རང་ཁུལ་གྱི་རྩོམ་པ་པོ་གཉིས་ལ་བྱ་དགའ་འདི་ཐོབ་པར་རྟེན་འབྲེལ་ཞུ།

རྣམ་སྲས་དང་ཨོ་རྒྱན།        2022-11-15

    སྤྱི་ཟླ11པའི་ཚེས12ཉིན། རྩོམ་རིག་གི་ཡང་རྩེར་སྐྱོད་པ་ཞེས་པའི་སི་ཁྲོན་རྩོམ་རིག་བྱ་དགའ་སྐབས་བཅུ་པ་དང་། སི་ཁྲོན་ཞིང་ཆེན་གྲངས་ཉུང་མི་རིགས་རྩོམ་རིག་གསར་རྩོམ་སྐབས་བརྒྱད་པའི་བརྩམས་ཆོས་ཕུལ་བྱུང་གི་བྱ་དགའ་སྤྲོད་པའི་མཛད་སྒོ་མེན་ཧྲན་དུ་གཉེར་བ་རེད། སི་ཁྲོན་རྩོམ་རིག་བྱ་དགའ་ཐོབ་པའི་བརྩམས་ཆོས19དང་སི་ཁྲོན་ཞིང་ཆེན་གྲངས་ཉུང་མི་རིགས་རྩོམ་རིག་གསར་རྩོམ་གྱི་བརྩམས་ཆོས་ཕུལ་བྱུང་བྱ་དགའ་ཐོབ་པའི་བརྩམས་ཆོས13ལ་གཟེངས་བསྟོད་ཐོབ་པའི་ཁྲོད་རང་ཁུལ་གྱི་རྩོམ་པ་པོ་གངས་དབང་བཀྲ་ཤིས་ཀྱི་རང་ཡུལ་རང་གིས་བསྐོར་བའི་སྐྱིད་སྡུག་ཅེས་པའི་བརྩམས་ཆོས་དང་། རྣམ་ཚེ་རིང་གི་རི་ཁུག་འབྲོག་ར་ཞེས་པའི་བརྩམས་ཆོས་གཉིས་ལ་སི་ཁྲོན་ཞིང་ཆེན་གྲངས་ཉུང་མི་རིགས་རྩོམ་རིག་གསར་རྩོམ་སྐབས་བརྒྱད་པའི་བརྩམས་ཆོས་ཕུལ་བྱུང་གི་བྱ་དགའ་ཐོབ་པ་རེད།

