རྟའུ་རྫོང་གིས་གཞིས་སྡོད་འཚམ་པའི་འབྱུང་འཕྲོད་གྲོང་ཁྱེར་བཏོད་ནས་མང་ཚོགས་ལ་བདེ་སྐྱིད་ཐོབ་ཚོར་ཇེ་དྲག་ཏུ་བཏང་།

རྟ་མགྲིན་རྡོ་རྗེས་བསྒྱུར།        2022-11-09

རྟའུ་རྫོང་གིས་གཞིས་སྡོད་འཚམ་པའི་འབྱུང་འཕྲོད་གྲོང་ཁྱེར་བཏོད་ནས་མང་ཚོགས་ལ་བདེ་སྐྱིད་ཐོབ་ཚོར་ཇེ་དྲག་ཏུ་བཏང་།
རི་སྔོ་ཆུ་དྭངས་ཀྱིས་བསྐོར་བའི་རྟའུ་རྫོང་གི་གྲོང་ཁུལ།

རྟའུ་རྫོང་གིས་གཞིས་སྡོད་འཚམ་པའི་འབྱུང་འཕྲོད་གྲོང་ཁྱེར་བཏོད་ནས་མང་ཚོགས་ལ་བདེ་སྐྱིད་ཐོབ་ཚོར་ཇེ་དྲག་ཏུ་བཏང་།
ཐོན་ལས་གླིང་ཁུལ་དང་འདམ་རའི་འགྲམ་གྱི་སྐུན་བུ་གྲོང་གསར།

“འཆམ་མཐུན་འཕེལ་རྒྱས་ཀྱི་འདུ་ཤེས་བཅངས་ནས་གོམ་སྟབས་དུས་རབས་གསར་པའི་རྗེས་སུ་བསྙེགས་ཏེ། གྲོང་ཡུལ་མཉམ་འདྲེས་གཞི་གཅིག་འཛུགས་སྐྲུན་བྱས་ནས་གཞིས་སྡོད་འཚམ་པའི་སྐྱེ་ཁམས་ཁོར་ཡུག་གཏོད་དགོས་པའི” བསམ་གཞིས་འདིར་གཞིགས་ནས། ཉེ་བའི་ལོ་ཤས་རིང་རྟའུ་རྫོང་གིས་གྲོང་ཡུལ་འཛུགས་སྐྲུན་ཐད“སྔོན་ལ་འཆར་འགོད་དང་བཀོད་སྒྲིག་སྔ་སྣུར། དུས་བསྟུན་འཛུགས་སྐྲུན། ཆད་ལུས་ཚགས་བཤེར”བཅས་ཀྱི་བྱེད་ཐབས་སྤྱད་ནས་བཙོག་ཆུ་དང་གད་སྙིགས་བཅོས་སྒྲིག། གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། གྲོང་ཁྱེར་གྱི་རྣམ་པ་གསར་སྒྱུར། སྐྱེ་ཁམས་ཁོར་ཡུག་ལེགས་གཏོང་སོགས་ཀྱི་ལས་གཞིར་སྐུལ་འདེད་ཤུགས་ཆེན་བཏང་བ་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་དམ་འཛིན་བྱས་ནས་གྲོང་ཡུལ་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ་ཡིད་དབང་འཕྲོག་པའི་ལམ་བུ་གསར་པ་ཧུར་ཐག་བཏོད་ཡོད།

