ཞི་ཅིན་ཕིང་གིས་དམག་དོན་ཐད་ལ་མཛུབ་སྟོན་འདི་འདྲ་གནང་།

ཨོ་རྒྱན་གྱིས་བསྒྱུར།        2022-11-10

ཞི་ཅིན་ཕིང་གིས་དམག་དོན་ཨུ་ལྷན་གྱི་མཉམ་འབྲེལ་དམག་འཐབ་བཀོད་འདོམས་ལྟེ་གནས་ལ་གཟིགས་ཞིབ་གནང་སྐབས།

ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་ལག་བསྟར་དོན་འཁྱོལ་བྱས་ཤིང་ཁྱོན་ཡོངས་ནས་དམག་སྦྱོང་བྱས་ཏེ་ཁྱིམ་སྲུང་རྒྱལ་སྐྱོབ་བྱེད་ཤུགས་ཆེ་རུ་གཏང་དགོས་ཞེས་གསུངས།


     སྤྱི་ཟླ11པའི་ཚེས8ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི། དམག་ཨུའི་མཉམ་འབྲེལ་དམག་འཐབ་བཀོད་འདོམས་ལྟེ་གནས་ཀྱི་སྤྱི་ཁྱབ་བཀོད་འདོམས་པ་ཞི་ཅིན་ཕིང་གིས་དམག་ཨུའི་མཉམ་འབྲེལ་དམག་འཐབ་བཀོད་འདོམས་ལྟེ་གནས་སུ་གཟིགས་ཞིབ་གནང་། སྐབས་གསར་པའི་དམག་ཨུས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་ལག་བསྟར་དོན་འཁྱོལ་བྱས་ཤིང་། ཁྱོན་ཡོངས་ནས་དམག་སྦྱོང་བྱས་ཏེ་ཁྱིམ་སྲུང་རྒྱལ་སྐྱོབ་བྱེད་ཤུགས་ཆེ་རུ་གཏང་རྒྱུའི་ཆོད་སེམས་གསལ་པོ་བསྟན་པ་རེད། ཁོང་གིས་དམག་ཡོངས་ཀྱིས་སེམས་ཤུགས་ཡོངས་རྫོགས་དམག་བརྒྱག་རྒྱུའི་ཐོག་གཅིག་བསྡུས་བྱས་ཏེ་ལས་དོན་ཚང་མ་དམག་བརྒྱག་རྒྱུའི་ཕྱོགས་སུ་ཤུགས་བརྒྱབ་ནས་རྒྱལ་ཁ་ལེན་པའི་འཇོན་ནུས་ཇེ་མགྱོགས་སུ་མཐོར་འདེགས་བྱས་ཏེ་དུས་རབས་གསར་པའི་རང་རེའི་དམག་གི་ལོ་རྒྱུས་ལས་འགན་ནུས་ལྡན་གྱིས་བསྒྲུབ་དགོས་ཞེས་ནན་གསུང་གནང་བ་རེད།

    ཕྱི་དྲོའི་ཆུ་ཚོད4པ་ཙམ་ལ། ཞི་ཅིན་ཕིང་དམག་ཨུའི་མཉམ་འབྲེལ་བཀོད་འདོམས་ལྟེ་གནས་སུ་ཕེབས་ནས་དང་ཐོག་དམག་ཨུའི་མཉམ་འབྲེལ་བཀོད་འདོམས་ལྟེ་གནས་ཀྱི་འབྲེལ་ཡོད་གནས་ཚུལ་གྱི་སྙན་སེང་ལ་གསན་པ་རེད།

    དེའི་རྗེས་ཞི་ཅིན་ཕིང་གིས་དམག་ཨུ་མཉམ་འབྲེལ་བཀོད་འདོམས་ལྟེ་གནས་ཀྱི་དཔོན་དམག་གི་འཐུས་མིར་བྱམས་བརྩེའི་ངང་མཇལ་འཕྲད་གནང་ནས་དམག་ཨུའི་མཉམ་འབྲེལ་བཀོད་འདོམས་ལྟེ་གནས་ཀྱི་བཀོད་འཐབ་པ་ཡོངས་ལ་ཟོལ་མེད་ཀྱི་འཚམ་འདྲི་ཞུས་པས་མ་ཚད། ཚང་མ་དང་མཉམ་དུ་དྲན་རྟེན་སྐུ་པར་ཡང་བསྐྱོན་པ་རེད།

