དྲན་ཤིང་།

བྲན།        2022-11-04

ལྷོ་ཕྱོགས་ནམ་མཁའི་སྤྲིན་པ། །

ཁྱོད་ལ་འཕྲིན་ཞིག་བསྐུར་ན། །

ཆུང་འདྲིས་བྱམས་པ་ལྷ་མོའི། །

ཞལ་མཇལ་ཡོང་བ་ཨེ་རེད། །

ཚེས་ཆེན་བཅོ་ལྔའི་ལྷ་ཟླས། །

ང་ལ་དྲན་ཤིང་བཞག་ཡོད། །

དྲན་པའི་ནང་གི་རི་བོང་། །

ཟླ་བའི་དཀྱིལ་ལ་བྲིས་ཡོད། །

དཔྱིད་ཀྱི་ཁུ་ལོ་གྲག་དུས། །

རྒྱང་གི་འཇོལ་མོ་དྲན་ནས། །

རེ་སྒུག་ཡུན་ལ་བསྲིངས་ཏེ། །

འཛོམས་པ་ལས་ལ་བཅོལ་ཡོད། །

གཞིས་ཀྱི་སྲོད་ཁའི་སྨྲེང་བ། །

མཚོ་ཁའི་རླུང་ལ་བསྐུར་ན། །

བྱེས་ཀྱི་བྱམས་པ་ལྷ་མོའི། །

གོམ་ཆུང་ཕྱིར་ལ་སྒྱུར་ཤོག །



  • ལེ་ཚན་སྔོན་མ།:འཛུམ་མདངས་ངོམ་པའི་གླུ་ལེན་མ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།