རྨ་བྱ་སྒྲོ་ཡག།

བསྟན་འཛིན་སྙན་གྲགས།        2022-11-02

ཆུ་བོ་ཇི་ལྟར་དྭངས་ན་མི་བསམ་ཁུ།།

དྭངས་ཀྱང་མི་རྙོག་ཟེར་བ་དཔེ་མེད་ཀི།།

རེད་དེ་ཡིད་ཀྱིས་བསྲུང་བའི་མཁའ་འགྲོ་མ།།

དོད་པའི་ཨ་ཡིག་ཐོད་ནས་མ་བསུབ་ལགས།།

ཟླ་བ་ཇི་ལྟར་དམའ་ན་མི་འདོད་ཀི།།

དམའ་ཡང་ལག་མཐིལ་ལོན་པ་ཆེ་དཔེ་ལགས།།

དེ་བས་རྙི་ལ་ཐོགས་པའི་རི་དྭགས་མིག།

ང་ཡིས་དབྱངས་རྟ་ལེན་པར་སྐྱོར་མ་མཛོད།།

ཨ་འཇམ་གོས་ཀྱི་རི་མོས་མ་བརྒྱན་ཀྱང་།།

སྤང་དུ་ཨུཏྤལ་འཛུམ་པའི་ཆ་ལུགས་སུ།།

ཚེས་རུ་འགྲམ་ལ་ལེན་པའི་ངང་ཤ་ཅན།།

ལས་ཀྱི་གཡང་མདུད་དམ་པོ་ཁྱོད་ཀྱིས་བརྒྱབ།།

བགྲང་བྱ་ཡ་ནས་ཉེ་བའི་ཟུང་འཇུག་བར།།

ཐོབ་པའི་མེ་ཏོག་ཆུན་པོ་སེམས་ལ་བྲིས།།

དོད་པའི་རི་མོ་རེ་ལ་འཇའ་ཡིས་སྐོར།།

འཇའ་ཡི་ལམ་ཕྲན་རེ་ནས་ངལ་བ་གསོས།།

མི་གཡོ་སྒྱུ་མའི་ཆོས་ཤིག་མི་དཔེ་ཞིང་།།

རྟག་པར་མཛེས་པ་ཅན་ཞིག་མི་སྲིད་དོ།།

ཁྱོད་ནི་གཡོ་བའི་ནང་གི་མི་གཡོ་བ།།

སེམས་པ་མི་གཡོ་བ་ཡི་གཟུངས་ཐོབ་ཅན།།


  • ལེ་ཚན་སྔོན་མ།:ལྷ་རྗེ་མི་རྗེ།
  • ལེ་ཚན་རྗེས་མ།:འཛུམ་མདངས་ངོམ་པའི་གླུ་ལེན་མ།