ཉེ་བའི་ལོ་ཤས་རིང་། རྟའུ་རྫོང་གིས“ལོ་གསུམ་གྱི་གད་སྙིགས་བཙོག་ཆུ་གཙང་སེལ་ཇུས་གཞིར”བརྟེན་ནས། གྲོང་ཁྱེར་ནས་ཡུལ་ཤོག་གྲོང་རྡལ་བར་གྱི་བཙོག་ཆུ་དང་འཚོ་བའི་གད་སྙིགས་གཙང་སེལ་སྒྲིག་ཆས་འཛུགས་སྐྲུན་གྱི་མྱུར་ཚད་མགྱོགས་སུ་བཏང་ནས། གད་སྙིགས་ཀྱི་བཙོག་ཆུ་གནོད་མེད་ཅན་དུ་འགྱུར་རྒྱ་ཆེ་རུ་བཏང་བ་དང་དམིགས་འབེན་ལས་འགན་སོ་སོར་བགོས་སྟེ་སྔ་རྗེས་སུ་གཤིས་ཆུ་གྲོང་རྡལ་དང་དཔལ་སྨད་གྲོང་རྡལ། གཡུ་ཁོག་གྲོང་རྡལ། མགར་ཐར་གྲོང་རྡལ། བཞག་བརྩི་གྲོང་རྡལ་སོགས་སུ་གད་སྙིགས་ཀྱི་བཙོག་ཆུ་གཙང་སེལ་མཐའ་སྣེའི་ལས་གྲྭ་བསྐྲུན་ནས་དུས་བཀག་ལྟར་འཛུགས་སྐྲུན་དང་བེད་སྤྱོད་བཏང་བ་རེད། བཙོག་ཆུ་གཙང་བཅོས་བྱེད་ནུས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་ཆབས་ཅིག། གྲོང་ཡུལ་གྱི་ཁོར་ཡུག་གཙང་བཅོས་བྱས་འབྲས་མུ་མཐུད་ནས་སྲ་བརྟན་དུ་བཏང་། རྫོང་ཨུ་དང་སྲིད་གཞུང་གིས་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་འོག་རྫོང་གི་གྲོང་ཁུལ་གྱི་བཙོག་ཆུ་གཙང་སེལ་བཟོ་གྲྭ་དང་དེ་བཞིན་དཔལ་སྨད་གྲོང་རྡལ་གྱི་བཙོག་ཆུ་གཙང་སེལ་བཟོ་གྲྭ་དེ་ཕྱོགས་གསུམ་པའི་སྤྱི་གཉེར་ཁང་གི་ཕྱི་ཕྱོགས་སུ་སྐྱེལ་འདྲེན་བྱས་པ་དང་། གཡུ་ཁོག་གད་སྙིགས་གཙང་སེལ་ས་ཚུགས་དང་མགར་ཐར་བཙོག་ཆུ་གཙང་སེལ་ས་ཚུགས་ལ་ནོར་སྲིད་ཀྱིས་གྲོན་དངུལ་བཏང་ནས་འཁོར་སྐྱོད་བྱས་ཏེ་བསྐྲུན་ཟིན་པའི་བཙོག་ཆུ་དང་གད་སྙིགས་སྒྲིག་ཆས་ལྟ་སྐུལ་དོ་དམ་བྱེད་ཁོངས་སུ་བཞག་ནས་འཁོར་སྐྱོད་རྒྱུན་གཏན་ཡོང་བར་འགན་ལེན་བྱས་པར་མ་ཟད། 2022ལོར་རྟའུ་རྫོང་གི“ས་ཁོངས་ཡོངས་སུ་གད་སྙིགས་མེད་པའི”བྱ་འགུལ་སྤེལ་བར་བརྒྱུད། རྫོང་སྡོད་ཁང་འཛུགས་སྐྲུན་ཅུས་འགོ་ཁྲིད་ཀྱིས་སྣེ་ཁྲིད་སྡེ་ཚན་བྱས་ཏེ་རྫོང་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་སྐུལ་སློང་ཧུར་ཐག་བྱས་ནས་དམངས་ཡོངས་བྱེད་སྒོ་དེའི་ནང་ཞུགས་སུ་བཅུག་ནས་བྱ་སྤྱོད་དངོས་ཀྱི་ཐོག་ནས་ས་ཆ་དེའི་སྔོ་ཞིང་གཙང་བའི་རི་ཀླུང་ཆུ་གསུམ་ལ་སྲུང་སྐྱོང་ཡག་པོ་བྱས་པ་རེད།

