དཀར་མཛེས་ཁུལ་གྱིས2022ལོའི་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་གཏང་རྒྱུ་དེ་ཡུལ་སྡེ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་བྱེད་པའི་སྐུལ་འདེད་ཚོགས་འདུ་འཚོགས།

ལྷ་འཛོམས་ཀྱིས་བསྒྱུར།        2022-11-14

ཉེ་ཆར། དཀར་མཛེས་ཁུལ་གྱིས2022ལོའི་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་གཏང་རྒྱུ་དེ་ཡུལ་སྡེ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་བྱེད་པའི་ལས་དོན་ལ་སྐུལ་འདེད་གཏོང་བའི་ཚོགས་འདུ་དར་མདོར་འཚོགས་ཤིང་། ཚོགས་འདུའི་ཐོག་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཏེ་ཁུལ་ཡོངས་ཀྱི་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏང་རྒྱུ་དེ་ཡུལ་སྡེ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་བྱེད་པའི་ལས་དོན་བཀོད་སྒྲིག་བྱས་པ་རེད།

ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཧྲི་ཀང་ཚོགས་འདུར་ཕེབས་ནས་གསུང་བཤད་གནང་བ་དང་ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཡོན་ཀང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། རིམ་པ་ཁག་དང་སྡེ་ཚན་སོ་སོས་ཆབ་སྲིད་ཀྱི་ལངས་ཕྱོགས་མཐོ་རུ་བཏང་ནས་རྒྱང་སྐྱོད་ལམ་གསར་ཐོག་སྦྲེལ་མཐུད་ནུས་ལྡན་བྱེད་པའི་ལས་དོན་གྱི་འཐབ་ཇུས་གནས་བབ་དང་འཐབ་ཇུས་ཀྱི་དོན་སྙིང་ལ་ངོས་འཛིན་གཏིང་ཟབ་བྱེད་པ་དང་།རང་ཁུལ་གྱིས་ད་དུང་རྨང་གཞིའི་སྒྲིག་བཀོད་ཐད་ཀྱི་ཆད་ལུས་མང་བ་དང་ཞིང་འབྲོག་པའི་འབབ་འཕར་ནུས་པ་ཞན་པ།ཐོན་ལས་འཕེལ་རྒྱས་ཀྱི་ཕན་འབྲས་ཞན་པ། གཞི་རིམ་གྱི་བཅོས་སྐྱོང་ནུས་པ་ཞན་པ་སོགས་ཀྱི་གནད་དོན་ལྷག་པའི་ཞན་ཆ་ལ་རིག་པ་དྭངས་གསལ་གྱི་སྒོ་ནས་ངོས་འཛིན་ཐུབ་པ་བྱ་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་འཇིག་རྟེན་ལྟ་ཚུལ་དང་བརྟག་ཐབས་སྨྲ་བ་སློབ་སྟོན་དུ་འཛིན་ཞིང་། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། དབུལ་པོར་བསྐྱར་ལོག་སྔོན་འགོག་གི་ལྟ་ཞིབ་ཚད་ལེན་བྱེད་པ། ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ“གཉིས་ལས་མཐོ་བ”། ཉེན་མེད་འཐུང་ཆུ་དང་ཆབ་ཁང་གསར་བརྗེ་སོགས་ཀྱི་གཙོ་གནད་ལས་དོན་ལ་དམ་འཛིན་ནན་པོ་བྱས་ཏེ་གཞི་ཁྱོན་ལྡན་པའི་བསྐྱར་ལོག་གི་མ་མཐའི་མཚམས་ཐིག་མཐའ་གཅིག་ཏུ་བསྲུངས་ནས་ཞིང་འབྲོག་མང་ཚོགས་ཀྱི་འབབ་འཕར་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་དང་།ཡུལ་སྡེའི་འཐུང་ཆུའི་སྤུས་ཚད་མཐོ་རུ་གཏོང་བ། ཡུལ་སྡེའི་གཞིས་སྡོད་ཁོར་ཡུག་ལེགས་སུ་གཏོང་བ། དབུལ་ཐར་འགག་སྒྲོལ་དང་ཡུལ་སྡེ་དར་རྒྱས་གཉིས་འབྲེལ་མཐུད་ནུས་ལྡན་ཐུབ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏང་དགོས།

