སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ཨུ་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་སོ་བདུན་པ་པེ་ཅིན་དུ་མཇུག་སྒྲིལ།

    མི་དམངས་དྲ་བ།    2022-11-01

    སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ཨུ་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་སོ་བདུན་པ་པེ་ཅིན་དུ་མཇུག་སྒྲིལ་བ་དང་། གསར་དུ་བཟོ་བཅོས་བརྒྱབ་པའི་བུད་མེད་ཀྱི་ཁེ་དབང་འགན་སྲུང་བཅའ་ཁྲིམས་དང་རྨ་ཆུའི་སྲུང་སྐྱོང་བཅའ་ཁྲིམས་སོགས་ལ་གྲོས་འཆམ་བྱུང་། ཁྲིན་དབྱི་ཞིན་རྒྱལ་ཁབ་བདེ་འཇགས་པུའུ་ཡི་པུའུ་ཀྲང་དུ་བསྐོས་པ་དང་། ཞི་ཅིན་ཕིང་གིས་ཀྲུའུ་ཞི་བཀའ་རྒྱར་མིང་རྟགས་བཀོད། ལི་ཀྲན་ཧྲུའུ་ཡིས་གྲོས་ཚོགས་ལ་མགོ་འཛིན་གནང་།

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ཨུ་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་སོ་བདུན་པ་ཚེས30ཉིན་གྱི་སྔ་དྲོར་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་ནས་མཇུག་སྒྲིལ། གྲོས་ཚོགས་ཀྱིས་གསར་དུ་བཟོ་བཅོས་བརྒྱབ་པའི་བུད་མེད་ཀྱི་ཁེ་དབང་འགན་སྲུང་བཅའ་ཁྲིམས་དང་རྨ་ཆུའི་སྲུང་སྐྱོང་བཅའ་ཁྲིམས། གསར་དུ་བཟོ་བཅོས་བརྒྱབ་པའི་ཕྱུགས་ཟོག་བཅའ་ཁྲིམས་བཅས་ལ་གྲོས་འཆམ་བྱུང་ཞིང་། ཁྲིན་ཝུན་ཆིན་གྱི་རྒྱལ་ཁབ་བདེ་འཇགས་པུའུ་ཡི་པུའུ་ཀྲང་གི་གོ་གནས་ཕྱིར་འཐེན་བྱས་པ་དང་། ཁྲིན་དབྱི་ཞིན་རྒྱལ་ཁབ་བདེ་འཇགས་པུའུ་ཡི་པུའུ་ཀྲང་དུ་བསྐོས། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སོ་སོར་ཀྲུའུ་ཞིའི་བཀའ་རྒྱ་ཨང122དང123།124། 125བཅས་ལ་མིང་རྟགས་བཀོད། ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་ཡིས་གྲོས་ཚོགས་ལ་མགོ་འཛིན་གནང་།

     རྒྱུན་ཨུ་ལྷན་ཚོགས་ཀྱི་ཁོངས་མི132གྲོས་ཚོགས་ལ་ཞུགས་པ་དང་། གྲོས་ཞུགས་མི་གྲངས་ཁྲིམས་ལུགས་ཀྱི་གཏན་འཁེལ་བྱས་པའི་མི་གྲངས་དང་མཐུན།