     ཞི་ཅིན་ཕིང་གིས་ནན་གསུང་གནང་དོན། དེ་རིང་ང་དམག་ཨུའི་འགོ་ཁྲིད་ཚན་པའི་མི་སྣ་དང་མཉམ་དུ་དམག་ཨུའི་མཉམ་འབྲེལ་བཀོད་འདོམས་ལྟེ་གནས་སུ་ཡོང་དོན་ནི་སྐབས་གསར་པའི་དམག་ཨུས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙིང་དོན་ལག་བསྟར་དོན་འཁྱོལ་བྱས་ཤིང་།ཁྱོན་ཡོངས་ནས་དམག་སྦྱོང་བྱས་ཏེ་ཁྱིམ་སྲུང་རྒྱལ་སྐྱོབ་བྱེད་ཤུགས་ཆེ་རུ་གཏང་རྒྱུའི་ཆོད་སེམས་ཀྱི་རྣམ་འགྱུར་གསལ་སྟོན་ཆེད་ཡིན།

    ཞི་ཅིན་ཕིང་གིས་བསྟན་དོན། ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐོག་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྱོང་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་སྤྱི་ཡོངས་ཀྱི་གནས་ཚུལ་ལ་དམིགས་ཏེ། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་བྱ་རྒྱུའི་ཐད་འཐབ་ཇུས་བཀོད་སྒྲིག་བྱས་ནས་དམག་བཙུགས་ནས་ལོ་བརྒྱ་འཁོར་བའི་འབད་འཐབ་དམིགས་འབེན་དུས་བཀག་ལྟར་མངོན་འགྱུར་བྱ་དགོས་ཞེས་ནན་བཤད་བྱས་ཡོད་པ་རེད།དམག་ཡོངས་ཀྱིས་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུའི་བཀོད་སྒྲིག་བླང་བྱ་ལག་བསྟར་ནན་ཏན་བྱས་ཏེ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་ཡག་པོ་དང་དྲིལ་བསྒྲགས་ཡག་པོ། ལག་བསྟར་ཡག་པོ་བྱས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་དམག་སྒར་དུ་དོན་འཁྱོལ་གནད་དུ་འཁེལ་བར་འགན་ལེན་བྱས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་གྱི་རྣམ་པ་གསར་པ་གཏོད་དགོས།

    ཞི་ཅིན་ཕིང་གིས་ནན་གསུང་གནང་དོན། དེང་སྐབས། ལོ་བརྒྱའི་རིང་ལ་འཛམ་གླིང་གི་འགྱུར་ལྡོག་ཆེན་པོ་མགྱོགས་པོ་བྱུང་མེད་ནའང་། རང་རྒྱལ་གྱི་བདེ་འཇགས་དུས་བབ་བརྟན་པོ་མིན་པའི་རང་བཞིན་དང་གཏན་ཁེལ་མེད་པའི་རང་བཞིན་ཇེ་ཆེར་ཕྱིན་པར་བརྟེན། དམག་དོན་འཐབ་རྩོད་ཀྱི་ལས་འགན་དཀའ་ཚེགས་ཆེ་ལ་ལྗིད་པོ་ཡིན་པ་རེད།དམག་ཡོངས་ཀྱིས་དུས་རབས་གསར་པའི་ཏང་གི་དམག་དཔུང་སྟོབས་ལྡན་གཏོང་བའི་བསམ་བློ་ལག་ལེན་མཐར་ཕྱིན་བྱེད་པ་དང་། དུས་རབས་གསར་པའི་དམག་དོན་གྱི་འཐབ་ཇུས་བྱེད་ཕྱོགས་ལག་ལེན་མཐར་ཕྱིན་བསྟར་ནས་འཐབ་འཛིང་གི་འཇོན་ནུས་ཀྱི་རྩ་བའི་ཚད་གཞི་ཉག་ཅིག་འདི་རྒྱུན་འཁྱོངས་ནས། དམག་ཡོངས་ཀྱིས་སེམས་ཤུགས་ཡོངས་རྫོགས་དམག་བརྒྱག་རྒྱུའི་ཐོག་གཅིག་བསྡུས་བྱས་ཏེ་ལས་དོན་ཚང་མ་དམག་བརྒྱག་རྒྱུའི་ཕྱོགས་སུ་ཤུགས་བརྒྱབ་ནས་རྒྱལ་ཁ་ལེན་པའི་འཇོན་ནུས་ཇེ་མགྱོགས་སུ་མཐོར་འདེགས་བྱས་ཏེ་རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ཏེ་ཏང་དང་མི་དམངས་ཀྱིས་དཀྲིས་པའི་ལས་འགན་ཁག་ཡག་པོ་འགྲུབ་པར་བྱ་དགོས།