རྫོང་གི་གྲོང་ཁུལ་སྟོབས་ཆེར་བཏང་ནས་གྲོང་ཁྱེར་དང་གྲོང་རྡལ་ཅན་ལ་སྐུལ་འདེད་མགྱོགས་པོ་བཏང་ཡོད། ལོ་འདིའི་ནང་དུ་རྟའུ་རྫོང་གིས་རྫོང་གི་གྲོང་ཁུལ་གྱི་གཞུང་ལམ་སྤྱི་ལེ23གསར་སྐྲུན་དང་སྒྱུར་བཀོད་བྱས་པ་སྟེ། གྲོང་ཁུལ་གསར་པ་ནས་གྲོང་ཁུལ་རྙིང་པའི་བར་གྱི་མྱུར་བགྲོད་བགྲོད་ལམ་བསྐྲུན་པ།(གཤིས་ཆུ་གྲོང་རྡལ་གྱི་གྲོང་ཁྱེར་འཛུགས་སྐྲུན་གྱི་རྨང་གཞིའི་སྒྲིག་བཀོད་བསྐྱར་སྐྲུན་རྒྱས་སྐྲུན་ལས་གཞི) གྲོང་ཁྱེར་གྱི་ལམ་བུར་སྐྱོད་པའི་ལམ་བུ་དང་ཟམ་ནག་ནས་རང་འབབ་ཆུ་བཟོ་གྲྭ་བར་གྱི་གྲོང་ཁྱེར་དོ་དམ་གྱི་འགྲོ་ལམ། འདམ་རའི་གླིང་གའི་གཞུང་ལམ་བསྒྱུར་བཀོད། ཤར་སྒོའི་གྲོང་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་བསྐྱར་སྐྲུན་དང་རྒྱས་སྐྲུན་སོགས་ཀྱི་ཆུ་ཚད་མཐོ་རུ་བཏང་བ་དང་ཆབས་ཅིག་བགྲོད་ལམ་འགྱིག་སྣུམ་ལམ་དུ་བསྒྱུར་དང་ཡུལ་ལྗོངས་སྔོ་འགྱུར། གྲོང་ཁྱེར་གསལ་ཆ་ཅན་སོགས་ཅིག་ཅར་དུ་ལག་བསྟར་བྱས་ཏེ་གྲོང་ཁྱེར་གྱི་རྣམ་པར་འགྱུར་ལྡོག་ཏན་ཏིག་བཏང་ནས་གྲོང་ཁྱེར་གྱི་ནུས་པར་འགྱུར་ལྡོག་གསར་པ་དང་འཕེལ་རྒྱས་གསར་པ་བྱུང་ཡོད་པ་རེད།

ཕྱིན་ཆད་རྟའུ་རྫོང་གི་གྲོང་ཁྱེར་གྱི་གནས་བབ་ལ་གཞིགས་ནས་དེ་སྔ་གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་རྨང་གཞིའི་ཐོག“ཡིད་དབང་འཕྲོག་པའི་རྫོང་གྲོང”གི་ལས་དོན་ཡག་པོ་བསྒྲུབ་རྒྱུ་དང་། གྲོང་ཁྱེར་རྙིང་པ་བསྒྱུར་བཀོད་བྱ་རྒྱུར་སྐུལ་སྤེལ་ཤུགས་ཆེན་བཏང་སྟེ་ཁྲོམ་ལམ་གྱི་བཟོ་བཀོད་རྣམ་པ་གཅིག་གྱུར་བྱས་ནས་གྲོང་ཁྱེར་ཉམས་གསོ་དང་གསར་བཅོས་བྱ་དགོས། ས་འོག་གི་བར་སྟོང་གསར་སྤེལ་དང་ས་འོག་གི་རླངས་འཁོར་འཇོག་གནས་འཛུགས་སྐྲུན་བྱས་ནས་རྫོང་གི་གྲོང་ཁུལ་གྱི་འགྲིམ་འགྲུལ་དང་རླངས་འཁོར་འཇོག་སའི་གནོན་ཤུགས་ཡང་དུ་གཏོང་བ། རྫོང་གི་གྲོང་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་བསལ་ནས་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ་རྟའུ་རྫོང་གི་དཔལ་འབྱོར་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་གཏང་དགོས།

དེ་དང་ཆབས་ཅིག་ཆུ་ངོགས་གླིང་ག་བསྐྲུན་རྒྱུའི་ལས་གཞི་ལག་ལེན་བསྟར་འགོ་ཚུགས་ཤིང་བསྐྲུན་ཟིན་པའི་རྟའུ་རྫོང་འདམ་རའི་གླིང་ག་དང་ཕན་ཚུན་གཞོགས་འདེགས་བྱས་ནས་གྲོང་ཁྱེར་གྱི“རྣམ་པ”དང“ཉམས་འགྱུར”སྔར་བས་ལེགས་སུ་གཏང་དགོས། སྔོན་དཔག་བྱས་ན་ལས་གཞི་དེ2023ལོར་ཁྱོན་ཡོངས་ནས་ལེགས་སུ་འགྲུབ་རྒྱུ་དང་འབྲེལ་སྒོ་ཕྱེ་ནས་ནས་བེད་སྤྱོད་བྱ་རྒྱུ་ཡིན་པ་རེད།།


  • ལེ་ཚན་སྔོན་མ།:ཧྲེན་དབྱང་གིས་ཞིང་འབྲོག་དང་ཞིང་སྡེ་སོགས་སྡེ་ཚན་ལ་བརྟག་ཞིབ་གནང་།
  • ལེ་ཚན་རྗེས་མ།:མཐོ་སྒང་གི་ཀུ་ཤུར་དྲི་ཞིམ་ལྡན།། མཛད་སྤྱོད་རོགས་སྐྱོར་བྱས་ནས་ཡོང་འབབ་འཕར།།
  • དོ་སྣང་ཆེ་བའི་རྩོམ།