མི་དམངས་ཉིན་རེའི་ཚགས་པར། 2022-11-08
ཟླ་11ཚེས་4ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བརྙན་ལམ་ནས་ཧྲང་ཧའེ་རུ་ཚོགས་པའི་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་ལྔ་པའི་འགོ་ཚུགས་མཛད་སྒོར་ཞུགས་པ་དང་འབྲེལ། 《སྒོ་དབྱེ་དར་རྒྱས་ཀྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་དུ་གཏོད》ཅེས་འགོ་བརྗོད་དུ་འཁོད་པའི་ཤིས་ཚིག་ཀྱང་གསུངས་པ།
■ སྒོ་དབྱེ་ནི་མིའི་རིགས་ཀྱི་ཤེས་དཔལ་ཡར་ཐོན་གྱི་སྒུལ་ཤུགས་གལ་ཆེན་ཞིག་དང་། འཛམ་གླིང་དར་རྒྱས་གོང་འཕེལ་གྱི་ལྡོག་མེད་ལམ་བུ་ཞིག་རེད། མིག་སྔར་འཛམ་གླིང་ལ་ལོ་བརྒྱའི་ནང་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་འགྲོ་མགྱོགས་སུ་ཕྱིན་པ་དང་འཛམ་གླིང་ལ་དཔལ་འབྱོར་སླར་གསོའི་སྒུལ་ཤུགས་འདང་གི་མེད། དེས་ན་ང་ཚོས་སྒོ་དབྱེར་བརྟེན་ནས་འཕེལ་རྒྱས་ཀྱི་དཀའ་གནད་སེལ་བཅོས་དང་། སྒོ་དབྱེར་བརྟེན་ནས་མཉམ་ལས་ཀྱི་སྟོབས་ཤུགས་གཅིག་སྡུད། སྒོ་དབྱེར་བརྟེན་ནས་གསར་གཏོད་ཀྱི་བློ་སྟོབས་གཅིག་སྒྲིལ། སྒོ་དབྱེར་བརྟེན་ནས་ཐུན་མོང་གི་བདེ་སྐྱིད་དོན་གཉེར་བཅས་བྱས་ཏེ། དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་གྱི་ཕྱོགས་སུ་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་དང་རྒྱལ་ཁབ་ཁག་གི་འཕེལ་རྒྱས་ཀྱི་འགུལ་ནུས་ཆེ་རུ་བཏང་ནས། འཕེལ་རྒྱས་ཀྱི་གྲུབ་འབྲས་དག་རྒྱལ་ཁབ་ཁག་གི་མི་དམངས་ལ་དེ་བས་མང་བ་དང་དེ་བས་དྲང་གཞག་གི་སྒོ་ནས་ཐོབ་པར་བྱེད་དགོས།
■ ཀྲུང་གོས་རྒྱལ་ཁབ་ཁག་དང་ཕྱོགས་ཁག་གིས་ཀྲུང་གོའི་ཁྲོམ་ར་ཆེན་པོའི་གོ་སྐབས་མཉམ་སྤྱོད་བྱེད་པར་སྐུལ་འདེད་གཏོང་རྒྱུ། ཀྲུང་གོས་རྒྱལ་ཁབ་ཁག་དང་ཕྱོགས་ཁག་གིས་ལམ་ལུགས་རྣམ་པའི་སྒོ་དབྱེའི་གོ་སྐབས་མཉམ་སྤྱོད་བྱེད་པར་སྐུལ་འདེད་གཏོང་རྒྱུ། ཀྲུང་གོས་རྒྱལ་ཁབ་ཁག་དང་ཕྱོགས་ཁག་གིས་རྒྱལ་སྤྱིའི་མཉམ་ལས་ཟབ་སྤེལ་གྱི་གོ་སྐབས་མཉམ་སྤྱོད་བྱེད་པར་སྐུལ་འདེད་གཏོང་རྒྱུ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་4ཉིན་གྱི་དགོང་མོ་གློག་འཕྲིན་འབྱོར་གསལ། ཟླ་11ཚེས་4ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བརྙན་ལམ་ནས་ཧྲང་ཧའེ་རུ་ཚོགས་པའི་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་ལྔ་པའི་འགོ་ཚུགས་མཛད་སྒོར་ཞུགས་པ་དང་འབྲེལ། 