མཐོ་སྒང་གི་ཀུ་ཤུར་དྲི་ཞིམ་ལྡན།། མཛད་སྤྱོད་རོགས་སྐྱོར་བྱས་ནས་ཡོང་འབབ་འཕར།།

ཀུན་དགས་བསྒྱུར།        2022-11-09

མཐོ་སྒང་གི་ཀུ་ཤུར་དྲི་ཞིམ་ལྡན།། མཛད་སྤྱོད་རོགས་སྐྱོར་བྱས་ནས་ཡོང་འབབ་འཕར།།
ཕྱག་ཕྲེང་ཀུ་ཤུར་ལོ་ལེགས་བྱུང་བ།

ཉེ་ཆར།རང་ཁུལ་ཕྱག་ཕྲེང་རྫོང་གི་ཤིང་འབྲས་འདེབས་མཁན་ཞིང་པ་ཚོའི“བྲིན་ཚོང་དཀའ་བའི”གནད་དོན་ཐད་ལུའུ་ཀྲོའུ་གྲོང་ཁྱེར་ཝུའུ་མོང་ཧྲན་མཁོ་འཚོང་མཉམ་ལས་ཁང་གིས་རོགས་སྐྱོར་ཉོ་སྒྲུབ་བྱས་ནས་ཐག་གཅོད་ཐུབ་ཡོད། མཐོ་སྒང་གི་ཀུ་ཤུ་ཁག་གཅིག་གི་ལུའུ་ཀྲོའུ་གྲོང་ཁྱེར་གྱི་ཁ་གཏད་རོགས་སྐྱོར་ལས་གཞི་ལ་བརྟེན་ནས་ཕྱག་ཕྲེང་གི་ཞིང་ལས་ཡུལ་ཐོན་ཁྱད་རྫས་དྲྭ་རྒྱའི་བྲིན་ཚོང་མ་ལག་ཁག་དང་།གྲགས་ཅན་གྱི་ཞིང་ལས་ཡུལ་ཐོན་ཁྱད་རྫས་ཉམས་ལེན་ཁང་།འདར་སྒྲའི་ཐད་གཏོང་ཚོང་ཁང་སོགས་ཀྱི་བྲིན་ཚོང་ལས་སྟེགས་སུ་སྤྱོད་འགོ་ཚུགས་ཡོད།

ཕྲེང་སྟོད་གྲོང་རྡལ་ཤར་པ་གྲོང་སྡེའི་སྐལ་བཟང་ལྷ་མོས་སྤུས་ལེགས་ཀྱི་ཕྱག་ཕྲེང་ཀུ་ཤུ་སྒམ་ནང་བླུག་ཞོར་གསར་འགོད་པར་ད་ལོ་ལུའུ་ཀྲོའུ་ཡིས་ཁ་གཏད་རོགས་སྐྱོར་བྱེད་པའི་འབྲེལ་ཟམ་བཙུགས་པ་དང་ལུའུ་ཀྲོའུ་གྲོང་ཁྱེར་ཝུའུ་མོང་ཧྲན་མཁོ་འཚོང་མཉམ་ལས་ཁང་ནང་འདྲེན་བྱས་ནས་གཅིག་སྡུད་ཐོག་གྲོང་སྡེའི་ཐུན་མོང་ཤིང་འབྲས་ལྡུམ་རའི་ཀུ་ཤུ་ཉོ་སྒྲུབ་བྱས་པས་ང་ཚོའི་ཤིང་འབྲས་ལྡུམ་རའི་མིག་སྔའི་ཕྱིར་ཚོང་དཀའ་གནད་བསལ་ཡོད་ཅེས་བཤད།

2021ལོར་རྒྱལ་ཡོངས་ཀྱི་གྲགས་ཅན་ཞིང་ལས་ཐོན་རྫས་ཀྱི་མིང་གཞུང་ཁག་གཉིས་པའི་ནང་བཅུག་པའི་ཕྱག་ཕྲེང་ཀུ་ཤུ་དེར་ས་བབ་འཚམ་པ་དང་།ཉི་འོད་འདང་ངེས་ཡོད་པ།ས་གཤིས་གཤིན་པོ་ཡོད་པ།གནམ་གཤིས་ཡག་པོ་ཡོད་པ་སོགས་ཀྱི་ས་བབ་ཀྱི་ལེགས་ཆ་ལྡན་ཡོད་པས་ཁུ་བ་མང་ལ་བྲོ་བ་ཞིམ་པའི་ཁྱད་ཆོས་ལྡན་ཡོད་པས་ས་གནས་ཁག་གི་འཛད་སྤྱོད་པའི་དགའ་བསུ་ཐོབ་ཡོད།འོན་ཀྱང་ཕྱག་ཕྲེང་རྫོང་གི་ཞིང་ལས་ཁྱད་ལྡན་ཐོན་རྫས་ཀྱི་སྤུས་རྟགས་ལ་ཕན་འབྲས་ཆེན་པོ་མེད་པ་དང་ཕྱིར་ཚོང་ཐབས་ལམ་ཡག་པོ་མེད་པས་ཀུ་ཤུ་བྲིན་པོ་མེད་པ་དང་ཕྱིར་ཚོང་དཀའ་བའི་གནད་དོན་སྔར་བཞིན་གནས་ཡོད།