    ཞི་ཅིན་ཕིང་གིས་བསྟན་དོན། དམག་ཨུའི་མཉམ་འབྲེལ་བཀོད་འདོམས་ལྟེ་གནས་ནི་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུས་འཐབ་ཇུས་བཀོད་འདོམས་བྱེད་སའི་འདེགས་སྐྱོར་གལ་ཆེན་ཞིག་ཡིན་པར་བརྟེན། གནས་བབ་གལ་ཆེན་ལ་འགན་འཁྲི་གནད་ཆེན་ཡིན་པ་རེད། འགན་འཁྲིའི་ལས་འགན་སེམས་ལ་བརྟན་པོ་བཅངས་ནས་རྒྱལ་ཁབ་ཀྱི་བདེ་འཇགས་དུས་བབ་ལ་ཞིབ་འཇུག་བརྡར་ཤ་གཅོད་ཤུགས་ཆེ་རུ་གཏོང་བ་དང་།  དམག་དོན་འཐབ་རྩོད་ཀྱི་དངོས་ཡོད་ལ་ཁ་གཏད་གཅོག་ཤུགས་ཆེ་རུ་གཏོང་བ།  བཀོད་འདོམས་འཁོར་སྐྱོད་ཀྱི་ལག་ལེན་གསར་གཏོད་བྱེད་ཤུགས་ཆེ་རུ་བཏང་སྟེ་ལྷག་བསམ་རྣམ་དག་དང་དམག་འཐབ་མཁས་པ། བཀོད་འདོམས་ཀྱི་ཕན་འབྲས་མཐོ་བ།  འཐབ་ཕོད་ན་རྒྱལ་ཁབ་ལེན་དགོས་པའི་འཐབ་ཇུས་བཀོད་འདོམས་སྒྲིག་གཞི་འཛུགས་སྐྱོང་བྱེད་གང་ཐུབ་བྱས་ནས་ཁྱོན་ཡོངས་ནས་དམག་སྦྱོང་བྱས་ཏེ་ཁྱིམ་སྲུང་རྒྱལ་སྐྱོབ་བྱེད་ཤུགས་ཆེ་རུ་བཏང་སྟེ་དུས་རབས་གསར་པའི་རང་རེའི་དམག་གི་ལོ་རྒྱུས་ལས་འགན་ནུས་ལྡན་ངང་བསྒྲུབ་པར་བྱས་རྗེས་གསར་པ་དེ་བས་ཆེན་པོ་འཇོག་དགོས། 

    ཀྲང་ཡིའུ་ཞ་དང་། ཧོ་ཝེ་ཏུང་། ལི་ཧྲང་ཧྥུ། ལིའུ་ཀྲེན་ལི། མེའོ་ཧྭ། ཀྲང་ཧྲེང་མིང་བཅས་བྱེད་སྒོར་ཞུགས་ཡོད་པ་རེད།།


  • ལེ་ཚན་སྔོན་མ།:སེར་ཤུལ་རྫོང་བ་རོང་གེ་སར་ཆུ་ཚན།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།