     གྲོས་ཚོགས་ཀྱིས་རྒྱལ་ཡོངས་དམངས་ཆེན་རྒྱུན་ཨུ་ལྷན་ཚོགས་ཀྱིས་ཆོག་མཆན་གནང་བའི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཁིན་ནི་ཡ་སྤྱི་མཐུན་རྒྱལ་ཁབ་གཉིས་ཀྱི་ཉེས་དོན་ཁྲིམས་འཛིན་རོགས་འདེགས་སྐོར་གྱི་ཆིངས་ཡིག》གི་ཐག་གཅོད་ལ་གྲོས་འཆམ་བྱུང་བ་དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཀང་གོ་སྤྱི་མཐུན་རྒྱལ་ཁབ་གཉིས་ཀྱི་ཉེས་དོན་ཁྲིམས་འཛིན་རོགས་འདེགས་སྐོར་གྱི་ཆིངས་ཡིག》ལ་ཆོག་མཆན་འགོད་པའི་སྐོར་གྱི་ཐག་གཅོད།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་མའོ་ལའོ་ཀུ་རྒྱལ་པོའི་རྒྱལ་ཁབ་གཉིས་ཀྱི་ཉེས་དོན་ཁྲིམས་འཛིན་རོགས་འདེགས་སྐོར་གྱི་ཆིངས་ཡིག》ལ་ཆོག་མཆན་འགོད་པའི་སྐོར་གྱི་ཐག་གཅོད།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཨའོ་ཀྭ་ཏའོ་ཨར་སྤྱི་མཐུན་རྒྱལ་ཁབ་གཉིས་ཀྱི་ཉེས་དོན་ཁྲིམས་འཛིན་རོགས་འདེགས་སྐོར་གྱི་ཆིངས་ཡིག》ལ་ཆོག་མཆན་འགོད་པའི་སྐོར་གྱི་ཐག་གཅོད།《རྒྱལ་སྤྱིའི་དམངས་སྤྱོད་མཁའ་འགྲུལ་དང་འབྲེལ་བའི་ཁྲིམས་འགལ་བྱ་སྤྱོད་བཀག་འགོག་བྱེད་པའི་ཆིངས་ཡིག》ལ་ཆོག་མཆན་འགོད་པའི་སྐོར་གྱི་ཐག་གཅོད་བཅས་ལ་གྲོས་འཆམ་བྱུང་།

     གྲོས་ཚོགས་ཀྱིས་རྒྱལ་ཡོངས་དམངས་ཆེན་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་དང་ཞིབ་བཤེར་དང་ཁྲིམས་འཛིན་ཨུ་ཡོན་ལྷན་ཁང་། ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་། སློབ་གསོ་ཚན་རིག་རིག་གནས་འཕྲོད་བསྟེན་ཨུ་ཡོན་ལྷན་ཁང་། ཕྱི་དོན་ཨུ་ཡོན་ལྷན་ཁང་། ཁོར་ཡུག་དང་ཐོན་ཁུངས་སྲུང་སྐྱོང་ཨུ་ཡོན་ལྷན་ཁང་། སྤྱི་ཚོགས་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་བཅས་ཀྱིས་སོ་སོར་བཏོན་པའི་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་ཆེན་གྲོས་ཚོགས་ཐེངས་ལྔ་བའི་ཀྲུའུ་ཞི་ཚོགས་པས་གྲོས་ཞིབ་ལ་སྤྲད་པའི་འཐུས་མིའི་གྲོས་གཞིར་གྲོས་ཞིབ་བྱས་པའི་མཇུག་འབྲས་སྐོར་གྱི་སྙན་ཞུ་ལ་གྲོས་འཆམ་བྱུང་།

     གྲོས་ཚོགས་ཀྱིས་རྒྱལ་ཡོངས་དམངས་ཆེན་རྒྱུན་ཨུ་ལྷན་ཚོགས་ཀྱི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་འཐུས་མི་ཁ་ཤས་ཀྱི་འཐུས་མིའི་ཐོབ་ཐང་སྐོར་གྱི་སྙན་ཞུ་ལ་གྲོས་འཆམ་བྱུང་།

     གྲོས་ཚོགས་ཀྱིས་བརྡས་ཐག་བཅད་པ་བརྒྱུད། ཧྲི་ཐའེ་ཧྥིན་གྱི་རྒྱལ་ཡོངས་དམངས་ཆེན་སློབ་གསོ་ཚན་རིག་རིག་གནས་འཕྲོད་བསྟེན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པའི་གོ་གནས་ཕྱིར་འཐེན་བྱས།