རང་ཁུལ་གྱི་རྩོམ་པ་པོ་གཉིས་ལ་བྱ་དགའ་འདི་ཐོབ་པར་རྟེན་འབྲེལ་ཞུ།

 རང་ཁུལ་གྱི་རྩོམ་པ་པོ་གཉིས་ལ་བྱ་དགའ་འདི་ཐོབ་པར་རྟེན་འབྲེལ་ཞུ།

གངས་དབང་བཀྲ་ཤིས་དང《རང་ཡུལ་རང་གིས་བསྐོར་བའི་སྐྱིད་སྡུག》 

     གངས་དབང་བཀྲ་ཤིས། ཁམས་ཉག་ཆུ་རྫོང་གི་རོང་ས་ཞིག་ནས་སྐྱེས། སློབ་གྲྭ་ཆུང་འབྲིང་ཆེ་གསུམ་རིམ་གྱིས་བརྒྱུད་ནས། སློབ་ཆེན་ལས་མཐར་ཕྱིན་རྗེས། ལོ་བཅོ་ལྔའི་རིང་ལ་དར་རྩེ་མདོ་ར་རྔ་ཁ་བོད་ཡིག་སློབ་འབྲིང་དུ་དགེ་རྒན་བྱས། གསར་རྩོམ་གྱི་ལས་ལ་ཞུགས་ནས《སྦྲང་ཆར》《བོད་ཀྱི་རྩོམ་རིག་སྒྱུ་རྩལ།》《གངས་ལྗོངས་ཉི་གཞོན》《གངས་རྒྱན་མེ་ཏོག》《མི་རིགས》《རང་གྲོལ》《གངས་དཀར་རི་བོ》《ཤྭ་སྐྱ》《མཚོ་སྔོན་རྩོམ་རིག་སྒྱུ་རྩལ》ཀྲུང་གོའི་བོད་ཀྱི་དྲ་བ། ཁམས་ཀྱི་དྲ་བ་སོགས་བོད་ཁམས་ཀྱི་དུས་དེབ་དང་དྲ་བ་སོགས་སུ་བརྩམས་ཆོས་མང་པོ་སྤེལ། ད་ལྟར་ཀྲུང་གོའི་གྲངས་ཉུང་མི་རིགས་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི། སི་ཁྲོན་ཞིང་ཆེན་དང་དཀར་མཛེས་ཁུལ་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི། དཀར་མཛེས་ཉིན་རེའི་ཚགས་པར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ། གངས་དཀར་རི་བོ་དུས་དེབ་ཁང་གི་གདན་ཞུ་གཙོ་སྒྲིག་པ་བཅས་ཀྱི་འགན་གཅིག་ལྕོགས་སུ་བཞེས་བཞིན་ཡོད། ད་བར་རིག་གནས་ལྷུག་རྩོམ《རང་ཡུལ་རང་གིས་བསྐོར་བའི་སྐྱིད་སྡུག》དང་ལྷུག་རྩོམ《ཕྱིར་ལོག་པའི་ལམ་དུ》《གངས་རི་ལ་དབང་བའི་ཁ་བའི་འདབ་མ》བཅས་བརྩམས་ཆོས་པོད་གསུམ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་དང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་དཔར་དུ་བསྐྲུན། སྤྱི་ལོ2018ལོ་དང2021ལོར་སི་ཁྲོན་ཞིང་ཆེན་གྱི་སྐབས་བདུན་པ་དང་སྐབས་བརྒྱད་པའི་གྲངས་ཉུང་མི་རིགས་རྩོམ་རིག་བྱ་དགའ་ཐོབ། ད་ལྟར་མི་ཉག་དར་རྩེ་མདོ་རུ་ཚགས་པར་དང་དུས་དེབ། དྲ་བ་བཅས་ཀྱི་ལས་ཀ་སྒྲུབ་ཞོར་དུ་མུ་མཐུད་ནས《རང་ཡུལ་རང་གིས་བསྐོར་བའི་སྐྱིད་སྡུག》ཅེས་པའི་མུ་འབྲེལ་རིག་གནས་ལྷུག་རྩོམ་ལ་འབད་བཞིན་ཡོད།

རང་ཁུལ་གྱི་རྩོམ་པ་པོ་གཉིས་ལ་བྱ་དགའ་འདི་ཐོབ་པར་རྟེན་འབྲེལ་ཞུ། 

     གངས་དབང་བཀྲ་ཤིས་ཀྱིས་གསར་འགོད་པར་ཐེངས་འདིར《རང་ཡུལ་རང་གིས་བསྐོར་བའི་སྐྱིད་སྡུག》ལ་སི་ཁྲོན་ཞིང་ཆེན་གྲངས་ཉུང་མི་རིགས་རྩོམ་རིག་གསར་རྩོམ་སྐབས་བརྒྱད་པའི་བརྩམས་ཆོས་ཕུལ་བྱུང་བྱ་དགའ་ཐོབ་པ་རེད། དེ་ནི་བདག་ལ་སྐུལ་ལྕག་ཐེངས་ཤིག་གནང་བ་ཡིན་ལ། ངའི་གསར་རྩོམ་ལ་ཞུགས་པའི་གོ་རིམ་ཁྲོད་དུ་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་དང་། ཁུལ་ཨུའི་དྲིལ་བསྒྲགས་པུའུ། ཁུལ་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས། དཀར་མཛེས་ཉིན་རེའི་ཚགས་པར་ཁང་བཅས་ཀྱིས་རྒྱབ་སྐྱོར་དང་ཡིད་ཆེས་གནང་བའི་ཐུགས་རྗེ་ལས་གྲུབ་པ་ཡིན་པས་བཀའ་དྲིན་ཞུ་བཞིན་ཡོད། རང་ཉིད་ཀྱི་རྩོམ་རིག་གསར་རྩོམ་ནི་གཙོ་བོ་གསར་འགྱུར་ལས་དོན་པ་དང་། རིག་གནས་ཞིབ་འཇུག་པ། བསམ་གཞིག་རྩོད་གླེང་པ་བཅས་རིགས་གསུམ་གྱི་ལམ་ནས་དཀར་མཛེས་ཁུལ་གྱི་དོན་དངོས་དང་ལོ་རྒྱུས་ལ་ཞིབ་ལྟ་བྱས་ནས་གྲུབ་པ་ཞིག་ཡིན་ལ་འཚོ་བའི་ཁྲོད་མེད་དུ་མི་རུང་བའི་གྲུབ་ཆ་ཞིག་ཀྱང་ཡིན། མ་འོངས་པར་མུ་མཐུད་ནས་ཡུལ་དངོས་རྡོག་པས་མནན་པ་དང་དཔེ་ཀློག་ཐོས་བསམ་གཉིས་ཟུང་དུ་སྦྲེལ་ནས《རང་ཡུལ་རང་གིས་བསྐོར་བའི་སྐྱིད་སྡུག》གི་མུ་འབྲེལ་ལྷུག་རྩོམ་རིང་མོའི་རྒྱུན་བསྐྱང་རྒྱུ་ཞེས་བཤད།