ཚོགས་འདུའི་ཐོག་ནན་གསུང་དོན། རིམ་པ་ལྔ་པའི་ཧྲུའུ་ཅིས་ཡུལ་སྡེ་དར་རྒྱས་གཏང་རྒྱུ་དམ་འཛིན་བྱ་རྒྱུ་དེ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་བླང་བྱ་གསལ་པོ་རེད། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་བསྣན་ཏེ་ལས་ཀའི་འགན་འཁྲི་སྔར་བས་ནན་དུ་གཏང་དགོས་པ་དང་། ལས་དོན་གྱི་གཅིག་གྱུར་འཆར་འགོད་ལ་ཤུགས་བསྣན་ཏེ་ཁུལ་དང་རྫོང་། ཡུལ་སྡེ་དར་རྒྱས་སྡེ་ཚན་བཅས་ཀྱིས་སྣེ་ཁྲིད་ནུས་པ་འདོན་སྤེལ་ཡག་པོ་བྱ་དགོས། དཔྱད་ཞིབ་ཀྱི་བཀོད་འདོམས་ཡང་དག་པ་བྱས་ནས་ལས་ཀར་སྦྲེལ་མཐུད་ནུས་ལྡན་བྱ་རྒྱུ་དེ་གཙོ་གནད་དཔྱད་ཞིབ་ནང་དོན་དུ་བརྩིས་ནས་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་ཡུལ་སྡེ་དར་རྒྱས་གཏོང་བའི་འབྲེལ་མཐུད་ལས་དོན་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏང་དགོས། དུས་མཚུངས་དུས་རྒྱུན་དུ་ལས་ཀ་ཡག་མོ་ཏན་ཏིག་བསྒྲུབས་ནས་གྲ་སྒྲིག་གང་འཚམ་བྱས་ནས་ཞིང་ཆེན་གྱི་ཕྱོགས་གསུམ་པའི་ཚོད་སྐོར་དང་རྒྱལ་ཁབ་ཀྱི་དཔྱད་ཞིབ་ཚོད་སྐོར“ཡིག་རྒྱུགས་ཆེན་པོ་གཉིས”ལ་བསུ་བ་ཞུས་ནས་དཀར་མཛེས་ཁུལ་གྱི་མང་ཚོགས་ལ་བློ་ཡིད་ཚིམ་པའི་རྒྱུགས་ཤོག་སྤྲོད་དགོས་ཞེས་གསུངས་པ་རེད།

ཚོགས་འདུའི་ཐོག་རྟའུ་དང་ཉག་ཆུ། ལྕགས་ཟམ། བརྒྱད་ཟིལ་དང་ཕྱག་ཕྲེང་རྫོང་བཅས་རྫོང་གིས་ཞིང་སྡེའི་ཆབ་ཁང་གསར་བརྗེ་དང་།གྲོང་སྡེའི་ཆུ་མཁོ་འདོན་འགན་ལེན། ས་འགུལ་གནོད་འཚེ་ཐེབས་རྗེས་བསྐྱར་དུ་དབུལ་པོར་འགྱུར་རྒྱུ་སྔོན་འགོག་དང་ལྟ་ཞིབ་ཚད་ལེན་བྱེད་པའི་ལས་ཀ་དང་། ཞིང་འབྲོག་པའི་ཡོང་འབབ་མང་དུ་གཏོང་བ། ཡུལ་སྡེ་དར་རྒྱས་གཏོང་བའི་གཙོ་གནད་རོགས་སྐྱོར་གྱི་ཕུལ་བྱུང་རྫོང་འཛུགས་པ་སོགས་ཀྱི་ལས་དོན་ལ་དམིགས་ནས་སྤེལ་རེས་གཏམ་བཤད་བྱས་པ་རེད། ཁུལ་ཡུལ་སྡེ་དར་རྒྱས་ཅུས་ཀྱིས་འབྲེལ་མཐུད་ལས་དོན་གྱི་ཕན་འབྲས་སྲ་བརྟན་དང་ལྷག་པའི་གནད་དོན་བརྡ་ཁྱབ་བཏང་བར་མ་ཟད། ད་དུང2022ལོའི་དཔྱད་ཞིབ་ཚོད་སྐོར་ལས་དོན་བཀོད་སྒྲིག་བྱས་པ་རེད།

ཚོགས་འདུ་དེ་བརྙན་འཕྲིན་ཁ་པར་གྱི་རྣམ་པའི་ཐོག་ནས་རྫོང(གྲོང་ཁྱེར)ཁག་ཏུ་འཚོགས་ཤིང་། འབྲེལ་ཡོད་ཁུལ་གྱི་འགོ་ཁྲིད་དང་ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་ཚོགས་ར་གཙོ་བོའི་ཚོགས་འདུར་ཞུགས་པ་རེད།། 


  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་གིས་དམག་དོན་ཐད་ལ་མཛུབ་སྟོན་འདི་འདྲ་གནང་།
  • ལེ་ཚན་རྗེས་མ།:དར་མདོ་རྫོང་གི་མཐོ་སྒང་སྔོ་ཚལ་ཐོན་ལེགས་བྱུང་ནས་ཡུལ་སྡེ་དར་རྒྱས་གཏོང་བར་བདེ་སྐྱིད་ཀྱི་འཚོ་བཅུད་བསྣན།
  • དོ་སྣང་ཆེ་བའི་རྩོམ།