《སྒོ་དབྱེ་དར་རྒྱས་ཀྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་དུ་གཏོད》ཅེས་འགོ་བརྗོད་དུ་འཁོད་པའི་ཤིས་ཚིག་ཀྱང་གསུངས་པ་རེད།
ཞི་ཅིན་ཕིང་གིས། ལོ་ལྔའི་གོང་ངས་ནང་འདྲེན་དངོས་མང་སྟོན་ཚོགས་འཚོག་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱེད་དོན་ནི། སྒོ་མོ་འབྱེད་རྒྱ་ཆེ་རུ་བཏང་ནས་ཀྲུང་གོའི་ཁྲོམ་ར་ཆེན་པོ་དེ་འཛམ་གླིང་གི་གོ་སྐབས་ཆེན་པོར་འགྱུར་བའི་ཆེད་དུ་ཡིན། ད་ལྟ་ནང་འདྲེན་དངོས་མང་སྟོན་ཚོགས་དེ་ཉིད་ཀྲུང་གོས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པའི་སྐར་ཁུང་དང་། ཆུ་ཚད་མཐོ་བའི་སྒོ་དབྱེར་སྐུལ་འདེད་གཏོང་བའི་ལས་སྟེགས། གོ་ལ་ཧྲིལ་པོས་མཉམ་སྤྱོད་བྱེད་པའི་རྒྱལ་སྤྱིའི་སྤྱི་པའི་ཐོན་རྫས་བཅས་སུ་གྱུར་ཡོད་ཅེས་བསྟན་གནང་བ་རེད།
ཞི་ཅིན་ཕིང་གིས། སྒོ་དབྱེ་ནི་མིའི་རིགས་ཀྱི་ཤེས་དཔལ་ཡར་ཐོན་གྱི་སྒུལ་ཤུགས་གལ་ཆེན་ཞིག་དང་། འཛམ་གླིང་དར་རྒྱས་གོང་འཕེལ་གྱི་ལྡོག་མེད་ལམ་བུ་ཞིག་རེད། མིག་སྔར་འཛམ་གླིང་ལ་ལོ་བརྒྱའི་ནང་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་འགྲོ་མགྱོགས་སུ་ཕྱིན་པ་དང་འཛམ་གླིང་ལ་དཔལ་འབྱོར་སླར་གསོའི་སྒུལ་ཤུགས་འདང་གི་མེད། དེས་ན་ང་ཚོས་སྒོ་དབྱེར་བརྟེན་ནས་འཕེལ་རྒྱས་ཀྱི་དཀའ་གནད་སེལ་བཅོས་དང་། སྒོ་དབྱེར་བརྟེན་ནས་མཉམ་ལས་ཀྱི་སྟོབས་ཤུགས་གཅིག་སྡུད། སྒོ་དབྱེར་བརྟེན་ནས་གསར་གཏོད་ཀྱི་བློ་སྟོབས་གཅིག་སྒྲིལ། སྒོ་དབྱེར་བརྟེན་ནས་ཐུན་མོང་གི་བདེ་སྐྱིད་དོན་གཉེར་བཅས་བྱས་ཏེ། དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་གྱི་ཕྱོགས་སུ་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་དང་རྒྱལ་ཁབ་ཁག་གི་འཕེལ་རྒྱས་ཀྱི་འགུལ་ནུས་ཆེ་རུ་བཏང་ནས། འཕེལ་རྒྱས་ཀྱི་གྲུབ་འབྲས་དག་རྒྱལ་ཁབ་ཁག་གི་མི་དམངས་ལ་དེ་བས་མང་བ་དང་དེ་བས་དྲང་གཞག་གི་སྒོ་ནས་ཐོབ་པར་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