རང་ཁུལ་གྱི་རྩོམ་པ་པོ་གཉིས་ལ་བྱ་དགའ་འདི་ཐོབ་པར་རྟེན་འབྲེལ་ཞུ།

     རང་ཡུལ་རང་གིས་བསྐོར་བའི་སྐྱིད་སྡུག་ཅེས་པའི་བརྩམས་ཆོས་ནི་གནའ་ཤུལ་དང་རི་གྲོང་སོགས་ཡུལ་གྲུ་ཁག་གི་ཡུལ་དངོས་སུ་བསྐྱོད་ནས་བརྟག་ཞིབ་དང་མང་ཚོགས་དང་འབྲེལ་འདྲིས་བྱས་ནས་རྒྱུ་ཆ་འཚོལ་བསྡུ་ལས་གྲུབ་པའི་བརྗོད་བྱ་རྗོད་བྱེད་ཕུན་སུམ་ཚོགས་པའི་བརྩམས་ཆོས་ཁག་གིས་གྲུབ་པ་ཞིག་ཡིན་ལ། རྩོམ་པ་པོ་ཁོང་གིས་རང་བྱུང་ལུགས་ཀྱི་འབྲི་ཐབས་སྤྱད་དེ་ཕ་ཡུལ་གྱི་མིའི་འཚོ་གནས་དང་སྐྱེ་འཆི། དགའ་སྐྱོ་ཆགས་སྡང་མཚོན་ཡོད། ཁོང་གི་སྨྱུག་རྩེ་ལས་ལོ་རྒྱུས་མཐོང་བའི་མཁྱེན་རྒྱ་དང་མ་འོངས་གཟིགས་པའི་བསམ་གཞིགས་སོགས་གསལ་ནས་ཡོད་ལ། ཁོང་གི་བརྩམས་ཆོས་ཁག་ལས་ཕ་སྐད་ཀྱི་མཛེས་པ་ལྷག་ཏུ་དོད་ཡོད། ཁོང་གིས་ཕ་སྐད་ཀྱི་དང་བ་ནི་ཨ་མའི་རང་གཤིས་ལྟར་ཁྱབ་པའི་སྐྱེན་ཡང་གི་མཛེས་པ་སྟེ། ངའི་བརྩེ་བའི་དྭངས་རྩེ་ཡིན། ཕ་སྐད་ལ་དགའ་བ་ནི། མ་ཡུམ་ལ་དུངས་པ་ཇི་བཞིན་རང་ཉིད་ཀྱི་རིག་པའི་གནས་གཞིར་ཞེན་པ་ཡིན། བརྩེ་བ་འདིས་མཛེས་སྡུག་བསྲུངས་ཡོད་ལ། དུངས་བ་འདིས་མཛེས་པ་གཅིག་ཏུ་བསྡུས་ནས་སྨྱུག་རྩེ་ན་ཟགས་པའི་ཡི་གེར་གྱུར་ཡོད་ཅེས་བཤད།  

རྣམ་ཚེ་རིང་དང《རི་ཁུག་འབྲོག་ར》

རང་ཁུལ་གྱི་རྩོམ་པ་པོ་གཉིས་ལ་བྱ་དགའ་འདི་ཐོབ་པར་རྟེན་འབྲེལ་ཞུ།

 