ལུའུ་ཀྲོའུ་ཡིས་ཕྱག་ཕྲེག་ཁ་གཏད་རོགས་སྐྱོར་བྱས་པ་ནས་བཟུང་ཐོག་མཐའ་བར་གསུམ་དུ་ཞིང་ལས་དེང་རབས་གླིང་ཁུལ་དང་།ཞིང་ལས་ཐོན་རྫས་ལས་སྣོན་གླིང་ཁུལ།འབྲུ་སྔོན་རྟེན་གཞི་སོགས་ཞིང་ལས་རྟེན་གཞི་འཛུགས་སྐྲུན་ལ་དམིགས་ནས་སྒོར་ཁྲི8000ལྷག་ཙམ་གྱི་ཁ་གཏད་རོགས་སྐྱོར་མ་དངུལ་བཏང་སྟེ་ཐོན་ལས་རྟེན་གཞིའི་ལེ་ལག་ཚང་བའི་སྒྲིག་བཀོད་རིམ་བཞིན་འཐུས་སྒོ་ཚང་དུ་བཏང་ཡོད།

ད་ལོ་ནས་བཟུང་ལུའུ་ཀྲོའུ་ཡིས་ཕྱག་ཕྲེང་རྫོང་གི་ལས་དོན་རུ་ཁག་ལ་ཁ་གཏད་རོགས་སྐྱོར་བྱས་ནས་ཞིང་ལས་དང་ཁྱད་ལྡན་ཐོན་རྫས་ཉོ་ཚོང་གཞི་གཅིག་ཅན་ལ་དམ་པོར་དམིགས་ནས་སྒོར་ཁྲི200བཏང་ནས་ཕྱག་ཕྲེང་རྫོང་གི་ཁྱད་ལྡན་ཞིང་ལས་དང་ཡུལ་སྐོར་ཐོན་རྫས་ལུའུ་ཀྲོའུ་ཡི་དྲིལ་བསྒྲགས་དང་བྲིན་ཚོང་དྲྭ་རྒྱའི་མ་ལག་འཛུགས་རྒྱུར་སྐུལ་འདེད་བཏང་ཡོད། ད་དུང་ལུའུ་ཀྲོའུ་དང་ཕྱག་ཕྲེང་ས་ཁུལ་གཉིས་སུ་ཞིང་ལས་ཡུལ་ཐོན་ཁྱད་རྫས་འོས་སྦྱོར་དང་ཡུལ་སྐོར་རིག་གནས་ཐོན་ཁུངས་དྲིལ་བསྒྲགས་ལས་སྟེགས་བསྐྲུན་ནས་དངོས་མང་སྟོན་ཚོགས་དང་།འོས་སྦྱོར་འདུ་ཚོགས།ཐད་གཏོང་ཟོག་འདྲེན་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་གཉེར་ཚོང་ཐབས་ལམ་སྔར་བས་རྒྱ་ཆེར་བཏང་བ་དང་ཟོག་འགྲེམས་མ་གནས་མཐོ་བའི་དཀའ་གནད་ཧུར་ཐག་བསལ་ནས་ཕྱག་ཕྲེང་གི་ཞིང་ལས་ཁྱད་ལྡན་ཐོན་རྫས་ཕྱིར་ཚོང་བྱ་རྒྱུར་སྐུལ་འདེད་བཏང་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན།ད་ཐེངས་ཀྱི་རོགས་སྐྱོར་བྱེད་སྒོ་བརྒྱུད་ལུའུ་ཀྲོའུ་རུ་ཁྱོན་ཀུ་ཤུ་རྒྱ་མ་ཁྲི5ལྷག་ཙམ་སྐྱེལ་འདྲེན་བྱས་ཡོད། ཤིང་འབྲས་འདེབས་མཁན་དུད་ཚང30ལྷག་ཙམ་གྱི་ཀུ་ཤུ་འཚོང་བའི་གནད་དོན་ཐག་གཅོད་བྱས་པ་དང་།དུས་མཇུག་ཏུ་ལུའུ་ཀྲོའུ་ཡིས་ཕྱག་ཕྲེང་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་དོན་རུ་ཁག་གིས་ད་དུང་ཕྱག་ཕྲེང་རྫོང་ཀུ་ཤུ་མཐུན་ཚོགས་བརྒྱུད་གྲོང་སྡེ་ཁག་གི་ཐུན་མོང་དཔལ་འབྱོར་ཤིང་འབྲས་ར་བ་དང་ཀུ་ཤུ་འདེབས་འཛུགས་དུད་ཆེན་ལ་མུ་མཐུད་ཉོ་སྒྲུབ་སྔོན་མངགས་བྱ་རྒྱུ་དང་།སྔོན་དཔག་བྱས་ན་སྤྱི་ཟླ12པའི་ཟླ་མཇུག་སྔོན་ཀུ་ཤུ་རྒྱ་མ་ཁྲི100ཉོ་སྒྲུབ་བྱ་རྒྱུ་དང་ལོ་ཧྲིལ་པོར་སྒོར་ཁྲི1000ལྷག་ཙམ་གྱི་ཞིང་ལས་ཐོན་རྫས་འཛད་སྤྱོད་རོགས་སྐྱོར་བྱ་རྒྱུ་ཡིན་པ་རེད། །




  • ལེ་ཚན་སྔོན་མ།: རྟའུ་རྫོང་གིས་གཞིས་སྡོད་འཚམ་པའི་འབྱུང་འཕྲོད་གྲོང་ཁྱེར་བཏོད་ནས་མང་ཚོགས་ལ་བདེ་སྐྱིད་ཐོབ་ཚོར་ཇེ་དྲག་ཏུ་བཏང་།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།