སེར་ཤུལ་རྫོང་བ་རོང་གེ་སར་ཆུ་ཚན།

རྟ་མགྲིན་རྡོ་རྗེས་བྲིས་ཤིང་པར་བླངས།        2022-11-10

སེར་ཤུལ་རྫོང་བ་རོང་གེ་སར་ཆུ་ཚན།  

    འབྲོག་སྡེ་ཚོ་ཆེན་བཅོ་བརྒྱད་ལས་གྲུབ་པའི་རྫ་ཆུ་ཁར་གླིང་སྒྲུང་རིག་གནས་ཕུན་སུམ་ཚོགས་ཤིང་། གླིང་སྒྲུང་ལས་གསལ་བའི་ས་མིང་དང་རི་མིང་མང་དུ་ཡོད། དེ་ཡང་སེར་ཤུལ་རྫོང་ཀ་བཞི་ཡུལ་ཤོག་བ་རོང་གྲོང་སྡེ་ལ་གླིང་གེ་སར་གཙོས་དཔའ་རྟུལ་སུམ་ཅུའི་ངག་རྒྱུན་དང་མཛད་རྗེས་མཚོན་པའི་གེ་སར་མ་ཎི་རྡོ་འབུམ་དང་འབྲུག་མོའི་སྦྲ་ཤུལ། གེ་སར་དང་འབྲུག་མོ་གཉིས་ཀྱི་མིག་མངས། གེ་སར་ཆུ་ཚན་སོགས་གནའ་ཤུལ་དང་གནའ་རྫས་སོགས་བགྲང་གིས་མི་ལངས་པ་ཡོད་པ་རེད།

    རྩྭ་ཐང་གི་ཁུགས་སོར་སྐར་ཚོགས་ས་ལ་འཕོས་འདྲར་གནས་པའི་གེ་སར་ཆུ་ཚན་ནི་གླིང་རྗེ་བློན་རྣམས་ཁྲུས་ལ་ཞུགས་སའི་ཆུ་ཚན་ཡིན་པར་གྲགས་ལ། དེར་གེ་སར་ཆུ་ཚན་དང་ཁྲོ་ཐུང་ཆུ་ཚན། འབྲུག་མོའི་ཆུ་ཚན། འདན་མའི་ཆུ་ཚན་སོགས་ཆུ་ཚན་མང་པོ་ཡོད། དེ་ལས་གེ་སར་ཆུ་ཚན་གྱིས་ནད་རིགས་སྤྱི་དང་ལྷག་པར་དུ་མནོལ་གྲིབ་སོགས་མི་གཙང་བའི་རིགས་སེལ་བར་ཕན་ནུས་ལྡན་ཞིང་། ཆུ་ཚན་འདིར་སྐྱེས་པ་མ་གཏོགས་བུད་མེད་ཁྲུས་ལ་འཇུག་སྲོལ་མེད། ཁྲོ་ཐུང་ཆུ་ཚན་གྱིས་གྲིབ་གདོན་སོགས་ཀྱི་ནད་རིགས་ལ་ཕན་ནུས་ཆེ་ཞིང་དྲོད་ཚད་ཤིན་ཏུ་མཐོ། འབྲུག་མོའི་ཆུ་ཚན་གྱིས་མོ་ནད་དང་མཁལ་མའི་ནད་རིགས་སོགས་ལ་ཕན། ཆུ་ཚན་སོ་སོར་རང་རང་གི་ཕན་ནུས་དང་དྲོད་གྲང་གི་ཁྱད་ཆོས་ཡོད་པས་གནས་དེའི་རྒྱ་ཆེའི་མང་ཚོགས་རྣམས་ཀྱིས་ལུས་ཀྱི་ངལ་དུབ་སེལ་བ་དང་རང་སོའི་ནད་གཞིར་བསྟུན་ནས་ཁྲུས་ལ་འཇུག་སྲོལ་ཡོད་པ་རེད་དོ།།

སེར་ཤུལ་རྫོང་བ་རོང་གེ་སར་ཆུ་ཚན།
སེར་ཤུལ་རྫོང་བ་རོང་གེ་སར་ཆུ་ཚན།
སེར་ཤུལ་རྫོང་བ་རོང་གེ་སར་ཆུ་ཚན།
སེར་ཤུལ་རྫོང་བ་རོང་གེ་སར་ཆུ་ཚན།
སེར་ཤུལ་རྫོང་བ་རོང་གེ་སར་ཆུ་ཚན།
སེར་ཤུལ་རྫོང་བ་རོང་གེ་སར་ཆུ་ཚན།


  • ལེ་ཚན་སྔོན་མ།:ལི་ཐང་རྫོང་གིས་དམངས་ཕན་ལས་ཀ་འདི་འདྲ་སྒྲུབ་བཞིན་འདུག།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།