     རྣམ་ཚེ་རིང་ནི་དཀར་མཛེས་ཁུལ་བརྒྱད་ཟིལ་རྫོང་གི་མི་ཡིན། ཀྲུང་གོ་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི་དང་། ལུའུ་ཞུན་རྩོམ་རིག་སློབ་གླིང་གྲངས་ཉུང་མི་རིགས་གསར་རྩོམ་འཛིན་གྲྭའི་སློབ་མ། པ་ཅིན་རྩོམ་རིག་སློབ་གླིང་གི་གན་རྒྱ་བཞག་པའི་རྩོམ་པ་པོ་ཡིན། སྔ་ཕྱིར་ལྷུག་རྩོམ་དང་། བརྩམས་སྒྲུང་། སྙན་ཞུའི་རྩོམ་རིག་བཅས《མི་དམངས་ཉིན་རེའི་ཚགས་པར》དང་།《འོད་ཟེར་ཉིན་རེའི་ཚགས་པར》《རིག་རྩལ་ཚགས་པར》《ལྷུག་རྩོམ》《མི་རིགས་རྩོམ་རིག》སོགས་ཚགས་པར་དང་དུས་དེབ་ཐོག་སྤེལ་ཡོད། 

     སྔ་ཕྱིར《རྒྱང་རིང་གི་ཆུང་མ》དང《མེ་ཏོག་གིས་བརྒྱན་པའི་ཤྭ་བ》《རི་ཁུག་འབྲོག་ར》《མེ་གཞོང་འགྲམ་གྱི་འཕྲིན》སོགས་བརྩམས་ཆོས་མང་པོ་དཔར་དུ་བསྐྲུན་ཡོད་ལ། རྒྱལ་ཡོངས་ཀྱི་སུན་ལི་ལྷུག་རྩོམ་བྱ་དགའ་དང་། སི་ཁྲོན་ཞིང་ཆེན་གྱི་གྲངས་ཉུང་མི་རིགས་རྩོམ་རིག་བྱ་དགའ། ཀྲུང་གོ་ཚགས་པར་གྱི་ལྷུག་རྩོམ་བྱ་དགའ། རྒྱལ་ཡོངས་གཞོན་ནུའི་ལྷུག་རྩོམ་འགྲན་སྡུར་ཆེན་མོ་སྐབས་བཞི་པའི་གསེར་གྱི་བྱ་དགའ་སོགས་ཐོབ་མྱོང་།

     སྤྱི་ལོ2018ལོར། དཀར་མཛེས་ཁུལ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྒྲིག་འཛུགས་བྱས་པའི“གནས་མཆོག་དཀར་མཛེས”ཞེས་པའི་རྩོམ་རིག་དཔེ་ཚོགས་གསར་རྩོམ་འཆར་གཞིའི་ནང་ཞུགས། སྐབས་དེའི་དབྱར་ཁར་ཁོ་རི་སྒང་དུ་གནས་པའི་འབྲོག་རར་བསྐྱོད་དེ་གཅུང་མོ་ཚོ་དང་མཉམ་དུ་སྲོལ་རྒྱུན་གྱིས་ནོར་གནག་འཚོ་སྐྱོང་བྱེད་པའི་འཚོ་བ་ཆ་ཚང་ཞིག་བསྐྱལ་བར་མ་ཟད།《རི་ཁུག་འབྲོག་ར》ཞེས་པའི་བརྩམས་ཆོས་ལེགས་པར་གྲུབ། བརྩམས་ཆོས་འདི་ལ་སི་ཁྲོན་ཞིང་ཆེན་གྱི་གྲངས་ཉུང་མི་རིགས་རྩོམ་རིག་གསར་རྩོམ་སྐབས་བརྒྱད་པའི་བརྩམས་ཆོས་ཕུལ་བྱུང་གི་བྱ་དགའ་ཐོབ། རྣམ་ཚེ་རིང་གིས་སི་ཁྲོན་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་ཀྱིས་གྲངས་ཉུང་མི་རིགས་ཀྱི་རྩོམ་པ་པོར་ཐུགས་ཁུར་དང་སྐུལ་ལྕག་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཨའོ་ཀུའུ་སི་ཏིང་གིས་ཁ་སང་ནི་འདས་ཟིན་ཡང་སང་ཉིན་ད་དུང་བསླེབ་མེད། དེ་རིང་ནི་ལེགས་སྐྱེས་ཤིག་རེད་ཅེས་བཤད་པ་ལྟར། རང་ཉིད་ཀྱི་ངོས་ནས་བརྗོད་ན་བྱ་དགའ་དེ་གསར་རྩོམ་ལམ་བུའི་ལེགས་སྐྱེས་ཤིག་ཅི་ལ་མིན་ཞེས་བཤད།