ཞི་ཅིན་ཕིང་གིས། ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པའི་ཐོག ཀྲུང་གོས་ཕྱི་ཕྱོགས་སྒོ་དབྱེའི་གཞི་རྩའི་རྒྱལ་ཇུས་མཐའ་འཁྱོངས་དང་། གཉིས་ཁེ་གཉིས་ཕན་གྱི་སྒོ་དབྱེའི་འཐབ་ཇུས་བློ་བརྟན་འགྱུར་མེད་ངང་ལག་བསྟར། དཔལ་འབྱོར་གོ་ལ་ཅན་གྱི་ཡང་དག་པའི་ཁ་ཕྱོགས་མཐའ་འཁྱོངས་བཅས་བྱས་ཏེ། རྒྱལ་ནང་དང་རྒྱལ་སྤྱིའི་ཁྲོམ་ར་གཉིས་དང་ཐོན་ཁུངས་གཉིས་ཀྱི་མཉམ་སྒུལ་ཕན་འབྲས་ཆེ་རུ་གཏོང་རྒྱུ་དང་ཆབས་ཅིག ཀྲུང་གོའི་འཕེལ་རྒྱས་གསར་པར་བརྟེན་ནས་འཛམ་གླིང་ལ་གོ་སྐབས་གསར་པ་ཟམ་མི་ཆད་པར་མཁོ་འདོན་བྱས་ཏེ། སྒོ་དབྱེ་རྣམ་པའི་འཛམ་གླིང་གི་དཔལ་འབྱོར་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་ནན་བཤད་བྱས་ཡོད་ཅེས་བསྟན་གནང་བ་རེད།
—— ཀྲུང་གོས་རྒྱལ་ཁབ་ཁག་དང་ཕྱོགས་ཁག་གིས་ཀྲུང་གོའི་ཁྲོམ་ར་ཆེན་པོའི་གོ་སྐབས་མཉམ་སྤྱོད་བྱེད་པར་སྐུལ་འདེད་གཏོང་རྒྱུ་ཡིན། རྒྱལ་ནང་གི་ཁྲོམ་ར་སྟོབས་ཆེན་འཛུགས་སྐྲུན་མགྱོགས་པོ་བྱེད་རྒྱུ་དང་། དངོས་ཟོག་ཉོ་ཚོང་བྱེད་སྟངས་བཟང་སྒྲིག་རིམ་སྤོར་ལ་སྐུལ་འདེད་གཏོང་རྒྱུ། ཞབས་ཞུའི་ཚོང་དོན་འཕེལ་རྒྱས་ཀྱི་ལམ་སྲོལ་གསར་གཏོད་བྱེད་རྒྱུ། སྤུས་ལེགས་ཐོན་རྫས་ནང་འདྲེན་བྱེད་རྒྱ་ཆེ་རུ་གཏོང་རྒྱུ། “དར་གོས་ལམ་བུའི་དྲ་ཐོག་ཚོང་དོན”མཉམ་ལས་སྔོན་སྤེལ་ཁུལ་གསར་གཏོད་བྱེད་རྒྱུ། རྒྱལ་ཁབ་ཀྱི་ཞབས་ཞུའི་ཚོང་དོན་གསར་གཏོད་འཕེལ་རྒྱས་དཔེ་སྟོན་ཁུལ་འཛུགས་རྒྱུ། ཚོང་དོན་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ། སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པར་སྐུལ་སྤེལ་གཏོང་རྒྱུ་བཅས་དང་།
