ལི་ཐང་རྫོང་གིས་དམངས་ཕན་ལས་ཀ་འདི་འདྲ་སྒྲུབ་བཞིན་འདུག།

བདེ་ཆེན་གྱིས་བསྒྱུར།        2022-11-10

  ང་ནི་ད་ལོར་མཐར་ཕྱིན་པའི་སློབ་མ་ཞིག་ཡིན། དེ་རིང་རང་ཉིད་ལ་ཚོད་ལྟ་ཞིག་ཐེངས་ཤིག་བྱ་རྒྱུའི་སེམས་པ་བཅངས་ནས་ཡུལ་དངོས་གདན་ཞུའི་ཚོགས་འདུར་ལས་ཀ་བཙལ་དུ་ཡོང་བ་ཡིན། མཐར་རང་ཉིད་ཀྱི་བློར་འབབ་པའི་ལས་ཀ་ཞིག་རྙེད་བྱུང་། ཞེས་གཡག་རྔ་ལས་རིགས་སློབ་གླིང་ནས་སློབ་མཐར་ཕྱིན་པའི་ལི་ཐང་རྫོང་དགའ་བ་ཡུལ་ཤོག་རི་ཤུལ་གྲོང་སྡེའི་གྲོང་མི་སྒྲོལ་མ་ཆོས་འཛོམས་ཀྱིས་ལི་ཐང་རྫོང2022ལོའི་ཡུལ་དངོས་གདན་ཞུའི་ཚོགས་འདུར་དགའ་སྤྲོའི་ངང་དེ་ལྟར་བཤད་པ་རེད། ཉིན་དེར་ཁོ་དང་འདྲ་བའི་ལས་ཞུགས་ཀྱི་འདུན་པ་ཡོད་པའི་ལས་ཀ་འཚོལ་མཁན203ཡོད་པ་རེད།

ལི་ཐང་རྫོང་གིས་དམངས་ཕན་ལས་ཀ་འདི་འདྲ་སྒྲུབ་བཞིན་འདུག།

   སྤྱི་ཟླ11པའི་ཚེས5ཉིན། ལི་ཐང་རྫོང་ཨུ་དང་རྫོང་སྲིད་གཞུང་། དཀར་མཛེས་ཁུལ་ཤེས་ལྡན་མི་སྣའི་སྤེལ་རེས་དང་ལས་ཞུགས་ཞབས་ཞུ་ཅུས་ཀྱིས་གཙོ་གཉེར་བྱས་པའི་ལི་ཐང་རྫོང2022ལོའི་ཡུལ་དངོས་གདན་ཞུའི་ཚོགས་འདུ་རྫོང་མཁར་གེ་སར་ཐང་ཆེན་དུ་འཚོགས། ལི་ཐང་རྫོང་གི་ཡུལ་ཤོག་དང་གྲོང་རྡལ22དང་སྤྱི་ཁུལ།    གྲོང་ནུབ་གནས་སྤོས་ཡུལ་མི་བཀོད་སྒྲིག་བྱ་ཡུལ་གྱི་ཞིང་འབྲོག་མང་ཚོགས། སློབ་ཆེན་དང་འབྲིང་རིམ་ཆེད་ལས་སློབ་གྲྭའི་སློབ་ཐོན་སློབ་མ། གཞོན་ནུ་ལས་སྒུག་པ་སོགས་གྲོང་སྡེ་དང་ཡུལ་ཤོག་གི་ལས་ཞུགས་མི་སྣ་ཐེངས་འདིའི་གདན་ཞུའི་ཚོགས་འདུར་ཞུགས་པ་རེད།

   ད་ཐེངས་ཀྱི་གདན་ཞུའི་ཚོགས་འདུ་ནང་ཤར་ནུབ་ཕྱོགས་ཀྱི་ཁ་གཏད་རོགས་སྐྱོར་བྱེད་པའི་ཀྲེ་ཅང་ཞིང་ཆེན་ཧང་ཀྲོའུ་གྲོང་ཁྱེར་ཆན་ཐང་ཆུས་དང་ཞིང་ཆེན་ནང་ཁུལ་གྱི་ཁ་གཏད་རོགས་སྐྱོར་བྱེད་མཁན་ཁྲེང་ཏུའུ་གྲོང་ཁྱེར་ཤིན་ཏུའུ་ཆུས། ཅིན་ཐང་རྫོང་དང་རང་ཁུལ་གྱི་རྫོང་རང་གི་ཁེ་ལས་ཁྱོན་བསྡོམས60ལྷག་ཡོང་བ་རེད།ལས་ཀའི་ནང་བཀོལ་སྤྱོད་བཟོ་པ་དང་ཐོན་སྐྱེད་ལག་རྩལ་པ།འདེགས་འབེབས་དབོར་འདྲེན་བཟོ་པ། ཞབས་ཞུའི་ལས་རིགས་སོགས་ཁྱབ་ཁོངས་མང་པོའི་ལས་གནས2300ལྷག་ཚུད་པ་དང་། ལས་ཀ་འཚོལ་མཁན་ལ་སྣ་མང་གདམ་གསེས་ཀྱི་བར་མཐོངས་དང་ལས་ཞུགས་གོ་སྐབས་སྤྲད་ཡོད་པ་རེད།

ལི་ཐང་རྫོང་གིས་དམངས་ཕན་ལས་ཀ་འདི་འདྲ་སྒྲུབ་བཞིན་འདུག།

   མ་འོངས་པར་ང་ཚོས་མུ་མཐུད་ནས་དྲྭ་ཐོག་དྲྭ་ཕྱིའི་གདན་ཞུའི་བྱེད་སྒོ་སྤེལ་བ་དང་། ཡུལ་ཤོག་དང་གྲོང་རྡལ་ཁག་གི་རྩལ་ནུས་གསོ་སྦྱོང་གོ་སྐབས་དམ་འཛིན་བྱེད་པ་དང། སྲིད་ཇུས་དང་ལས་གནས་སྣ་ཚོགས་ཡུལ་ཤོག་ཏུ་བསྐྱོད་པའི་བྱེད་སྒོ་སྤེལ་ཏེ། མུ་མཐུད་ནས་གཞི་རིམ་གྱི་ལས་ཞུགས་ཞབས་ཞུའི་སྐར་ཁུང་ལ་བརྟེན་ནས་ལས་ཞུགས་ལས་རོགས་པའི་འབྲེལ་ཟམ་ནུས་པ་འདོན་སྤེལ་གང་ལེགས་བཅས་བྱས་ཤིང་། ལས་ཞུགས་རོགས་སྐྱོར་ལས་དོན་ལ་ཕན་འབྲས་ཆེན་པོ་ཐོབ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་ལི་ཐང་རྫོང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱི་ཅུས་ཀྲང་སྐལ་བཟང་སྒྲོལ་མས་དེ་ལྟར་བཤད་པ་རེད།།


  • ལེ་ཚན་སྔོན་མ།:མཐོ་སྒང་གི་ཀུ་ཤུར་དྲི་ཞིམ་ལྡན།། མཛད་སྤྱོད་རོགས་སྐྱོར་བྱས་ནས་ཡོང་འབབ་འཕར།།
  • ལེ་ཚན་རྗེས་མ།:སེར་ཤུལ་རྫོང་བ་རོང་གེ་སར་ཆུ་ཚན།
  • དོ་སྣང་ཆེ་བའི་རྩོམ།