རང་ཁུལ་གྱི་རྩོམ་པ་པོ་གཉིས་ལ་བྱ་དགའ་འདི་ཐོབ་པར་རྟེན་འབྲེལ་ཞུ། 

     《རི་ཁུག་འབྲོག་ར》རུ་རྩོམ་པ་པོས་བརྩེ་བ་ཟབ་མོ་དང་ཞིབ་ཚགས་ཀྱི་སྒོ་ནས་སྐྱེ་དངོས་ཐམས་ཅད་ལ་དད་ཅིང་རང་བྱུང་ལ་གཅེས་པའི་ཕྱུགས་རྫི་དང་རི་བོ་མཐོན་པོའི་མཛེས་སྡུག་བཅས་སྣོད་བཅུད་གཉིས་འཆམ་མཐུན་མཉམ་གནས་ཀྱི་རྣམ་པ་བཀོད་ཡོད་ལ། འོ་མ་དཀྲོགས་ནས་མར་ལེན་པ་དང་། ཐབ་ལ་མེ་སྦར་ནས་འོ་མ་བསྐོལ་བ་དང་ཆུར་བ་ལེན་པ་སོགས་འོ་མའི་ཐོན་རྫས་བཟོ་བའི་གོ་རིམ་ཧྲིལ་པོ་བརྗོད་པ་དང་། བེའུ་གསར་སྐྱེས་ལ་རྣ་ཏོག་དམར་པོ་བཏགས་ནས་ཚེ་ཐར་བཏང་བ། ལུག་སོག་གིས་མོ་བཏབ་སྟེ་ནོར་གནག་འཚོལ་བ། རྨི་ལམ་ནང་གི་བྱང་ཆུབ་ཤིང་གི་མེ་ཏོག་སྣམ་རིས་སུ་འཐག་པ་སོགས་ཡུལ་སྲོལ་དང་ལོ་རྒྱུས། གོམས་གཤིས་སོགས་ཁྱད་ཆོས་ཐུན་མོང་མ་ཡིན་པ་ལྡན་པའི་གཅུང་མོའི་ཁྱིམ་གྱི་རི་ཁུག་གི་འབྲོག་ར་འདིའི་རྣམ་པ་རྩོམ་པ་པོའི་སྨྱུག་རྩེ་ལས་དྲངས་ཏེ་ཕྱི་རོལ་ལ་ཐོག་མར་བསྟན་པ་རེད།

རང་ཁུལ་གྱི་རྩོམ་པ་པོ་གཉིས་ལ་བྱ་དགའ་འདི་ཐོབ་པར་རྟེན་འབྲེལ་ཞུ། 

      རྒྱུས་ལོན་བྱུང་བ་ལྟར་ན། སི་ཁྲོན་རྩོམ་རིག་བྱ་དགའ་དང་སི་ཁྲོན་ཞིང་ཆེན་གྲངས་ཉུང་མི་རིགས་རྩོམ་རིག་གསར་རྩོམ་བརྩམས་ཆོས་ཕུལ་བྱུང་བྱ་དགའ་ནི་ལོ་གསུམ་རེ་ལ་ཐེངས་རེ་སྤྲོད་བཞིན་ཡོད་ལ། རང་རེ་ཞིང་ཆེན་གྱི་གཟེངས་བསྟོད་ཆེས་མཐོ་བའི་ཞིང་ཆེན་རིམ་པའི་རྩོམ་རིག་བྱ་དགའ་ཞིག་ཡིན། ཐེངས་འདིར་བརྩམས་ཆོས32ལ་བྱ་དགའ་ཐོབ་ཡོད་ཅིང་། འདི་ནི་ལོ་གསུམ་རིང་གི་སི་ཁྲོན་རྩོམ་རིག་འཕེལ་རྒྱས་ཀྱི་གྲུབ་འབྲས་ཤིག་ཡིན།

 



  • ལེ་ཚན་སྔོན་མ།:ཀྲའོ་ཅུན་མིང་གིས་རང་ཁུལ་དུ་སྒྲོག་འགྲེལ་དང་རྟོག་ཞིབ་གནང་།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།