ཞི་ཅིན་ཕིང་གིས་རྒྱལ་ཁབ་ཀྲུའུ་ཞིའི་བཀའ་རྒྱར་མིང་རྟགས་བཀོད།

ནོར་བུས་བསྒྱུར།        2022-11-01

     སྤྱི་ཟླ10ཚེས30ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨང༡༢༢པ་དང་ཨང༡༢༣པ། ཨང༡༢༤པ། ཨང༡༢༥པ་བཅས་ཀྱི་ཀྲུའུ་ཞིའི་བཀའ་རྒྱ་ལ་མིང་རྟགས་བཀོད་པ་རེད།

     ཨང༡༢༢པའི་ཀྲུའུ་ཞིའི་བཀའ་རྒྱ་ནི།《བུད་མེད་ཀྱི་ཁེ་དབང་འགན་སྲུང་བྱེད་ཕྱོགས་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས།》འདི2022ལོའི་སྤྱི་ཟླ10ཚེས30ཉིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་སོ་བདུན་པའི་ཐོག་བཟོ་བཅོས་བརྒྱབ་ནས་གྲོས་འཆམ་བྱུང་། ད་ལྟ་སྤྱི་བསྒྲགས་བྱས་ཏེ2023ལོའི་སྤྱི་ཟླ་དང་པོའི་ཚེས1ཉིན་ནས་ལག་ལེན་བསྟར་རྒྱུ།

     ཨང༡༢༣པའི་ཀྲུའུ་ཞིའི་བཀའ་རྒྱ་ནི།《རྨ་ཆུའི་སྲུང་སྐྱོང་བྱེད་ཕྱོགས་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས།》འདི2022ལོའི་སྤྱི་ཟླ10ཚེས30ཉིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་སོ་བདུན་པའི་ཐོག་གྲོས་འཆམ་བྱུང་། ད་ལྟ་སྤྱི་བསྒྲགས་བྱས་ཏེ2023ལོའི་སྤྱི་ཟླ4ཚེས1ཉིན་ནས་ལག་ལེན་བསྟར་རྒྱུ།

     ཨང༡༢༤པའི་ཀྲུའུ་ཞིའི་བཀའ་རྒྱ་ནི།《ཕྱུགས་ལས་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས།》འདི2022ལོའི་སྤྱི་ཟླ10ཚེས30ཉིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་སོ་བདུན་པའི་ཐོག་བཟོ་བཅོས་བརྒྱབ་ནས་གྲོས་འཆམ་བྱུང་། ད་ལྟ་སྤྱི་བསྒྲགས་བྱས་ཏེ2023ལོའི་སྤྱི་ཟླ3ཚེས1ཉིན་ནས་ལག་ལེན་བསྟར་རྒྱུ། 

    ཨང༡༢༥པའི་ཀྲུའུ་ཞིའི་བཀའ་རྒྱ་ནི། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་སོ་བདུན་པའི་ཐོག་སྟེ2022ལོའི་སྤྱི་ཟླ10ཚེས30ཉིན་གྱི་གཏན་འབེབས་ལ་གཞིགས་ནས། ཁྲེན་ཝུན་ཆིང་གི་རྒྱལ་ཁབ་བདེ་འཇགས་པུའུ་ཡི་པུའུ་ཀྲང་གི་གོ་གནས་འཐེན་པ་དང་། ཁྲེན་དབྱི་ཞིན་རྒྱལ་ཁབ་བདེ་འཇགས་པུའུ་ཡི་པུའུ་ཀྲང་ལ་བསྐོ་གཞག་བྱ་རྒྱུ།


  • ལེ་ཚན་སྔོན་མ།:སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ཨུ་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་སོ་བདུན་པ་པེ་ཅིན་དུ་མཇུག་སྒྲིལ།
  • ལེ་ཚན་རྗེས་མ།:ཞི་ཅིན་ཕིང་གིས་ཧྲའན་ཞི་ཡན་ཨན་དང་ཧོ་ནན་ཨན་དབྱང་དུ་གཟིགས་ཞིབ་གནང་་།
  • དོ་སྣང་ཆེ་བའི་རྩོམ།