    གྲོས་ཚོགས་ཀྱིས་སོ་སོར་བརྡས་ཐག་བཅད་པ་བརྒྱུད། དབྱང་ཞའོ་ཁྲའོ་དང་ཞུའུ་ལིན་དབྱི་ཡི་རྒྱལ་ཁབ་ལྟ་སྐུལ་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པའི་གོ་གནས་ཕྱིར་འཐེན་བྱས་པ་དང་། སུན་ཞིན་དབྱང་དང་ལིའུ་ཞུའེ་ཞིན། ཀྲང་ཧྥུའུ་ཧའེ་བཅས་རྒྱལ་ཁབ་ལྟ་སྐུལ་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པར་བསྐོས། ལུའི་ཞི་དང་པའེ་ཧྲའོ་ཁང་། ཁྲེན་ཁྲའོ་དབྱིན། ཅང་ཞིན་ཀྲི། ལིན་ཅི། ཚུའེ་ཕིན་བཅས་ཀྱི་རྒྱལ་ཁབ་ལྟ་སྐུལ་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱི་གོ་གནས་ཕྱིར་འཐེན་བྱས་པ་དང་། ཝང་ཞའོ་ཕིན་དང་ཝང་ཨའེ་ཝིན། ཞུའུ་ལའོ་ཏི། ལི་ཞིན་རེན། ཀྲའོ་ཧྲི་ཡུང་། ཡན་པའེ། མུའུ་ཧུང་ཡུས་བཅས་རྒྱལ་ཁབ་ལྟ་སྐུལ་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ལ་བདམས།

གྲོས་ཚོགས་ཀྱིས་རྒྱལ་ཡོངས་དམངས་ཆེན་རྒྱུན་ཨུ་ལྷན་ཚོགས་ཀྱིས་ཁྲེན་ལི་ཧྥིན་གྱིས་རྒྱལ་ཡོངས་དམངས་ཆེན་རྒྱུན་ཨུ་ལྷན་ཁང་གི་ཨུ་ཡོན་གྱི་གོ་གནས་དགོངས་ཞུ་བྱེད་པའི་རེ་ཞུ་སྐོར་གྱི་ཐག་གཅོད་ལ་གྲོས་འཆམ་བྱུང་།

    གྲོས་ཚོགས་ཀྱིས་ད་རུང་གཞན་པའི་བསྐོ་འཐེན་གྲོས་གཞི་ལ་གྲོས་འཆམ་བྱུང་།

    རྒྱལ་ཡོངས་དམངས་ཆེན་རྒྱུན་ཨུ་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཝང་ཁྲིན་དང་ཚའོ་ཅན་མིན། ཀྲང་ཁྲུན་ཞན། ཧྲིན་གཡོ་གཡོ། ཅི་པིན་ཞོན། ཨའེ་ལི་ཀུན་དབྱི་མིན་པ་ཧའེ། ཝན་ཨོའུ་ཞང་། ཁྲེན་ཀྲུའུ། ཝང་ཏུང་མིན། པད་མ་འཕྲིན་ལས། ཏིན་ཀྲུང་ལི། ཧའོ་ཅན་མིན། ཚའེ་ཏ་ཧྥིན། ཝུའུ་ཝའེ་ཧྭ་བཅས་དང་། དྲུང་ཡིག་ཆེན་མོ་དབྱང་ཀྲིན་ཝུའུ་བཅས་གྲོས་ཚོགས་ལ་ཞུགས།

    རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་སུན་ཁྲིན་ལན་དང་། ཆེས་མཐོ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་ཀྲོའུ་ཆང་། ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་ཀྲང་ཅུན། རྒྱལ་ཁབ་ལྟ་སྐུལ་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་འགན་ཁུར་བློ་མཐུན་བཅས་དང་། རྒྱལ་ཡོངས་དམངས་ཆེན་ཀྱི་ཆེད་དམིགས་ཨུ་ཡོན་ལྷན་ཁང་སོ་སོའི་ཁོངས་མི། ཞིང་ཆེན(ལྗོངས་དང་གྲོང་ཁྱེར)ཁ་ཤས་ཀྱི་དམངས་ཆེན་རྒྱུན་ཨུ་ལྷན་ཚོགས་ཀྱི་འགན་ཁུར་བློ་མཐུན། རྒྱལ་ཡོངས་དམངས་ཆེན་འཐུས་མི་ཁ་ཤས། འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་སོགས་གྲོས་ཚོགས་ལ་ཟུར་ཞུགས་གནང་།  །


  • ལེ་ཚན་སྔོན་མ།:ཚོགས་ཆེན་ཉི་ཤུ་པའི་མིང་ཚིག་ཤན་སྦྱར།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།