《བདེན་འཚོལ》དུས་དེབ་ཏུ་ཚོགས་ཆེན་ཉི་ཤུ་པའི་སྙན་སེང་བཀོད།

བདེ་ཆེན་གྱིས་བསྒྱུར།        2022-11-03

    སྤྱི་ཟླ11པའི་ཚེས1ཉིན་པར་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་ཨང21པའི་ནང་ཆེད་དེབ་ཀྱི་རྣམ་པའི་ཐོག་ནས་བློ་མཐུན་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཉི་ཤུ་པའི་ཐོག་གནང་བའི་སྙན་སེང《ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་བསྒྲེངས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་ཆེད་ཁྱོན་ཡོངས་ནས་མཐུན་སྒྲིལ་འབད་འཐབ་བྱེད་དགོས》ཞེས་པ་བཀོད་ཡོད་ཅིང་། སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཉི་ཤུ་པར་ཕུལ་བའི་ལས་དོན་སྙན་སེང་དང་།《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག》།ཏང་གི་ཚོགས་ཆེན་ཉི་ཤུ་པའི་དྲུང་ཡིག་ཁྲུའུ་ཡི་འགན་ཁུར་བས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐོག་གྲོས་འཆམ་བྱུང་བའི《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག(དག་བཅོས་འཆར་ཟིན)》སྐོར་གྱི་གསར་འགོད་པའི་དྲིས་ལན།ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྙན་སེང་སྐོར་གྱི་གྲོས་ཆོད།ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སེང་སྐོར་གྱི་གྲོས་ཆོད།ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐོག《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག(དག་བཅོས་འཆར་ཟིན)》སྐོར་གྱི་གྲོས་ཆོད།ཀྲུང་གོ་གུང་ཁྲན་ཏང་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱི་མིང་ཐོ། ཀྲུང་གོ་གུང་ཁྲན་ཏང་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་རྗེས་སྣོན་ཨུ་ཡོན་གྱི་མིང་ཐོ། ཀྲུང་གོ་གུང་ཁྲན་ཏང་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱི་མིང་ཐོ། ཀྲུང་གོ་གུང་ཁྲན་ཏང་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་སྤྱི་བསྒྲགས། ཀྲུང་གོ་གུང་ཁྲན་ཏང་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་སྤྱི་བསྒྲགས་སོགས་བཀོད་ཡོད་པ་རེད།།

  • ལེ་ཚན་སྔོན་མ།:ལྕགས་ཟམ་ཁས་ཡུལ་སྐོར་བ་འདུ་འགྲེམས་ལྟེ་གནས་སྐྲུན་འགོ་ཚུགས།
  • ལེ་ཚན་རྗེས་མ།:ཆུ་གཤེར་རྩམ་པ་ཕྱུག་འགྱུར་ཐོན་ལས་སུ་གྱུར།
  • དོ་སྣང་ཆེ་བའི་རྩོམ།