ལྕགས་ཟམ་རྫོང་དཔེ་སྟོན་མིང་ཐོ་འདིར་ཚུད་འདུག།

ཐུབ་ཀྱིས་བསྒྱུར།        2022-11-15

   ལྕགས་ཟམ་རྫོང་དཔེ་སྟོན་མིང་ཐོ་འདིར་ཚུད་འདུག།

   ཉེ་ཆར། སི་ཁྲོན་ཞིང་ཆེན་སྲིད་གཞུང་དྲྭ་ཚུགས་ནས་གནས་ཚུལ་རྒྱུས་ལོན་བྱུང་བ་ལྟར་ན། ཞིང་ཆེན་སྲིད་གཞུང་གིས་རྫོང་དང་གྲོང་ཁྱེར། ཆུས27ཞིང་སྡེའི་གཞུང་ལམ་ཡག་པོ་བཞིའི་ཞིང་ཆེན་རིམ་པའི་དཔེ་སྟོན་རྫོང་ཚན་འབོར་དྲུག་པ་ངོས་འཛིན་ཐག་བཅད་པ་དང་། དེའི་ནང་དུ་རང་ཁུལ་གྱི་ལྕགས་ཟམ་རྫོང་ཚུད་ཡོད།


ཞིང་སྡེའི་གཞུང་ལམ་ཡག་པོ་བཞིའི་ཞིང་ཆེན་རིམ་པའི་དཔེ་སྟོན་རྫོང་ཚན་འབོར་དྲུག་པའི་མིང་ཐོ།


(བསྡོམས་འབོར27ཡོད།) 

ཁྲེང་ཏུའུ་གྲོང་ཁྱེར། ལུང་ཆོན་དབྱི་ཆུས།

ཀྲི་ཀུང་གྲོང་ཁྱེར། ཀུང་ཅིན་ཆུས། ཀྲི་ལིའུ་ཅིན་ཆུས།

ཕན་ཀྲི་ཧྭ་གྲོང་ཁྱེར། ཡན་པན་རྫོང་།

ལུའུ་ཀྲོའུ་གྲོང་ཁྱེར། ཧོ་ཅང་རྫོང་། ཞུས་ཡུང་རྫོང་།

མེན་དབྱང་གྲོང་ཁྱེར། ཡན་ཐིང་རྫོང་།

ཀོང་ཡོན་གྲོང་ཁྱེར། ཆིང་ཁྲོན་རྫོང་།  ཝང་ཁྲང་རྫོང་།

ལིའེ་ཅང་གྲོང་ཁྱེར། ཏུང་ཞིང་ཆུས།

ལེ་ཧྲན་གྲོང་ཁྱེར། ཧྲི་ཀྲུང་ཆུས། ཅ་ཅང་རྫོང་།

ནན་ཁྲུང་གྲོང་ཁྱེར། དབྱི་ལུང་རྫོང་།

དབྱི་པིང་གྲོང་ཁྱེར། ནན་ཞི་ཆུས། ཞུས་ཀྲོའུ་ཆུས།

ཀོང་ཨན་གྲོང་ཁྱེར། ཆན་ཧྥེང་ཆུས།

ཏ་ཀྲོའུ་གྲོང་ཁྱེར། ཆུས་རྫོང་།

གཡང་རྔ་གྲོང་ཁྱེར། ཡུས་ཁྲེང་ཆུས།  ལུའུ་ཧྲན་རྫོང་།

མེན་ཧྲན་གྲོང་ཁྱེར། ཏུང་ཕའོ་ཆུས།  ཧུང་ཡ་རྫོང་།  རིན་ཧྲོའུ་རྫོང་།

ཀྲི་དབྱང་གྲོང་ཁྱེར། ཡན་ཅང་ཆུས།

རྔ་བ་རྫོང་། ཁྲོ་ཆུ་རྫོང་།  ཁྲི་ཚང་རྫོང་།  ཆུ་ཆེན་རྫོང་།


དཀར་མཛེས་ཁུལ། ལྕགས་ཟམ་རྫོང་།


   ཞིང་ཆེན་སྲིང་གཞུང་གིས་ཞིང་སྡེའི་གཞུང་ལམ་ཡག་པོ་བཞིའི་དཔེ་སྟོན་རྫོང་གི་ཉམས་མྱོང་སྔོན་ཐོན་སློབ་སྦྱོང་ནན་ཏན་བྱེད་ཅིང་། ཞིང་སྡེ་གཞུང་ལམ་ལ་མ་དངུལ་ཕན་འབྲས་ཡོད་པ་གཏང་ཤུགས་ཆེ་རུ་གཏོང་བ་དང་། བདག་གཉེར་གསོ་སྐྱོང་ལ་ཤུགས་རྒྱག་ཅིང་། སྐྱེལ་འདྲེན་ཞབས་ཞུའི་སྤུས་ཀ་ཇེ་ལེགས་སུ་གཏོང་ཞིང་། མང་ཚོགས་ལས་ཞུགས་འབབ་འཕར་ཐུབ་པ་དང་། དེང་རབས་ཅན་གྱི་ཞིང་སྡེའི་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་བཙུགས་ཤིང་འཐུས་ཚང་དུ་བཏང་སྟེ། ཡུལ་སྡེ་དར་རྒྱས་ཡོང་བ་དང་། ཞིང་པ་དང་ཞིང་སྡེ་མཉམ་དུ་འབྱོར་ཕྱུག་ཡོང་བར་ཞབས་འདེགས་དེ་བས་ཡག་པོ་ཞུ་དགོས་པའི་བླང་བྱ་བཏོན་པ་རེད།།



  • ལེ་ཚན་སྔོན་མ།:དར་མདོ་རྫོང་གི་མཐོ་སྒང་སྔོ་ཚལ་ཐོན་ལེགས་བྱུང་ནས་ཡུལ་སྡེ་དར་རྒྱས་གཏོང་བར་བདེ་སྐྱིད་ཀྱི་འཚོ་བཅུད་བསྣན།
  • ལེ་ཚན་རྗེས་མ།:ཀྲའོ་ཅུན་མིང་གིས་རང་ཁུལ་དུ་སྒྲོག་འགྲེལ་དང་རྟོག་ཞིབ་གནང་།
  • དོ་སྣང་ཆེ་བའི་རྩོམ།