—— ཀྲུང་གོས་རྒྱལ་ཁབ་ཁག་དང་ཕྱོགས་ཁག་གིས་ལམ་ལུགས་རྣམ་པའི་སྒོ་དབྱེའི་གོ་སྐབས་མཉམ་སྤྱོད་བྱེད་པར་སྐུལ་འདེད་གཏོང་རྒྱུ་ཡིན་ཞིང་། སྒྲིག་ལམ་དང་། སྒྲིག་སྲོལ། དོ་དམ། ཚད་གཞི་སོགས་ཀྱི་ལམ་ལུགས་རྣམ་པའི་སྒོ་མོ་དབྱེ་རྒྱ་བརྟན་པོའི་ངང་ཆེ་རུ་གཏོང་བ་དང《ཕྱི་རྒྱལ་གྱི་ཚོང་པར་མ་འཇོག་སྐུལ་གཏོང་གི་ཐོན་ལས་དཀར་ཆག》པར་གཞི་གསར་པ་ལག་བསྟར་ཡག་པོ་བྱས་ཏེ། རྒྱལ་ཁབ་ཀྱི་ཞབས་ཞུའི་ལས་རིགས་རྒྱ་སྐྱེད་སྒོ་དབྱེའི་ཕྱོགས་བསྡུས་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་ཚུལ་གཏིང་ཟབ་ཏུ་གཏོང་རྒྱུ་དང་། རང་མོས་ཚོང་དོན་ཚོད་ལྟ་ཁུལ་རིམ་སྤོར་གྱི་འཐབ་ཇུས་ལག་བསྟར་དང་ཧའེ་ནན་རང་མོས་ཚོང་དོན་གྱི་གྲུ་ཁ་འཛུགས་སྐྲུན་མགྱོགས་པོ་བྱས་ཏེ། སྒྱུར་བཅོས་སྒོ་དབྱེའི་ཕྱོགས་བསྡུས་ཚོད་ལྟའི་ལས་སྟེགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་རྒྱུ།
—— ཀྲུང་གོས་རྒྱལ་ཁབ་ཁག་དང་ཕྱོགས་ཁག་གིས་རྒྱལ་སྤྱིའི་མཉམ་ལས་ཟབ་སྤེལ་གྱི་གོ་སྐབས་མཉམ་སྤྱོད་བྱེད་པར་སྐུལ་འདེད་གཏོང་རྒྱུ་ཡིན་ཞིང་། འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་སྒྱུར་བཅོས་གྲོས་མོལ་ནང་ཕྱོགས་ཡོངས་ནས་ཞུགས་རྒྱུ་དང་། ཚོང་དོན་དང་མ་འཇོག་རང་མོས་ཅན་དང་སྟབས་བདེ་ཅན་ལ་སྐུལ་འདེད་གཏོང་རྒྱུ། རྒྱལ་སྤྱིའི་གཞི་ཆེའི་དཔལ་འབྱོར་སྲིད་ཇུས་མཐུན་སྦྱོར་ལ་སྐུལ་འདེད་གཏོང་རྒྱུ། གོ་ལ་ཧྲིལ་པོ་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་ཐུན་མོང་ཐོག་སྐྱེད་སྲིང་བྱེད་རྒྱུ། 《ཕྱོགས་ཡོངས་དང་ཡར་རྒྱས་ཀྱི་ཞི་བདེ་རྒྱ་མཚོ་སྒྲོལ་བའི་རོགས་ཟླའི་འབྲེལ་བའི་གྲོས་མཐུན》དང《གྲངས་འཛིན་དཔལ་འབྱོར་གྱི་རོགས་ཟླའི་འབྲེལ་བའི་གྲོས་མཐུན》ནང་ཞུགས་པར་སྐུལ་འདེད་ཧུར་ཐག་གཏོང་རྒྱུ། གོ་ལ་ཧྲིལ་པོར་ཕྱོགས་པའི་ཚད་གཞི་མཐོ་བའི་རང་མོས་ཚོང་དོན་ཁུལ་གྱི་དྲ་རྒྱ་ཆེ་རུ་གཏོང་རྒྱུ། རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་འཕེལ་རྒྱས་མགྱོགས་པོ་གཏོང་བར་བློ་རྩ་བརྟན་པོས་རྒྱབ་སྐྱོར་དང་རོགས་རམ་བྱེད་རྒྱུ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པར་སྐུལ་འདེད་གཏོང་རྒྱུ་བཅས་རེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10