ཀ་ཕྲེང་ཀ་ར་སིལ་ཏོག།

ཙ་ཡུས་བཟོད་པ།        2022-11-07

ཀ་ར་སིལ་ཏོག་བཟའ་བཏུང་སྣ་ཚོགས་ཀྱི་ཁུད་ན།།

ཁ་མདོག་སྣ་ལྔས་སྤུད་པའི་ན་མཉམ་གྱི་ཟླ་བོ།།

ག་གཞའི་གནས་སྟངས་བསྒྱུར་ཏེ་གཉུག་གཤིས་ཀྱི་སོན་རྩ།།

ང་ཅག་སྙམ་པའི་སྤོབས་སྟོབས་འཕྱུར་རྒྱུ་ཞིག་བྱུང་ན།།

ཅ་ག་དག་པོ་ལས་ལ་ཞེན་སྣང་རེ་འཁོར་ཏེ།།

ཆ་ངག་ལམ་ནས་བསམ་ཚུལ་གཤའ་མ་གློད་ཀྱིན།།

ཇ་ཡུན་ཙམ་གྱིས་འཁྱོལ་ཐབས་སྡུག་པོ་དེ་མིན་པར།།

ཉ་མོ་རྐྱལ་རྩལ་བཞིན་དུ་ངོམ་རྒྱུ་ཞིག་བྱུང་ན།།

ཏ་ལེ་གྱུར་པའི་དུས་ཀྱི་མཚར་སྡུག་གི་ལང་ཚོ།།

ད་ཀོ་དོན་ལྡན་ཨེ་ཡོང་ཞེན་སེམས་རེ་ཕུལ་ཏེ།།

ཐ་ཆད་བྱ་བའི་སྲོལ་ངན་རྩ་བ་ནས་བསྐྱུར་ཏེ།།

ན་མཉམ་ཀུན་ལ་གཞེན་སྐུལ་ཐུབ་པ་ཞིག་བྱུང་ན།།

པ་སངས་ལྟ་བུའི་ཞེ་འདང་དག་མ་རེ་བཅིངས་ཏེ།།

ཕ་ནོར་གཅེས་སྤྲས་དོན་ལ་མོས་མཐུན་རེ་བྱས་ཏེ།།

བ་གམ་གང་བཟང་ཟེར་བའི་སྟོང་བསམ་དེ་སྒྱུར་བཞིན།།

མ་ཀིའི་སྡེ་ན་འཕྱན་པའི་ངང་ཚུལ་དེ་མཐོང་ན།།

ཙ་རའི་དོན་དུ་འབད་འབད་དུང་དུང་རེ་གནང་སྟེ།།

ཚ་ནན་ངང་དུ་གདེང་ཐུབ་མངོན་པ་རེ་བྱེད་ཀྱིན།།

ཛ་དྲག་ཆེ་བ་མངོན་གསལ་དོད་པོ་རེ་འདུག་སྐད།།

ཝ་འཁྱུག་ལྟ་བུའི་སྤྱོད་པ་དོར་རྒྱུ་ཞིག་བྱུང་ན།།

ཞ་ནུད་རྟུལ་ཞུགས་འཆང་བའི་གཞི་མེད་ཀྱི་སྤྱོད་པ།།

ཟ་བེད་ཆེ་ཆེར་བདོ་བའི་དེང་དུས་ཀྱི་འགྲོ་སྟངས།།

འ་ཆད་འུ་ཐུག་ཀློང་གི་འགྲོ་ཉམས་དེ་མཐོང་སྐད།།

ཡ་མཚན་བཞུད་སྟངས་འདི་ནི་མཚར་རྒྱུ་ཞིག་བྱུང་ན།།

ར་གཏུགས་ངང་ནས་ཞེན་དཀར་མདངས་བཟང་གི་གཉུག་གཤིས།།

ལ་ཉེ་དགོང་དུ་འཕྱུར་བའི་ལས་སྐལ་དེ་སོན་ན།།

ཤ་ཐང་ཡོད་དགུ་འདོན་པའི་དུས་སྐལ་ཞིག་མངོན་ན།།

ས་དམིགས་སྟེང་ནས་རྨི་ལམ་རྨི་རྒྱུ་ཞིག་བྱུང་ན།།

ཧ་རི་ལྟ་བུའི་རྩལ་དགུ་གང་མཆིས་དེ་བདོག་སྐད།།

ཨ་ཏི་ངོམ་པའི་དུས་ཤིག་ད་ལྟ་རུང་ལྷགས་ན།།

ཧ་ཅང་ཁྱད་མཚར་ལྡན་པའི་གཤིས་རྒྱུད་ཅིག་ངོམ་གྱིན།།

ཨ་བརྟན་རང་གཤིས་རྣལ་མ་བཤམས་སྟོན་ཞིག་བྱུང་ན།།



  • ལེ་ཚན་སྔོན་མ།:དབྱངས་ལ་རྒྱུས་པའི་བརྩེ་བ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།