་འདི་དཔེ་ཡག་པོ་འདུག།

   མཐར་སྐབས་འདིའི་འགྲན་སྡུར་ཁྲོད་དུ་ཚན་རྩལ་གསར་གཏོད་ཀྱི་བརྩམས་ཆོས་ལས་བྱ་དགའ་ཨང་དང་པོ6དང་། གཉིས་པ9དང་། གསུམ་པ15བདམས་ཡོད། འཕྲུལ་མི་འགྲན་སྡུར་རྣམ་གྲངས་ལས་བྱ་དགའ་ཨང་དང་པོ7དང་། གཉིས་པ18དང་། གསུམ་པ30བདམས་ཡོད། དེ་བཞིན་ཚན་རྩལ་ཟུར་ཁྲིད་པ་ཕུལ་བྱུང་བཅུ་དང་། ཚན་རྩལ་ཟུར་ཁྲིད་པ་དགེ་རྒན་ཕུལ་བྱུང30དང་། སྒྲིག་འཛུགས་ཕུལ་བྱུང་ལས་ཁུངས11བདམས་ཡོད་པ་རེད།།

 


  • ལེ་ཚན་སྔོན་མ།:རང་ཁུལ་གྱི་རྩོམ་པ་པོ་གཉིས་ལ་བྱ་དགའ་འདི་ཐོབ་པར་རྟེན་འབྲེལ་ཞུ།
  • ལེ་ཚན་རྗེས་མ།: དཀར་མཛེས་ཁུལ་གྱི་ཏང་སྲིད་འཐུས་ཚབ་ཚོགས་པ་དབྱི་པིན་དང་ལུའུ་ཀྲོའུ་གྲོང་ཁྱེར་དུ་ཕྱིན་ནས་སློབ་སྦྱོང་རྟོག་ཞིབ་བྱས།
  • དོ་སྣང་ཆེ་བའི་རྩོམ།