ཀྲའོ་ཅུན་མིང་གིས་རང་ཁུལ་དུ་སྒྲོག་འགྲེལ་དང་རྟོག་ཞིབ་གནང་།

ཨ་མགོན་གྱིས་བསྒྱུར།        2022-11-15

  ཞིང་ཆེན་ཏང་ཨུའི་གཅིག་གྱུར་བཀོད་སྒྲིག་ལྟར། སྤྱི་ཟླ11པའི་ཚེས10ནས12ཉིན་བར་ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཀྲའོ་ཅུན་མིང་གིས་དཀར་མཛེས་ཁུལ་དུ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་སྒྲོག་འགྲེལ་གནང་དུས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་ཆ་ཚང་ཞིང་གནད་ལ་འཁེལ་བའི་སྒོ་ནས་སློབ་སྦྱོང་བྱས་ཏེ། ལག་བསྟར་དོན་འཁྱོལ་ཆད་ལུས་མེད་པ་དང་གསར་གཏོད་རང་བཞིན་གྱི་ལག་བསྟར་དོན་འཁྱོལ་ཡོང་བ་ཟུང་དུ་སྦྲེལ་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་དཀར་མཛེས་ཁུལ་དུ་གྲུབ་འབྲས་སྨིན་ཐུབ་པ་བློ་བརྟན་འགྱུར་མེད་ངང་བསྐུལ་དགོས་ཞེས་ནན་གསུང་གནང་བ་རེད།  

     ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་གིས་སྒྲོག་འགྲེལ་གཙོ་སྐྱོང་གནང་བ་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཧྥུང་ཧྥ་ཀུའེ། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ལེ་ཅན་ཕིང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཧྲི་ཀང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་དབྱང་ཧུང་ཧྲོའུ་ཚོགས་འདུར་ཞུགས་པ་རེད།  

     སྒྲོག་འགྲེལ་ཚོགས་འདུར། ཀྲའོ་ཅུན་མིང་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་གཙོ་དོན་དང་གྲུབ་འབྲས་གཙོ་བོ། འདས་པའི་ལོ་ལྔའི་རིང་གི་ལས་དོན་དང་དུས་རབས་གསར་པའི་ལོ་བཅུའི་འཕོ་འགྱུར་རླབས་པོ་ཆེ། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་བསམ་ཕྱོགས་གསར་གཏོད་པའི་ལོ་རྒྱུས་ཀྱི་འགན་འཁྲི་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་ལོ་རྒྱུས་ལས་འགན་ཁྱོན་ཡོངས་ནས་སྐུལ་བ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་སྐྲུན་པའི་དམིགས་འབེན་ལས་འགན། ཏང་གི་ཁྱོན་ཡོངས་འགོ་ཁྲིད་དང་ཏང་ཁྱོན་ཡོངས་ནས་ནན་སྐྱོང་བྱེད་ཤུགས་ཆེ་རུ་གཏང་རྒྱུའི་བཀོད་སྒྲིག་དང་བླང་བྱ། ཉམས་ཉེན་དང་འགྲན་སློང་ལ་ཁ་གཏད་འཇལ་བ་བཅས་ཕྱོགས་བདུན་ལ་དམིགས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་སྒྲོག་འགྲེལ་གཏིང་ཟབ་ལ་ཞིབ་ཕྲ་མཛད་པ་རེད། 

    ཀྲའོ་ཅུན་མིང་གིས་ནན་གསུང་གནང་དོན། དེ་མ་ཐག་དྲིལ་བསྒྲགས་དང་ལག་བསྟར་ཚ་ཚ་འུར་འུར་བྱ་དགོས་ཤིང་། ཏང་མི་དང་ལས་བྱེད་པ་རྒྱ་ཆེན་སྣེ་ཁྲིད་དེ་ས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལོན་པ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་བྱེད་ཐུབ་པ་བྱ་དགོས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་སྤྱི་ཚོགས་བརྟན་བརླིང་སྲུང་སྐྱོང་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཆང་བ། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་སྐུལ་འདེད་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་གི་གྲུབ་འབྲས་བརྟན་དུ་གཏོང་བ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བའི་ཐོག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་བོད་བརྟན་ཡོང་དགོས་ན་དང་ཐོག་ཁམས་བརྟན་བརླིང་ཡོང་བའི་འཐབ་ཇུས་ཀྱི་གཙོ་གནད་ས་ཆ་སྲ་བརྟན་ཡོང་བ་བྱ་དགོས། ཞིང་ཆེན་ཏང་ཨུའི་དུས་ཚིགས་བཞི་པར་མཇུག་འགྲན་བྱེད་ཅིང་ཉིན་བརྒྱ་ལ་འབད་འཐབ་ཆེན་པོ་བྱེད་པའི་བཀོད་སྒྲིག་སོ་སོ་དོན་ཐོག་ནན་ལ་འཁྱོལ་བ། འཕེལ་རྒྱས་དང་བདེ་འཇགས་སྤྱི་འདོམས་འཆར་འགོད་དང་ནུས་ཤུགས་ཡོད་རྒུས་དཔལ་འབྱོར་འཕར་འགྲན་དང་འཛུགས་སྐྲུན་བྱས་ཏེ། མྱུར་ཚད་ཅི་མགྱོགས་ཀྱིས་མཇུག་མཐའི་གདོང་མཆོང་བྱས་ནས་ལོ་ཧྲིལ་པོའི་དམིགས་འབེན་ལས་འགན་འགྲུབ་པར་བྱ་དགོས།  

     སྒྲོག་འགྲེལ་ཚོགས་འདུ་གྲོལ་རྗེས། ཀྲའོ་ཅུན་མིང་ད་དུང་དར་མདོ་དང་བརྒྱད་ཟིལ། རོང་བྲག་སོགས་ས་ཆའི་གྲོང་སྡེ་དང་དགོན་པ།ཁེ་ལས།སློབ་གྲྭ།ཨར་ལས་ལས་ཡུལ་སོགས་སུ་ཕེབས་ཏེ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་སྒྲོག་འགྲེལ་དང་། གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་དང་སློབ་སྦྱོང་གི་མྱོང་ཚོར་སྤེལ་རེས། ལས་གཞི་གལ་ཆེན་འཛུགས་སྐྲུན་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་།དམངས་གཉེར་དཔལ་འབྱོར་འཕེལ་རྒྱས།མི་རིགས་མཐུན་སྒྲིལ།ཡུལ་སྡེ་དར་རྒྱས།གསར་བརྗེའི་རིག་གནས་ཐོན་ཁུངས་སྲུང་སྐྱོང་བེད་སྤྱོད། རིམས་ཚུལ་འགོག་ཟོན། ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་སོགས་ཀྱི་ལས་དོན་ལ་རྟོག་ཞིབ་དང་ལྟ་སྐུལ་མཛད་རྒྱུ་རེད།།



  • ལེ་ཚན་སྔོན་མ།:ལྕགས་ཟམ་རྫོང་དཔེ་སྟོན་མིང་ཐོ་འདིར་ཚུད་འདུག།
  • ལེ་ཚན་རྗེས་མ།:རང་ཁུལ་གྱི་རྩོམ་པ་པོ་གཉིས་ལ་བྱ་དགའ་འདི་ཐོབ་པར་རྟེན་འབྲེལ་ཞུ།
  • དོ་སྣང་ཆེ་བའི་རྩོམ།